Tibetan Royal Year of 2151 | Year of the Wood Dragon

ནང་བསྟན་ཆོས་བརྒྱུད་ཀྱི་བླ་ཆེན་ཁག་ཅིག་རྒྱལ་པོ་དགའ་བྱེད་རཱ་མ་ཎའི་ལྷ་ཁང་ཆེན་མོའི་དབུ་འབྱེད་མཛད་སྒོར་ལྷན་བཞུགས།

Tibetan News Headlines

  • US religious freedom watchdog warns of sinicization and assimilation of Tibetan religious and cultural identities
  • US sanctions 31 China-based companies over Russia
  • Xi Jinping to meet French President Macron and EU Chief in Paris next week
  • CTA begins house allocation programmes for Tibetans not facilitated in the refugee settlements
  • Dharamshala hosts conference on promotion and preservation of Tibetan language

རེས་གཟའ་ཕུར་བུ། ༢༠༢༤།༠༥།༠༢

  • རྒྱ་གཞུང་གིས་བོད་བརྒྱུད་ནང་བསྟན་ལ་དམ་དྲག་བྱེད་ཤུགས་ཆེ་རུ་བཏང་ཡོད་པ་མངོན་གསལ་གནང་འདུག
  • ཨ་རིའི་གཞུང་གིས་རྒྱ་ནག་གི་བཟོ་ཚོང་ལས་ཁང་ ༣༡ ལ་སྲིད་དོན་ཉེས་ཆད་བཀལ་བ།
  • ཞི་ཅིང་ཕིང་གིས་ཕ་རན་སིའི་སྲིད་འཛིན་དང་ཡོ་རོབ་མཐུན་ཚོགས་ཀྱི་གཙོ་འཛིན་ཐུག་འཕྲད་བྱ་འཆར།
  • བོད་མི་སྡོད་ཁང་མེད་པ་རྣམས་ལ་རུབ་སྡོད་གཞིས་སྒར་ནང་སྡོད་ཁང་བགོས་འགྲེམས་ཀྱི་ལས་གཞི་དངོས་སུ་དབུ་འཛུགས།
  • བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དང་དར་འཕེལ་སྐོར་བགྲོ་གླེང་དབུ་འཛུགས།

དེ་རིང་རྒྱ་གར་གྱི་སྲིད་བློན་སྐུ་ཞབས་ Narendra Modi མཆོག་གིས་རྒྱ་གར་བྱང་ཕྱོགས་ཁུལ་དུ་ཆགས་པའི་ Uttar Pradesh མངའ་སྡེའི་གྲོང་ཁྱེར་ Ayodhya ནང་དུ་ཧིན་རྡུའི་ཆོས་ལུགས་སུ་གསུངས་པའི་རྒྱལ་པོ་དགའ་བྱེད་རཱ་མ་ཎའི་ (Ram ) སྐུ་བརྙན་ཨིན་ཅི་ ༥༡ ཅན་ཞིག་ཞལ་འབྱེད་དང་སྦྲགས་རཱ་མའི་འཁྲུངས་གནས་ལྷ་ཁང་ཆེན་མོ་གསར་བཞེངས་ལ་རབ་གནས་དབུ་འབྱེད་གནང་འདུག

དབུ་འབྱེད་མཛད་སྒོའི་ཐོག་སྲིད་བློན་མོ་དཱི་མཆོག་གིས་དབུས་པའི་རྒྱ་གར་དབུས་གཞུང་གི་བློན་ཆེན་དང་གྲོས་ཚོགས་འཐུས་མི། དེ་བཞིན་ཧིན་རྡུའི་བླ་ཆེན་ཁག་ཅིག་དང་མཚན་སྙན་ཆེ་བའི་རྒྱ་གར་གྱི་ཚོང་པ་དང་།  རྩེད་རིགས་སྒྱུ་རྩལ་བ། གློག་བརྙན་འཁྲབ་སྟོན་པ་སོགས་མཉམ་ཞུགས་གནང་ཡོད་པ་མ་ཟད། བོད་བརྒྱུད་ནང་བསྟན་ཆོས་བརྒྱུད་ཁོངས་ནས་༸དཔལ་ས་སྐྱའི་༸སྐྱབས་མགོན་༸གོང་མ་ཁྲི་འཛིན་ཛྙཱན་བཛྲ་རིན་པོ་ཆེ་མཆོག་དང་། ༸སྐྱབས་རྗེ་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག ༸སྐྱབས་རྗེ་ཀུན་བདེ་གླིང་རིན་པོ་ཆེ་མཆོག་བཅས་ཀྱང་ལྷན་ཞུགས་མཛད་འདུག

༸སྐྱབས་རྗེ་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་གིས་ངོ་དེབ་ཐོག་དེ་རིང་ Ayodhya གྲོང་ཁྱེར་དུ་ Ram ལྷ་ཁང་གསར་པའི་མདུན་དུ་བླངས་པའི་སྐུ་པར་ཞིག་དང་ལྷན་དུ་རཱ་མའི་འཁྲུངས་གནས་ལྷ་ཁང་ཆེན་མོ་གསར་བཞེངས་ཀྱི་ལས་དོན་ཁྲོད་སྐུ་ལས་བསྐྱོན་མཁན་ཡོངས་ལ་དགའ་བསུའི་འཚམས་འདྲི་དང་སྦྲགས། ད་རེས་སྲིད་བློན་མོ་དཱི་མཆོག་གིས་དབུས་པའི་གནས་ཡོད་མི་སྣ་དང་། རྒྱལ་ཁབ་འདྲ་མིན་ནས་ཆེད་ཕེབས་གནང་བའི་ཆོས་ཕྱོགས་ཀྱི་དབུ་ཁྲིད་ཚོ་དང་ལྷན་དུ་ལོ་རྒྱུས་རང་བཞིན་ལྡན་པའི་མཛད་སྒོའི་ཐོག་མཉམ་ཞུགས་གནང་རྒྱུ་བྱུང་ཞེས་གསུངས་འདུག

ལྷག་པར་དུ་རིན་པོ་ཆེ་མཆོག་གིས་དེ་རིང་གི་དུས་ཚོད་འདི་ནི་མི་མང་པོས་ཡུན་རིང་ནས་བཅངས་པའི་རེ་བ་དང་མངོན་འདོད་རྣམས་ལེགས་གྲུབ་བྱུང་བའི་དུས་ཚིགས་ཤིག་ཀྱང་ཡིན་པ་རེད་ཅེས་གསུངས་པ་དང་ལྷན་དུ་ད་རེས་ Ayodhya Ram ལྷ་ཁང་གསར་བཞེངས་རབ་གནས་དབུ་འབྱེད་གནང་བ་འདིས་འཛམ་གླིང་ཁྱོན་ཡོངས་ལ་ཞི་བདེ་དང་མཛའ་མཐུན་སྔར་ལྷར་ཁྱབ་སྟེ་འགྲོ་བ་སྤྱི་ལ་ཕན་ཐོགས་ངེས་ཅན་ཞིག་འགྲུབ་ཐུབ་ངེས་ཡིན་པ་གསུངས་འདུག

གཞི་རྩའི་ད་རེས་ Ayodhya འམ་བོད་སྐད་དུ་འཐབ་མེད་ཅེས་བརྗོད་པའི་གྲོང་ཁྱེར་དེ་ནི་ལོ་ངོ་སྟོང་ཕྲག་མང་པོའི་ལོ་རྒྱུས་ལྡན་པའི་གནས་ཞིག་ཡིན་པ་དང་། ཧིན་རྡུའི་ཆོས་དད་པ་ཚོས་གནས་དེ་ནི་ཧིན་རྡུའི་ཆོས་ལུགས་སུ་གསུངས་པའི་རྒྱལ་པོ་དགའ་བྱེད་རཱ་མ་ཎའི་འཁྲུངས་ས་ཡིན་པར་གསུངས་ཤིང་། དེ་སྔ་ས་ཚིགས་དེར་ཡོད་པའི་ཁ་ཆེའི་ལྷ་ཁང་བཤིག་སྟེ་ཕྱི་ལོ་ ༢༠༢༠ ཐམ་པའི་ལོ་དཀྱིལ་ཙམ་དུ་ Ram ལྷ་ཁང་གསར་བཞེངས་ཀྱི་ལས་དོན་དངོས་སུ་འགོ་འཛུགས་གནང་སྟེ་དེ་རིང་སྲིད་བློན་མོ་དཱི་མཆོག་གིས་དབུ་འབྱེད་གནང་ཡོད། 

ལྷ་ཁང་གསར་བཞེངས་ཀྱི་བརྒྱུད་རིམ་ཁྲོད་དེ་སྔ་ཁུལ་དེར་ཁ་ཆེ་དང་ཧིན་རྡུའི་ཆོས་དད་པའི་དབར་གདོང་ཐུག་ཤུགས་ཆེ་བྱུང་སྟེ་མི་སེར་མང་པོའི་ཚེ་སྲོག་ཤོར་བའི་གནས་སྟངས་ཆགས་ཡོད་པ་ལྟར། ཕྱི་ལོ་ ༢༠༡༩ ལོར་རྒྱ་གར་གྱི་ཆེས་མཐོའི་ཁྲིམས་ཁང་ནས་ས་ཚིགས་དེའི་ཐོག་ཧིན་རྡུའི་ལྷ་ཁང་རྒྱག་ཆོག་པའི་ཆོག་མཆན་ཕུལ་བ་དང་འབྲེལ། ཁ་ཆེའི་ཆོས་དད་པ་རྣམས་ལ་ལོགས་སུ་ས་ཆ་མཁོ་སྤྲོད་གནང་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།