Tibetan Royal Year of 2151 | Year of the Wood Dragon

དབུས་བོད་ཀྱི་བེུད་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་ ༡༢ བོད་མིའི་གཞིས་སྒར་ཧུན་སུར་རབ་རྒྱས་གླིང་དུ་འཚོགས་གཏན་འཁེལ་འདུག

Tibetan News Headlines

  • US religious freedom watchdog warns of sinicization and assimilation of Tibetan religious and cultural identities
  • US sanctions 31 China-based companies over Russia
  • Xi Jinping to meet French President Macron and EU Chief in Paris next week
  • CTA begins house allocation programmes for Tibetans not facilitated in the refugee settlements
  • Dharamshala hosts conference on promotion and preservation of Tibetan language

རེས་གཟའ་ཕུར་བུ། ༢༠༢༤།༠༥།༠༢

  • རྒྱ་གཞུང་གིས་བོད་བརྒྱུད་ནང་བསྟན་ལ་དམ་དྲག་བྱེད་ཤུགས་ཆེ་རུ་བཏང་ཡོད་པ་མངོན་གསལ་གནང་འདུག
  • ཨ་རིའི་གཞུང་གིས་རྒྱ་ནག་གི་བཟོ་ཚོང་ལས་ཁང་ ༣༡ ལ་སྲིད་དོན་ཉེས་ཆད་བཀལ་བ།
  • ཞི་ཅིང་ཕིང་གིས་ཕ་རན་སིའི་སྲིད་འཛིན་དང་ཡོ་རོབ་མཐུན་ཚོགས་ཀྱི་གཙོ་འཛིན་ཐུག་འཕྲད་བྱ་འཆར།
  • བོད་མི་སྡོད་ཁང་མེད་པ་རྣམས་ལ་རུབ་སྡོད་གཞིས་སྒར་ནང་སྡོད་ཁང་བགོས་འགྲེམས་ཀྱི་ལས་གཞི་དངོས་སུ་དབུ་འཛུགས།
  • བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དང་དར་འཕེལ་སྐོར་བགྲོ་གླེང་དབུ་འཛུགས།

ཟླ་ ༨ ཚེས་ ༨ ཉིན་རྒྱ་གར་ལྷོ་ཕྱོགས་ནང་རྟེན་གཞི་བྱས་པའི་བོད་མིའི་གཞིས་སྒར་ཧུན་སུར་རབ་རྒྱས་གླིང་དུ་ཚོགས་ཆེན་གྱི་དབུ་འབྱེད་མཛད་སྒོའི་སྐུ་མགྲོན་དུ་བོད་མིའི་སྒྲིག་འཛུགས་ནང་སྲིད་བཀའ་ཟུར་རྒྱ་རི་སྒྲོལ་མ་མཆོག་གིས་གཙོས་པའི་ས་གནས་ཀྱི་དགོན་སྡེ་གཉིས་ཀྱི་མཁན་རིན་པོ་ཆེ་གདན་ཞུའི་ཐོག་ཚོགས་ཆེན་དབུ་འཛུགས་གནང་རྒྱུ་ཡིན་འདུག
དེའང་དབུས་བོད་ཀྱི་བེུད་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཀྱི་ཚོགས་ཆེན་ཐེངས་ ༡༢ དེ་ཟླ་ འདིའི་ཚེས་ ༨ ནས་དབུ་འཛུགས་ཀྱིས་ ༡༣ བར་བཅས་གཟའ་འཁོར་གཅིག་རིང་འཚོགས་རྒྱུ་ཡིན་འདུག
ཐེངས་འདིའི་བེུད་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་ ༡༢ དེ་བོད་མིའི་གཞིས་སྒར་ཧུན་རབ་རྒྱས་གླིང་དུ་བསྐོང་ཚོགས་གནང་དོན་ནི་སྔ་ལོ་ ༢༠༡༥ ལོའི་ཟླ་ ༥ ནང་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་ཚོགས་ཆེན་ཐེངས་ ༡༡ དེ་བསྐོང་ཚོགས་གནtsedolma-178x3002ང་སྐབས་མང་མོས་ཀྱིས་ཐག་གཅོད་གནང་དོན་བཞིན། འདི་ལོའི་འགན་འཛིན་ལྷན་ཚོགས་ཐེངས་ ༡༢ དེ་ཧུན་སུར་རབ་རྒྱས་གླིང་བོད་མིའི་གཞིས་སྒར་དུ་འཚོགས་ གཏན་འཁེལ་བ་བྱུང་འདུག
ད་ལན་གྱི་ཚོགས་ཆེན་ཐོག་བོད་ཀྱི་བེུད་ལྷན ཚོགས་ཀྱི་དབུས་ས་གཉིས་ཀྱི་ས་གནས་ཁག་ ༥༧ ནས་ས་གནས་སོ་སོའི་ཚོགས་གཙོ་ཚོགས་བཞོན་དང་། རྩིས་པ་དྲུང་ཆེ་བཅས་རྒྱུན་ལས་མི་བཞི་རེ་ཆེད་ཕེབས་ཀྱིས་ཚོགས་བཅར་གནང་གི་ཡོད་པ་རེད།
ཚོགས་ཆེན་དེའི་གྲོས་གཞི་ཁག་ནི་དབུས་བོད་ཀྱི་བེུད་ལྷན་ཚོགས་སྤྱི་ཁྱབ་རྒྱུན་ལས་ཁང་གི་བཀའ་རྒྱ་གཞིར་བཟུང་དབུས་ས་གཉིས་ཀྱི་ལས་བསྡོམས་དང་རྩིས་ཁྲ་ཇི་ཡིན་ཞིབ་ཕྲའི་སྙན་ཐོ་ཁག་སྙན་སྒྲོན་གནང་རྒྱུ། ས་གནས་ཁག་ནས་ཚོགས་འདུའི་ཐོག་དགོངས་འཆར་འབུལ་རྒྱུ་དང་། དགོངས་འཆར་དེ་དག་ལ་ཚོགས་བཅར་བ་རྣམས་ནས་མང་མོས་ཐག་གཅོད་གནང་རྒྱུ་ཡིན་པ་རེད་འདུག
གཞི་རྩའི་དབུས་བོད་ཀྱི་བེུད་ལྷན་ཚོགས་ནས་ལོ་ལྟར་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་ཆེན་དེ་ལོ་ལྟར་ཟླ་བ་བཅོ་བརྒྱད་ཀྱི་མཚམས་སུ་ཐེངས་རེ་ཚོགས་ཀྱི་ཡོད་པ་དང་། གཞན་ཡང་ལོ་གསུམ་རེའི་མཚམས་སུ་བོད་ཀྱི་བེུད་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་རེ་ཚོགས་ཀྱི་ཡོད་པ་རེད།
རྩ་བའི་ཐེངས་འདིའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་ཡུལ་བོད་མིའི་གཞིས་སྒར་ཧུན་སུར་རབ་རྒྱས་གླིང་དེར་ཚོགས་འདུ་བསྐོང་ཚོགས་གནང་པ་ཆེས་ཐོག་མ་དེ་ཆགས་ཀྱི་འདུག་པ་དང་། དབུས་བོད་ཀྱི་བེུད་ལྷན་ཚོགས་ལ་རྒྱ་བལ་འབྲུག་གསུམ་སོགས་འཛམ་གླིང་ཡུལ་གྲུ་གང་སར་ས་གནས་ཡན་ལག་ཁག་ ༥༧ དང་། ཚོགས་མི་ ༡༧༠༠༠ ལྷག་ཡོད་པ་རེད་འདུག

འབྲེལ་ཡོད་གསར་གནས།

གསར་གནས།