Tibetan Royal Year of 2151 | Year of the Wood Dragon

དྭགས་པོ་གྲྭ་ཚང་དུ་ལམ་རིམ་ཆེན་མོའི་བགྲོ་གླེང་དབུ་འཛུགས།

Tibetan News Headlines

  • US religious freedom watchdog warns of sinicization and assimilation of Tibetan religious and cultural identities
  • US sanctions 31 China-based companies over Russia
  • Xi Jinping to meet French President Macron and EU Chief in Paris next week
  • CTA begins house allocation programmes for Tibetans not facilitated in the refugee settlements
  • Dharamshala hosts conference on promotion and preservation of Tibetan language

རེས་གཟའ་ཕུར་བུ། ༢༠༢༤།༠༥།༠༢

  • རྒྱ་གཞུང་གིས་བོད་བརྒྱུད་ནང་བསྟན་ལ་དམ་དྲག་བྱེད་ཤུགས་ཆེ་རུ་བཏང་ཡོད་པ་མངོན་གསལ་གནང་འདུག
  • ཨ་རིའི་གཞུང་གིས་རྒྱ་ནག་གི་བཟོ་ཚོང་ལས་ཁང་ ༣༡ ལ་སྲིད་དོན་ཉེས་ཆད་བཀལ་བ།
  • ཞི་ཅིང་ཕིང་གིས་ཕ་རན་སིའི་སྲིད་འཛིན་དང་ཡོ་རོབ་མཐུན་ཚོགས་ཀྱི་གཙོ་འཛིན་ཐུག་འཕྲད་བྱ་འཆར།
  • བོད་མི་སྡོད་ཁང་མེད་པ་རྣམས་ལ་རུབ་སྡོད་གཞིས་སྒར་ནང་སྡོད་ཁང་བགོས་འགྲེམས་ཀྱི་ལས་གཞི་དངོས་སུ་དབུ་འཛུགས།
  • བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དང་དར་འཕེལ་སྐོར་བགྲོ་གླེང་དབུ་འཛུགས།

དེ་རིང་སྔ་དྲོ་རྒྱ་གར་བྱང་ཕྱོགས་ཀུ་ལུ་ཁུལ་དུ་རྟེན་གཞི་བྱས་པའི་དགས་པོ་གྲྭ་ཚང་དུ་འཇམ་མགོན་བླ་མ་༸རྗེ་ཙོང་ཁ་པ་ཆེན་པོ་མཆོག་དགོངས་པ་ཆོས་དབྱིངས་སུ་ཐིམ་ཚུལ་བསྟན་ནས་མི་ལོ་ཧྲིལ་པོ་ ༦༠༠ འཁོར་བ་དང་བསྟུན་བྱེས་ཀྱི་གདན་ས་ཆེན་པོ་གསུམ་གྱིས་གཙོས་པའི་དགོན་པ་གྲྭ་ཚང་ཁག་གི་འཐུས་ཚབ་མི་སྣ་བཅས་ཁྱོན་ཚོགས་བཅར་བ་ ༡༥༠ ལྷག་ལྷན་འཛོམས་ཐོག་ཉིན་གཉིས་ཀྱི་རིང་ལམ་རིམ་ཆེན་མོའི་བགྲོ་གླེང་དབུ་འཛུགས་གནང་འདུག

དེ་རིང་བགྲོ་གླེང་དབུ་འཛུགས་མ་གནང་བའི་སྔོན་དུ་སྐུ་མགྲོན་གཙོ་བོ་དགའ་ལྡན་ཁྲི་ཐོག་ ༡༠༤ པ་༸རྗེ་བཙུན་བློ་བཟང་བསྟན་འཛིན་དཔལ་བཟང་པོ་མཆོག་དབུ་བཞུགས་ཐོག་དགེ་ལུགས་སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་ལགས་དང་ཆོས་རིག་དྲུང་ཆེ་བསྟན་འཛིན་ལུང་རྟོགས་ལགས་སོགས་གཙོས་དགོན་སྡེ་གྲྭ་ཚང་ཁག་གི་བགྲོ་གླེང་བ་ཡོངས་འདུ་འཛོམས་ཀྱིས་བགྲོ་གླེང་དངོས་གཞི་དབུ་འཛུགས་མ་གནང་གོང་དུ་ཚོུད་ ༧ ཐོག་དགའ་ལྡན་ཁྲི་ཐོག་ ༡༠༤ བ་མཆོག་ལ་མདོ་ལུགས་ཀྱི་བརྟན་བཞུགས་བསྟར་འབུལ་ཞུས་པ་དང་ཚོུད་ ༡༠ སྟེང་༸རྗེ་ཙོང་ཁ་པ་ཆེན་པོ་མཆོག་གིས་ལྗགས་རྩོམ་མཛད་པའི་ལམ་རིམ་ཆེན་མོའི་ཐོག་ལ་མཁས་པའི་བགྲོ་གླེང་དབུ་འཛུགས་ཀྱིས་དུས་དྲན་སྲུང་བརྩི་ཞུས་འདུག

དྭགས་པོ་གྲྭ་ཚང་གི་ཕྱག་མཛོད་དགེ་བཤེས་རྒྱལ་མཚན་སེང་གེ་ལགས་ཀྱིས་འདི་ལོ་འཛམ་གླིང་རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ནས་འཇམ་མགོན་བླ་མ་༸རྗེ་ཙོང་ཁ་པ་ཆེན་པོ་མཆོག་དགོངས་པ་ཆོས་དབྱིངས་སུ་ཐིམ་ཚུལ་བསྟན་ནས་མི་ལོ་ ༦༠༠ འཁོར་བ་བསྟུན་༸རྗེ་རིན་པོ་ཆེ་མཆོག་གི་བཀའ་དྲིན་རྗེས་སུ་དྲན་པའི་ཐོག་ཕྱི་ལོ་ ༢༠༡༩ སྟེ་བོད་རབ་གནས་ས་མོ་ཕག་གི་ལོ་ཧྲིལ་པོ་འདི་རྒྱལ་སྤྱིའི་༸རྗེ་ཙོང་ཁ་པའི་ལོ་ཞེས་སྲུང་བརྩི་ཞུ་བཞིན་ཡོད་པ་ལྟར། དྭགས་པོ་གྲྭ་ཚང་འདི་༸རྗེ་རིན་པོ་ཆེ་མཆོག་གི་དངོས་སློབ་ཆོས་རྗེ་བློ་གྲོས་བསྟན་པ་མཆོག་གིས་ཕྱག་བཏབ་པ་ཞིག་ཡིན་པ་ལྟར། དྭགས་པོ་ཁུལ་དུ་ལམ་རིམ་གྱི་བསྟན་པ་ཉི་མ་ཤར་བ་བཞིན་དུ་སྤེལ་བའི་རྟགས་དང་མཚན་མའི་རྟེན་འབྲེལ་མང་དུ་མ་ཡོད་པར་ངོ་སྤྲོད་གནང་སོང་།

རྩ་བའི་དྭགས་པོ་བཤད་སྒྲུབ་གླིང་དགོན་པ་ནི་དེ་སྔོན་རྒྱ་གར་མན་སྤར་ཕན་བདེ་གླིང་དུ་ཡོད་པ་དང། དེ་ནས་ཀུ་ལུ་ཁུལ་དུ་གནས་སྤོས་གནང་ནས་ཕྱི་ལོ་ ༢༠༠༥ ལོར་ཀུ་ལུ་ཁུལ་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུ་འབྱེད་རབ་གནས་བཀྲིན་བསྐྱངས་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།