Tibetan Royal Year of 2151 | Year of the Wood Dragon

བོད་ནང་གི་བྱིས་པའི་ཐོབ་ཐང་རྡོག་རོལ་གྱི་གནད་དོན་ཐེར་འདོན་གནང་དགོས་པ་གསུངས་འདུག

Tibetan News Headlines

  • Gongma Rinpoche at 80: An in-depth interview with Sakya Gongma Trichen Rinpoche uncovering his life journey and biography

རེས་གཟའ་སྤེན་པ། ༢༠༢༤།༠༤།༢༧

  • དམིགས་བསལ་ལས་རིམ། ས་སྐྱ་གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གི་༧སྐུ་ཚེའི་མཛད་རྣམ་སྙིང་བསྡུས།

ཁེ་ན་ཌ་གྲོས་ཚོགས་འོག་མའི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་གིས་བོད་ནང་འགྲོ་བོ་མིའི་ཐོབ་ཐང་གི་གནས་སྟངས་དང་། ལྷག་པར་དུ་རྒྱ་གཞུང་གིས་གཏན་འཇགས་བཅའ་སྡོད་སློབ་གྲྭའི་ལམ་ལུགས་ལག་བསྟར་བརྒྱུད་བོད་མིའི་ཆོས་དང་རིག་གཞུང་གཙོས་མི་རིགས་ཀྱི་ངོ་བོ་རྩ་མེད་གཏོང་ཐབས་བྱེད་བཞིན་པ་སོགས་ཛ་དྲག་གནས་སྟངས་མངོན་གསལ་གནང་བའི་སྙན་ཐོ་འདོན་སྤེལ་དང་སྦྲགས། ཁེ་ན་ཌ་གཞུང་གི་ངོས་ནས་རྒྱལ་ཚོགས་ཀྱི་སྐུ་ཚབ་བརྒྱུད་བོད་ནང་རྒྱལ་སྤྱིའི་བྱིས་པའི་ཐོབ་ཐང་གི་ཁྲིམས་སྒྲིག་རྩིས་མེད་རྡོག་རོལ་གཏོང་བཞིན་པར་མཚམས་འཇོག་ཆེད་གནོན་ཤུགས་སྤྲད་དགོས་པ་དང་། བོད་རྒྱ་འབྲེལ་མོལ་བསྐྱར་གསོ་ཐུབ་པར་རྒྱབ་སྐྱོར། དེ་བཞིན་བོད་དོན་དམིགས་གསལ་འབྲེལ་མཐུད་པ་ཞིག་བསྐོ་བཞག་དགོས་པ་སོགས་དོན་ཚན་ ༡༨ ཅན་གྱི་དགོས་འདུན་བཏོན་གནང་འདུག

ཟླ་བ་འདིའི་ཕྱི་ཚེས་ ༡༦ ཉིན་ཁེ་ན་ཌའི་གྲོས་ཚོགས་འོག་མའི་དྲ་ཐོག་གནས་ཚུལ་སྤེལ་བའི་ནང་། ཡུལ་དེའི་གྲོས་ཚོགས་ཀྱི་ཕྱི་སྲིད་ལས་དོན་ཚོགས་ཆུང་གི་ཁྱབ་ཁོངས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་གིས། བོད་མིའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་། རྒྱ་ནག་གི་གཏན་འཇགས་བཅའ་སྡོད་སློབ་གྲྭ་དང་སྔོན་འགྲོ སློབ་གྲྭའི་ལམ་ལུགས་ཞེས་པའི་སྙན་ཐོ་ཞིག་གྲོས་ཚོགས་སུ་འདོན་སྤེལ་གནང་འདུག་པ་དང་། སྙན་ཐོ་དེའི་ནང་། ཕྱི་ལོ་ ༡༩༥༡ ལོར་བོད་རང་བཙན་ཤོར་ཡང་། བོད་མི་རྣམས་ནས་ད་བར་བོད་པའི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་རྣམས་མི་ཉམས་རྒྱུན་འཛིན་གནང་ཡོད་པ་དེ་ལྟར་ཡང་། འདས་པའི་ལོ་ཤས་ནས་རྒྱ་གཞུང་གིས་བོད་རྒྱ་སྡེར་བསྒྱུར་རྒྱུའི་སྲིད་བྱུས་སྤེལ་བཞིན་པ་སོགས་འགྲེལ་བརྗོད་དང་སྦྲགས། ཁེ་ན་ཌ་གཞུང་གི་ངོས་ནས་དམངས་གཙོའི་གཞུང་འཛིན་གཞན་དང་ལྷན་དུ་རྒྱ་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་གནད་དོན་ཐོག་བཞེངས་ཕྱོགས་གཏན་པོ་འཛིན་དགོས་པ་གསུངས་འདུག

མ་ཟད་བོད་ནང་གི་བཅའ་སྡོད་སློབ་གྲྭའི་ལམ་ལུགས་ནང་གཞི་རིམ་འོག་མ་གཙོས་བྱིས་པ་དེ་དག་བཙན་གྱི་སློབ་འཇུག་བྱེད་བཞིན་ཡོད་པ་མ་ཟད། ས་གནས་སྒེར་གཉེར་སློབ་གྲྭ་ཁག་སྒོ་རྒྱབ་སྟེ། བོད་པའི་བྱིས་པ་རྣམས་རྒྱ་གཞུང་གིས་ཆེད་འཛུགས་བྱས་པའི་གཏན་འཇགས་སློབ་གྲྭར་བཏང་སྟེ། མི་རིགས་ཀྱི་ངོ་བོ་དང་འབྲེལ་ཐག་བཅད་བཞིན་ཡོད་པ་མངོན་གསལ་གནང་འདུག

ཚོགས་ཆུང་གིས་ཐེངས་འདིའི་སྙན་ཐོ་འདོན་སྤེལ་བརྒྱུད་ཁེ་ན་ཌ་གཞུང་གི་ངོས་ནས་བོད་ནང་གི་ཛ་དྲག་གནས་སྟངས་ཐད་ངེས་པར་དུ་གནང་དགོས་པའི་དགོས་འདུན་དོན་ཚན་ ༡༨ བཏོན་ཡོད་པའི་ནང་། གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ཐོག་བོད་རྒྱ་འབྲེལ་མོལ་བསྐྱར་གསོ་ཡོང་བར་རྒྱབ་སྐྱོར་གནང་དགོས་པ་དང་། བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་བཞག་དགོས་པ། དེ་བཞིན་དེ་གའི་རྒྱལ་ཚོགས་སྐུ་ཚབ་བཅས་ཀྱི་བརྒྱུད་རྒྱལ་སྤྱིའི་གཞུང་འབྲེལ་གྱི་བརྒྱུད་ལམ་ཐོག་བོད་ནང་རྒྱལ་སྤྱིའི་བྱིས་པའི་ཐོབ་ཐང་གི་ཁྲིམས་སྒྲིག་རྩིས་མེད་རྡོག་རོལ་གཏོང་བཞིན་པའི་གནད་དོན་ཐེར་འདོན་གནང་དགོས་པ་མ་ཟད། དཔལ་འབྱོར་ཐབས་ལམ་གྱི་ཐོག་ནས་བོད་ནང་གཏན་འཇགས་སློབ་གྲྭའི་ལས་གཞི་ལག་བསྟར་བྱེད་མཁན་རྒྱ་ནག་དཔོན་རིགས་རྣམས་ལ་ཉེས་ཆད་འགེལ་དགོས་པ་སོགས་འཁོད་འདུག

ཕྱོགས་མཚུངས་བཙན་བྱོལ་ནང་ཡོད་པའི་བོད་པའི་སྤྱི་ཚོགས་ཁྲོད་བོད་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ་ཀྱི་ལས་གཞི་དང་འབྲེལ་བའི་ཚོགས་པ་སྒྲིག་འཛུགས་ཁག་ལ་རྒྱབ་སྐྱོར་གནང་དགོས་པ་དང་། བོད་ནང་གི་དངོས་ཡོད་གནས་སྟངས་རྒྱུས་ལོན་ཐད་རྟོག་ཞིབ་ཀྱི་ལས་གཞིར་རྒྱབ་སྐྱོར་དགོས་པ། བོད་མིའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་གནང་མཁན་ཚོར་རྒྱབ་སྐྱོར་མཐུན་འགྱུར་གནང་དགོས་པ། ༸ཀུན་གཟིགས་པཎ་ཆེན་རིན་པོའི་ཆེ་མཆོག་གི་འཁྲུངས་སྐར་ཉིན་གཞུང་འབྲེལ་གྱི་བསྒྲགས་གཏམ་སྤེལ་བའི་ཐོག་རིན་པོ་ཆེའི་གནས་སྟངས་མངོན་གསལ་དགོས་པའི་གནོན་ཤུགས་སྤྲད་དགོས་པ་སོགས་འཁོད་འདུག

འབྲེལ་ཡོད་གསར་གནས།

གསར་གནས།