བཀའ་ཤག་སྐབས་ ༡༦ པའི་ཕུགས་དམིགས་ཡིག་ཆ་དབུ་འབྱེད་གནང་བ།

Tibetan News Headlines

  • Hokkaido Shimizu Town Delegation Visits Tibet House Japan, Presents First Harvest of the Region for His Holiness the Dalai Lama
  • Tibet Advocacy Group Calls on US to Restore Tibetan Broadcasting Services to Counter Chinese Propaganda and Censorship
  • China-Linked UK Businessman Tried to Hire Ex-Met Detective to Investigate MPs Critical of Beijing
  • Nvidia CEO Jensen Huang Admits Affair with Suspected Chinese Spy; Company Launches Investigation
  • Tibetan Representative Jigme Tsultrim Briefs India’s Minority Commission Chairperson on Tibetan Settlements in South India
  • China Expands Media Influence in Thailand Through Partnerships, Propaganda and Diplomatic Pressure, RSF Reports
  • History Feature: Tsarong Dasang Damdul

ཪེས་གཟའ་ཟླ་བ། ༢༠༢༦།༡༡།༠༩

  • ཉི་ཧོང་གྲོང་སྡེ་ཞིག་གི་སྐུ་ཚབ་ཚོ་ཁག་ནས་ས་གནས་དེའི་ལོ་ཏོག་ཐོན་སྐྱེད་ཐོག་མ་༸གོང་ས་མཆོག་ལ་འབུལ་བཞེས་གནང་འདུག
  • རྒྱ་ནག་གི་འཁྱོག་བཤད་དྲིལ་བསྒྲགས་ལ་གདོང་ལེན་སླད་ཨ་རི་གཞུང་གིས་བོད་སྐད་རླུང་འཕྲིན་ཁང་ལ་རྒྱབ་སྐྱོར་བྱེད་དགོས་གལ་ཡིན་པ་གསུངས་འདུག
  • དབྱིན་ཡུལ་ཚོང་པ་ཞིག་གིས་སོ་མྱུལ་བ་གླ་གཡར་བརྒྱུད་རྒྱ་ནག་གི་ཆེད་དུ་དབྱིན་ཡུལ་གྲོས་ཚོགས་འཐུས་མི་ཁག་གཅིག་ལ་གསང་ཉུལ་བྱས་པ་མངོན་གསལ།
  • Nvidia ཁེ་ལས་ཁང་གི་འགན་འཛིན་གྱིས་དོགས་གཞི་ཅན་གྱི་རྒྱ་རིགས་བུད་མེད་སོ་བ་ཞིག་དང་ནང་འབྲེལ་བྱུང་བའི་ཁས་ལེན་བྱས་རྗེས། ཁེ་ལས་ཁང་གིས་ཁོའི་བྱ་སྤྱོད་ལ་ཞིབ་བཤེར་འགོ་འཛུགས།
  • ལྷོ་སྤྱི་ཡིས་རྒྱ་གར་གཞུང་གི་གྲངས་ཉུང་མི་རིགས་ལྷན་ཚོགས་ཀྱི་ཚོགས་གཙོ་དང་མཇལ་འཕྲད་གནང་བ།
  • རྒྱ་གཞུང་གིས་ Thailand ནང་གི་གསར་འགོད་རང་དབང་ལ་དམ་དྲག་ཆེན་པོ་བྱེད་བཞིན་པ་གསལ་སྟོན།
  • བོད་ཀྱི་ལོ་རྒྱུས་ཁྲོད་མི་སྣ་གྲགས་ཅན་ངོ་སྤྲོད། དམག་སྤྱི་ཚ་རོང་ཟླ་བཟང་དགྲ་འདུལ་ལགས་ཀྱི་སྐོར།

བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་སྐབས་ ༡༦ པས་བོད་དོན་བདེན་མཐའ་གསལ་ཐབས་དང་དབུ་མའི་ལམ། བཙན་བྱོལ་བོད་མིའི་སྤྱི་ཚོགས་བདེ་དོན། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་ནུས་ཤུགས་གོང་འཕེལ་བཅས་དོན་ཚན་ཆེ་ཁག་གསུམ་གྱི་སྐོར་འཁོད་པའི་འཛིན་སྐྱོང་བཀའ་ཤག་གི་ཕུགས་དམིགས་ཡིག་ཆ། བོད་ཀྱི་མ་འོངས་འགན་སྲུང་ཞེས་པ་ཞིག་དབུ་འབྱེད་གནང་སོང་། 

དེ་རིང་སྔ་དྲོ་ཆུ་ཚོད་ ༡༠༌༣༠ ཐོག་བོད་མིའི་སྒྲིག་འཛུགས་ཀྱི་བསྟི་གནས་གངས་ཅན་སྐྱིད་གཤོངས་སུ་ཡོད་པའི་སྲིད་སྐྱོང་ཚོགས་ཁང་དུ་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གཙོས་པའི་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་དང་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་བཅས་ཀྱིས་བཀའ་ཤག་སྐབས་ ༡༦ པའི་ཕུགས་དམིགས་ཡིག་ཆ། བོད་ཀྱི་མ་འོངས་འགན་སྲུང་ཞེས་པ་ཞིག་དབུ་འབྱེད་གནང་སོང་།

དབུ་འབྱེད་ཀྱི་མཛད་སྒོ་ཐོག་སྲིད་སྐྱོང་མཆོག་གིས་དབུས་པའི་བཀའ་བློན་རྣམ་པ་དང་། འཛིན་སྐྱོང་གི་ཁྱབ་ཁོངས་དབུས་ལས་ཁུངས་ཁག་གི་ལས་བྱེད་རྣམ་པ། དེ་བཞིན་དོན་གཅོད་དང་ས་གནས་འགོ་འཛིན་ལས་ཁུངས་ཀྱི་ལས་བྱེད། བོད་མིའི་སྒྲིག་འཛུགས་ཀྱིི་ལས་གཞིའི་ཐོག་རོགས་རམ་གནང་མཁན་ཨ་རིའི་རོགས་ཚོགས་ USAID ཡི་རྒྱ་གར་སྡེ་ཚན་གྱི་འགན་འཛིན་ལྕམ་ Veena Reddy ལགས། ཨ་རི་བོད་ཀྱི་ཐེབས་རྩའི་འཛིན་སྐྱོང་འགན་འཛིན་སྐུ་ཞབས་ Bob Ankerson ལགས་དང་འབྲེལ་ཡོད་ལས་བྱེད། དེ་བཞིན་ཨ་རིའི་རྒྱལ་ཡོངས་མང་གཙོ་བསྟི་གནས་ཁང་གི་འགན་འཛིན་སྐུ་ཞབས་ Rishi Datta ལགས་གཙོས་ལས་བྱེད་སོགས་མཉམ་ཞུགས་གནང་འདུག

སྐབས་དེར་སྲིད་སྐྱོང་མཆོག་གིས་སྒྲིག་འཛུགས་དང་གཞུང་གང་འདྲ་ཞིག་ཡིན་རུང་དེའི་ལས་དོན་དང་འབྲེལ་བའི་ཕུགས་ཀྱི་དམིགས་ཡུལ་གང་ཡིན་པ་དེ་མང་ཚོགས་དང་ལྷག་པར་དུ་ལས་བྱེད་རྣམ་པ་ཚོས་མཁྱེན་དགོས་གལ་ཆགས་ཡོད་སྟབས། ད་རེས་འཛིན་སྐྱོང་བཀའ་ཤག་སྐབས་ ༡༦ པའི་ངོས་ནས་འདས་པའི་ལས་ཡུན་ཁྲོད་དབུ་འཛུགས་གནང་ཟིན་པའི་ལས་གཞི་དང་། ལྷག་དོན་ས་གནས་ཁག་ཏུ་བཅར་ཏེ་མི་མང་གི་དགོས་མཁོ་མཁོ་སྒྲུབ་ཞུས་པ་ཁག་ཡོང་རྒྱུའི་ལས་གཞི་ཁག་གི་ནང་བང་སྒྲིག་ཡོད་པ་རྣམས་ཚང་མས་མཁྱེན་རྟོགས་ཐུབ་ཕྱིར་ཕུགས་དམིགས་ཡིག་ཆ་དེ་ཉིད་ཆེད་མངགས་བཟོ་བཀོད་གནང་བ་ཞིག་ཡིན་ཞེས་སོགས་ངོ་སྤྲོད་གནང་ཡོད།   

གཞི་རྩའི་དེ་རིང་ཡོངས་གྲགས་གནང་བའི་བཀའ་ཤག་སྐབས་ ༡༦ པའི་ཕུགས་དམིགས་ཡིག་ཆ་ནང། བོད་དོན་བདེན་མཐའ་གསལ་ཐབས་དང་དབུ་མའི་ལམ། བཙན་བྱོལ་བོད་མིའི་སྤྱི་ཚོགས་བདེ་དོན། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་ནུས་ཤུགས་གོང་འཕེལ་བཅས་དོན་ཚན་ཆེ་ཁག་གསུམ་དང་འབྲེལ་ཏེ་འཛིན་སྐྱོང་གི་ལས་གཞི་དང་ལས་དོན་བྱེད་ཕྱོགས་སོགས་ཁ་གསལ་བཀོད་འདུག་པར་མ་ཟད། སྒྲིག་འཛུགས་ཀྱི་ལས་བྱེད་དང་མང་ཚོགས་ཚོས་བོད་ཀྱི་གནད་དོན་ཐོག་མཁྱེན་རྟོགས་དགོས་པའི་གལ་གནད་ཅན་གྱི་ཚན་པའི་ཁོངས་སུ་བོད་ཀྱི་ས་ཁམས་ཆབ་སྲིད་དང་ཆོས་རིག་གི་གལ་གནད། བོད་ཀྱི་ཁོར་ཡུག་གི་གལ་གནད། དེ་བཞིན་རྒྱ་ནག་གཞུང་གིས་བོད་ལ་ལག་བསྟར་བྱེད་བཞིན་པའི་བོད་ཀྱི་རིག་གཞུང་རྩ་མེད་དང་ལྟ་སྲུང་དམ་བསྒྲགས་ཀྱི་སྲིད་བྱུས། མི་སེར་སྤེལ་ཡུལ་རིང་ལུགས་ཀྱི་གཏན་སྡོད་སློབ་གྲྭའི་སྐོར། ཆོས་ལུགས་ཆབ་སྲིད་ཅན་དུ་བསྒྱུར་ཐབས་དང་ཆོས་དད་རང་དབང་ལ་བཀག་སྡོམ་བྱེད་བཞིན་པ་སོགས་མངོན་གསལ་གནང་འདུག

སྲིད་སྐྱོང་མཆོག་གིས་ཡིག་ཆའི་ནང་གསལ་བའི་དོན་ཚན་ཁག་འགྲེལ་བརྗོད་ཞིབ་རྒྱས་སུ་གནང་བ་དང་སྦྲགས་ཏེ། ཕུགས་དམིགས་ཡིག་ཆར་གསལ་བའི་ལས་གཞི་ལས་དོན་རྣམས་དོན་འཁྱོལ་ཡོང་བར་བཀའ་ཤག་གི་ངོས་ནས་ངལ་བ་ཁྱད་བསད་ཀྱིས་ཕྱག་ལས་གནང་དང་གནང་བཞིན་ཡོད་སྟབས་ལས་བྱེད་ཚོས་ཀྱང་ལྷག་བསམ་རྣམ་དག་དང་། མང་ཚོགས་རྣམས་ནས་འཛིན་སྐྱོང་གི་ལས་གཞི་ཁག་ལ་མཉམ་ཞུགས་ཚད་ལྡན་གནང་གལ་ཡིན་པ་སོགས་གསུངས་ཡོད། 

དེ་རིང་བཀའ་ཤག་སྐབས་ ༡༦ པའི་ཕུགས་དམིགས་ཡིག་ཆ། བོད་ཀྱི་མ་འོངས་འགན་སྲུང་ཞེས་པ་དེ་དབུ་འབྱེད་གནང་སྐབས་ཕྱིའི་རོགས་ཚོགས་ཁག་གཅིག་གི་འགན་འཛིན་དང་ལས་བྱེད་སོགས་མཉམ་ཞུགས་གནང་ཡོད་པ་ལྟར་དེ་དག་གི་ཁོངས་ནས་ཨ་རིའི་རོགས་ཚོགས་ USAID ཡི་རྒྱ་གར་སྡེ་ཚན་གྱི་འགན་འཛིན་ལྕམ་ Veena Reddy ལགས་ཀྱིས་ཨ་རི་གཞུང་གི་སྐུ་ཚབ་ཐོག་ནས་བོད་མིའི་སྒྲིག་འཛུགས་སུ་བཅར་རྒྱུའི་གོ་སྐབས་བྱུང་བར་དགའ་པོ་ཞེ་དྲག་བྱུང་ཞེས་གསུངས་པ་དང་སྦྲགས། ཨ་རི་གཞུང་གི་ངོས་ནས་བོད་མིའི་སྤྱི་ཚོགས་བདེ་དོན་དང་། བོད་ཀྱི་རིག་གཞུང་སྲུང་སྐྱོབ་སོགས་ལ་མུ་མཐུད་རོགས་རམ་དང་། ཕྱི་འབྲེལ་གྱི་སྲིད་བྱུས་ཁྲོད་དུ་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་གཙོ་བཟུང་གིས་འགྲོ་བ་མིའི་རང་དབང་ལ་གུས་བརྩི་ཆེན་པོ་ཞུ་བཞིན་ཡོད་པ་སོགས་གསུངས་ཡོད། ཡོངས་གྲགས་གནང་བའི་བོད་མིའི་སྒྲིག་འཛུགས་ཀྱི་ཕུགས་དམིགས་དེ་དག་ལམ་ལྷོངས་ཡོང་བའི་སྨོན་འདུན་ཡོད་ཅེས་གསུངས་ཡོད། 

འབྲེལ་ཡོད་གསར་གནས།

གསར་གནས།

Monday 09/11/2026