Tibetan Royal Year of 2151 | Year of the Wood Dragon

ཕ་རན་སིའི་གྲོས་ཚོགས་འཐུས་མིའི་སྐུ་ཚབ་ཚོགས་ཆུང་གིས་༸གོང་ས་མཆོག་གི་མཇལ་ཁ་ཞུས་པ།

Tibetan News Headlines

  • US religious freedom watchdog warns of sinicization and assimilation of Tibetan religious and cultural identities
  • US sanctions 31 China-based companies over Russia
  • Xi Jinping to meet French President Macron and EU Chief in Paris next week
  • CTA begins house allocation programmes for Tibetans not facilitated in the refugee settlements
  • Dharamshala hosts conference on promotion and preservation of Tibetan language

རེས་གཟའ་ཕུར་བུ། ༢༠༢༤།༠༥།༠༢

  • རྒྱ་གཞུང་གིས་བོད་བརྒྱུད་ནང་བསྟན་ལ་དམ་དྲག་བྱེད་ཤུགས་ཆེ་རུ་བཏང་ཡོད་པ་མངོན་གསལ་གནང་འདུག
  • ཨ་རིའི་གཞུང་གིས་རྒྱ་ནག་གི་བཟོ་ཚོང་ལས་ཁང་ ༣༡ ལ་སྲིད་དོན་ཉེས་ཆད་བཀལ་བ།
  • ཞི་ཅིང་ཕིང་གིས་ཕ་རན་སིའི་སྲིད་འཛིན་དང་ཡོ་རོབ་མཐུན་ཚོགས་ཀྱི་གཙོ་འཛིན་ཐུག་འཕྲད་བྱ་འཆར།
  • བོད་མི་སྡོད་ཁང་མེད་པ་རྣམས་ལ་རུབ་སྡོད་གཞིས་སྒར་ནང་སྡོད་ཁང་བགོས་འགྲེམས་ཀྱི་ལས་གཞི་དངོས་སུ་དབུ་འཛུགས།
  • བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དང་དར་འཕེལ་སྐོར་བགྲོ་གླེང་དབུ་འཛུགས།

ཕ་རན་སིའི་གྲོས་ཚོགས་གོང་མའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་གྲོས་ཚོགས་འཐུས་མི་ལྕམ་སྐུ་ Jacqueline Eustache-Brinio ལགས་ཀྱིས་སྣེ་ཁྲིད་འོག་གྲོས་ཚོགས་འཐུས་མི་བཞི་ལས་གྲུབ་པའི་གྲོས་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་བཞུགས་སྒར་དྷརྨ་སཱ་ལཱར་ཕེབས་འབྱོར་གནང་བ་ལྟར་དེ་རིང་ཟླ་ ༤ ཚེས་ ༢༤ ཉིན་གྱི་སྔ་དྲོ་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་དང་བཀའ་སློབ་ཞུས་སོང་།

༸དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་གིས་དེ་རིང་སྔ་དྲོའི་མཇལ་མོལ་དང་འབྲེལ་བའི་བརྙན་ཐུང་ཞིག་སྤེལ་གནང་བའི་ནང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གྲོས་ཚོགས་འཐུས་མི་རྣམས་ལ་ང་ཚོས་ངེས་པར་དུ་དོན་དམ་གྱི་འཛམ་གླིང་ཞི་བདེ་ཇི་ལྟར་ཡོང་ཐབས་སུ་འབད་བརྩོན་གནང་དགོས་ཞེས་དང་། ལྷག་དོན་ང་ཚོའི་དཀའ་ངལ་མང་དག་ཅིག་ནི་ང་རང་ཚོས་བཟོས་པའི་རིམ་པ་གཉིས་ཀྱི་བསམ་བློ་ངའི་རྒྱལ་ཁབ་དང་ངའི་ཆོས་ལུགས་ཞེས་པའི་ཐོག་ནས་ཡོང་གི་ཡོད་སྟབས་ང་ཚོས་འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་ཐོག་ནས་དགོངས་པ་རྒྱ་ཆེ་སར་བཞེས་དགོས་ཞེས་སོགས་ལམ་སྟོན་བཀའ་སློབ་སྩལ་འདུག 

དེ་བཞིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མགོན་པོ་༸གང་ཉིད་མཆོག་གིས་ང་ཚོ་འགྲོ་བ་མི་ཐེར་འབུམ་བདུན་ནམ་བརྒྱད་ཡོངས་རྫོགས་གཅིག་གྱུར་ཡིན་པའི་དགོངས་བཞེས་མཛད་ཀྱི་ཡོད་སྐོར་དང་ང་ཚོ་ཚང་མ་བདེ་སྐྱིད་འདོད་པ་དང་སྡུག་བསྔལ་མི་འདོད་པ་གཅིག་མཚུངས་རེད་ཅེས་སོགས་བཀའ་སྩལ་མཛད་འདུག

སྐབས་དེར་ཕ་རན་སིའི་གྲོས་ཚོགས་གོང་མའི་འཐུས་མི་ལྕམ་སྐུ་ Jacqueline Eustache-Brinio ལགས་སུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་མོལ་ཞུས་པ་དང་འབྲེལ་བའི་བཀའ་འདྲི་ཞུས་པར་ཁོང་གིས་ང་ཚོ་འདིར་༸གོང་ས་མཆོག་གིས་གོ་ལ་ཧྲིལ་པོར་ཞི་བདེའི་ལམ་སྟོན་མཛད་པ་དེ་ཉིད་ཉན་ཆེད་དུ་བཅར་བ་འདི་དམིགས་ཡུལ་གཙོ་བོ་ཆགས་ཀྱི་ཡོད་པ་དང་། དེ་བཞིན་བཙན་བྱོལ་བོད་མིའི་གྲོས་ཚོགས་སུ་འཚམས་གཟིགས་གནང་རྒྱུ་དེའང་གལ་ཆེན་པོ་མཐོང་སོང་ཞེས་སོགས་གསུངས་པར་མ་ཟད། ང་ཚོ་ཕ་རན་སིའི་ངོས་ནས་བོད་མིའི་གནད་དོན་ལ་རྒྱབ་སྐྱོར་ཡོད་ཅེས་བསྐྱར་ནན་གནང་སོང་བ་དང་སྦྲགས། ཞི་བདེ་ཟེར་བ་དེ་ང་ཚོ་ཚང་མར་དགོས་པ་ཞིག་རེད་ལ། རྒྱ་ནག་ལ་ཆ་མཚོན་ནའང་བྱམས་བརྩེ་ཞེས་པ་དེ་ཧ་ཅང་དགོས་གལ་ཆེན་པོ་ཆགས་ཡོད་ཅེས་གསུངས་སོང་།

ཕ་རན་སིའི་གྲོས་ཚོགས་གོང་མའི་བོད་དོན་རྒྱབ་སྐྱོར་ཚོགས་ཆུང་ནང་གྲོས་ཚོགས་འཐུས་མི་ ༢༠ ཙམ་ཡོད་པ་རེད། ཚོགས་ཆུང་གི་ཚོགས་གཙོ་ལྕམ་སྐུ་ Jacqueline ལགས་ཀྱིས་ང་ཚོ་བཞུགས་སྒར་དུ་ཆེད་བཅར་ཞུ་དགོས་དོན་གཙོ་བོ་ནི་བོད་གཞིས་བྱེས་གཉིས་ཀྱི་གནས་སྟངས་རྒྱུས་ལོན་ཐུབ་རྒྱུ་དང་ང་ཚོའི་ངོས་ནས་བོད་ཀྱི་གནད་དོན་ཐོག་གང་གནང་རྒྱུ་ཡོད་མེད་ཤེས་རྟོགས་ཀྱི་ཉམས་མྱོང་ཡོང་ཐབས་སུ་ཆེད་དམིགས་བྱས་པ་ཞིག་ཡིན་ཞེས་གསུངས་པ་དང་ཆབས་ཅིག ཁོང་རྣམ་པའི་ངོས་ནས་བོད་དོན་ལ་མུ་མཐུད་རྒྱབ་སྐྱོར་གནང་རྒྱུའི་སེམས་སྐུལ་ཆེན་པོ་ཐེབས་ཡོད་སྐོར་དང་སྦྲགས་ཏེ། བོད་ནང་གི་བོད་མི་གཞོན་སྐྱེས་ཚོའི་གནས་བབ་ལ་དམིགས་བསལ་ཐུགས་ཁུར་གནང་བཞིན་ཡོད་ཅེས་གསུངས་སོང་། 

དེ་བཞིན་དེ་རིང་གི་ཟུར་མཇལ་སྐབས་བཙན་བྱོལ་བོད་མིའི་ཤེས་ཡོན་དང་འབྲེལ་བའི་མི་ལོ་ ༣༠ ལྷག་གི་རིང་སྦྱིན་བདག་གནང་མཁན་འཇར་མ་ནིའི་རོགས་ཚོགས་ཤིག་ནས་ཀྱང་༸གོང་ས་མཆོག་གི་མཇལ་ཁ་ཞུས་སོང་བ་ལྟར་མཇལ་ཁ་གྲུབ་མཚམས་སུ་གསར་འགོད་པས་སྐྱབས་བཅོལ་བོད་མིའི་ཆེད་མི་ཏྟན་ཝལ་གྱིས་རོགས་སྐྱོབ་ལས་འགོའི་ཚོགས་གཙོ་ལྕམ་སྐུ་ Angelika Lechl Rahim ལགས་ལ་མཇལ་ཁ་དང་འབྲེལ་བའི་བཀའ་འདྲི་ཞུས་པར་ཁོང་གིས་མཇལ་མོལ་དེ་ནི་བསམ་ཡུལ་འདས་པ་ཧ་ཅང་ཡག་པོ་བྱུང་སོང་ཞེས་དང་།

ང་ཚོས་འདས་པའི་མི་ལོ་སུམ་ཅུ་ལྷག་གི་རིང་ལ་བཙན་བྱོལ་བོད་མིའི་ཤེས་ཡོན་ཐོག་རོགས་སྐྱོར་ཞུས་པ་ཡིན་ཞེས་གསུངས་པ་སྦྲགས། བཞུགས་སྒར་དུ་ཆེད་བཅར་ཞུ་དོན་གཙོ་བོ་ནི་ཤེས་རིག་བཀའ་བློན་མཆོག་དང་མཇལ་མོལ་གནང་རྒྱུ་གཙོས་པའི་འཕྲོད་བསྟེན་ལས་ཁུངས་ལ་དང་སཾ་བྷོ་ཊའི་གཏན་སློབ་ཁག་ལ་འཚམས་གཟིགས་གནང་སྟེ་མུ་མཐུད་ནས་རོགས་སྐྱོབ་ཇི་ལྟར་གནང་དགོས་པ་སོགས་ཤེས་རྟོགས་ཐུབ་ཆེད་ཡིན་པར་གསུངས་སོང་།

འབྲེལ་ཡོད་གསར་གནས།

གསར་གནས།