Tibetan Royal Year of 2151 | Year of the Wood Dragon

ཕྱི་དྲིལ་གྱི་ལོ་འཁོར་ལས་བསྡོམས་ཐོག་སྤྱི་ཡོངས་ཀྱི་བགྲོ་གླེང་གནང་བ།

Tibetan News Headlines

  • Conversation with TWA members on Association’s mission, outreach, and youth engagement strategies

རེས་གཟའ་སྤེན་པ། ༢༠༢༤།༠༤།༢༧

  • བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ངོ་བོ་དང་ལས་དོན། གཞོན་སྐྱེས་མཉམ་ཞུགས་སྐོར་གླེང་མོལ།

དེ་རིང་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༦ པའི་ལས་ཉིན་མཐའ་མའི་ཐོག་ཕྱི་དྲིལ་ལས་ཁུངས་ཀྱི་ཕྱི་ལོ་ ༢༠༢༢-༢༣ ལོའི་ལོ་འཁོར་ལས་བསྡོམས་སྙན་སྒྲོན་དང་བགྲོ་གླེང་བཅས་གནང་བའི་ཁྲོད་སྤྱི་འཐུས་རྣམས་ཀྱིས་བོད་དོན་དྭང་བླངས་ཞུ་གཏུགས་ལས་གཞི་དང་། དབུ་མའི་ལམ་གྱི་ཟབ་འཁྲིད་སོགས་གནད་དོན་མང་དག་ཐད་ཕྱི་དྲིལ་བཀའ་བློན་མཆོག་ལ་འདྲི་རྩད་གནང་སོང། 

Norzin Dolma

དེ་ཡང་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་ལས་བསྡོམས་ཐོག་བགྲོ་གླེང་གནང་སྐབས་སྤྱི་འཐུས་ཁག་ཅིག་གིས་དབུ་མའི་ལམ་འབྲེལ་མཐུད་སྐོར་དང་འབྲེལ་ཕྱི་དྲིལ་ལས་ཁུངས་ངོས་ནས་བོད་པའི་སློབ་གྲྭ་ཁག་ཏུ་རང་ལོ་ ༡༨ མན་གྱི་སློབ་ཕྲུག་ཚོར་དབུ་མའི་ལམ་སྐོར་ཟབ་སྦྱོང་ཕུལ་བ་དེ་འགྲིག་གི་མེད་པ་དང་། གལ་ཏེ་དེ་ལྟ་བུའི་ཟབ་སྦྱོང་གནང་འདོད་ཡོད་ན་བོད་དོན་འཐབ་རྩོད་དང་འབྲེལ་བའི་བཞེངས་ཕྱོགས་གཞན་གྱི་སྐོར་ལའང་གོ་རྟོགས་སྤེལ་མི་དགོས་པའི་རྒྱུ་མཚན་ཇི་ཡིན། དེ་ཆབ་སྲིད་ཀྱི་དྲིལ་བསྒྲགས་ཤིག་ཆགས་ཀྱི་མིན་ནམ་ཞེས་བཀའ་རྩད་གནང་སོང་།

བགྲོ་གླེང་ཁྲོད་གཞན་ཡང་སྤྱི་འཐུས་ཁག་གཅིག་གིས་བོད་མིའི་སྒྲིག་འཛུགས་ཀྱི་ V-Tag ཞེས་བོད་དོན་དྭང་བླངས་ཞུ་གཏུགས་ཀྱི་ལས་གཞི་དང་འབྲེལ། དེའི་ནང་འཛུལ་ཞུགས་གནང་མཁན་མང་དག་ཅིག་བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་། གཞོན་ནུ་ཚོགས་པ་སོགས་ཀྱི་ལས་འགུལ་སྤེལ་མཁན་ཤ་སྟག་ཆགས་ཀྱི་ཡོད་པའི་སྐོར་དྭོགས་དྲི་གནང་མཁན་བྱུང་ཡོད་པ་དང་། ཕྱི་དྲིལ་བཀའ་བློན་མཆོག་གིས་བོད་དོན་དྭང་བླངས་ཞུ་གཏུགས་ནང་ད་བར་རྒྱལ་ཁབ་ ༡༨ ནས་ཁྱོན་ཚོགས་མི་གྲངས་ ༥༢༡ ཡོད་པ་འགྲེལ་བརྗོད་དང་འབྲེལ། དེ་དག་ལས་འགུལ་སྤེལ་ཐུབ་མཁན་ཁོ་ན་ཞིག་མིན་པ་དང་། ཚོགས་མི་ཁོངས་སུ་ཞུགས་པར་གཞོན་སྐྱེས་རང་ངོས་ནས་དྭང་བླངས་ཐོག་འགེངས་ཤོག་ཅིག་བསྐང་དགོས་ཀྱི་ཡོད་པ་གསལ་བཤད་དང་སྦྲགས། བོད་མིའི་སྒྲིག་འཛུགས་ངོས་ནས་བོད་དོན་དྭང་བླངས་ཞུ་གཏུགས་བརྒྱུད་བོད་རིགས་གཞོན་སྐྱེས་རྣམས་ལ་ཆབ་སྲིད་ནང་ཞུ་གཏུགས་དང་ཆ་ཤས་ལེན་རྒྱུའི་སྡིང་ཆ་དམིགས་བསལ་ཞིག་བསྐྲུན་པ་ཙམ་མ་ཟད། བོད་རིགས་གཞོན་སྐྱེས་ལྷན་འཛོམས་ཀྱིས་དེ་འབྲེལ་ཚོགས་འདུ་ཁག་གཅིག་ཚོགས་པའི་ཐོག་ནས་གཞོན་སྐྱེས་དག་ལ་སེམས་འགུལ་ཐེབས་པ་དང་སྒོས་རྒྱལ་ཁབ་ཁག་གཅིག་ནང་དེ་སྔ་ཉམས་རྒུད་ཕྱིན་པའི་བོད་དོན་སློབ་ཕྲུག་ཚོགས་པ་བསྐྱར་གསོ་ཐུབ་པ་བྱུང་ཡོད་ཅེས་གསུངས་སོང་།

Norzin Dolma

གཞན་ཡང་སྤྱི་འཐུས་རྣམ་པས་ཕྱི་དྲིལ་བཀའ་བློན་མཆོག་ལ་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཁྱབ་ཁོངས་དོན་གཅོད་ཁག་གི་ལས་དོན་གནང་ཕྱོགས་དང་སྒོས་སུད་སིའི་དོན་གཅོད་ཁྱབ་ཁོངས་རྒྱལ་ཁབ་གཞན་ནང་བོད་དོན་ཞུ་གཏུགས་ཀྱི་ལས་འགུལ་ཚགས་ཚུད་གཏོང་དགོས་པ། དེ་བཞིན་བོད་དོན་དང་འབྲེལ་བའི་གནས་ཚུལ་དྲིལ་བསྒྲགས་དང་རྒྱ་སྐད་བརྒྱུད་ལམ་ཚན་པའི་སྤུས་ཚད་ཡར་རྒྱས་གཏོང་ཕྱོགས། དྭང་བླང་དཔྱ་དངུལ་དང་རོགས་དངུལ་གྱི་གནས་སྟངས་དང་འབྲེལ་བའི་དགོངས་འཆར་དང་བཀའ་འདྲི་གནང་བ་སོགས་ཁྱོན་སྤྱི་འཐུས་ ༢0 ལྷག་བགྲོ་གླེང་ནང་ཆ་ཤས་བཞེས་ཡོད།

ཕྱི་དྲིལ་ལས་ཁུངས་ཀྱི་ལས་བསྡོམས་ཐོག་བགྲོ་གླེང་གྲུབ་རྗེས་སྲིད་སྐྱོང་དང་འཕྲོད་བསྟེན་བཀའ་བློན་གཅིག་ལྕོགས་སྤེན་པ་ཚེ་རིང་མཆོག་གིས་འཕྲོད་བསྟེན་ལས་ཁུངས་མ་ལག་དང་བཅས་པའི་ལོ་འཁོར་ལས་བསྡོམས་སྙན་སྒྲོན་དང་དེའི་ཐོག་སྤྱི་ཡོངས་ཀྱི་བགྲོ་གླེང་ལས་རིམ་ཐོག་ཕེབས་ཡོད།

གཞི་རྩའི་དེ་རིང་ལས་ཉིན་འདི་ནི་སྐབས་ ༡༧ བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༦ ལས་ཉིན་མཐའ་མ་ཆགས་ཀྱི་ཡོད་པ་དང་འདས་པའི་ལས་ཉིན་བཞིའི་ནང་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་དང་དཔལ་འབྱོར། བདེ་སྲུང་དང་ཕྱི་དྲིལ། དེ་བཞིན་འཕྲོད་བསྟེན་བཅས་ཀྱི་ལས་ཁུངས་མ་ལག་དང་བཅས་པའི་ཕྱི་ལོ་ ༢༠༢༢ དང་༢༣ ལོའི་ལོ་འཁོར་ལས་བསྡོམས་སྙན་སྒྲོན་དང་བགྲོ་གླེང་གནང་ཡོད།

འབྲེལ་ཡོད་གསར་གནས།

གསར་གནས།