བཙུན་མའི་ལས་འཆར་ཚོགས་པས་༸གོང་ས་མཆོག་ལ་གཟིམ་ཆུང་བརྟན་བཞུགས་དང་བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་འབུལ་བཞེས།

Tibetan News Headlines

  • Hokkaido Shimizu Town Delegation Visits Tibet House Japan, Presents First Harvest of the Region for His Holiness the Dalai Lama
  • Tibet Advocacy Group Calls on US to Restore Tibetan Broadcasting Services to Counter Chinese Propaganda and Censorship
  • China-Linked UK Businessman Tried to Hire Ex-Met Detective to Investigate MPs Critical of Beijing
  • Nvidia CEO Jensen Huang Admits Affair with Suspected Chinese Spy; Company Launches Investigation
  • Tibetan Representative Jigme Tsultrim Briefs India’s Minority Commission Chairperson on Tibetan Settlements in South India
  • China Expands Media Influence in Thailand Through Partnerships, Propaganda and Diplomatic Pressure, RSF Reports
  • History Feature: Tsarong Dasang Damdul

ཪེས་གཟའ་ཟླ་བ། ༢༠༢༦།༡༡།༠༩

  • ཉི་ཧོང་གྲོང་སྡེ་ཞིག་གི་སྐུ་ཚབ་ཚོ་ཁག་ནས་ས་གནས་དེའི་ལོ་ཏོག་ཐོན་སྐྱེད་ཐོག་མ་༸གོང་ས་མཆོག་ལ་འབུལ་བཞེས་གནང་འདུག
  • རྒྱ་ནག་གི་འཁྱོག་བཤད་དྲིལ་བསྒྲགས་ལ་གདོང་ལེན་སླད་ཨ་རི་གཞུང་གིས་བོད་སྐད་རླུང་འཕྲིན་ཁང་ལ་རྒྱབ་སྐྱོར་བྱེད་དགོས་གལ་ཡིན་པ་གསུངས་འདུག
  • དབྱིན་ཡུལ་ཚོང་པ་ཞིག་གིས་སོ་མྱུལ་བ་གླ་གཡར་བརྒྱུད་རྒྱ་ནག་གི་ཆེད་དུ་དབྱིན་ཡུལ་གྲོས་ཚོགས་འཐུས་མི་ཁག་གཅིག་ལ་གསང་ཉུལ་བྱས་པ་མངོན་གསལ།
  • Nvidia ཁེ་ལས་ཁང་གི་འགན་འཛིན་གྱིས་དོགས་གཞི་ཅན་གྱི་རྒྱ་རིགས་བུད་མེད་སོ་བ་ཞིག་དང་ནང་འབྲེལ་བྱུང་བའི་ཁས་ལེན་བྱས་རྗེས། ཁེ་ལས་ཁང་གིས་ཁོའི་བྱ་སྤྱོད་ལ་ཞིབ་བཤེར་འགོ་འཛུགས།
  • ལྷོ་སྤྱི་ཡིས་རྒྱ་གར་གཞུང་གི་གྲངས་ཉུང་མི་རིགས་ལྷན་ཚོགས་ཀྱི་ཚོགས་གཙོ་དང་མཇལ་འཕྲད་གནང་བ།
  • རྒྱ་གཞུང་གིས་ Thailand ནང་གི་གསར་འགོད་རང་དབང་ལ་དམ་དྲག་ཆེན་པོ་བྱེད་བཞིན་པ་གསལ་སྟོན།
  • བོད་ཀྱི་ལོ་རྒྱུས་ཁྲོད་མི་སྣ་གྲགས་ཅན་ངོ་སྤྲོད། དམག་སྤྱི་ཚ་རོང་ཟླ་བཟང་དགྲ་འདུལ་ལགས་ཀྱི་སྐོར།

དེ་རིང་ཕྱི་ལོ་ ༢༠༢༦ ཟླ་ ༤ ཚེས་ ༢༤ ཉིན་གྱི་སྔ་དྲོ་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་བཙུན་མའི་ལས་འཆར་ཚོགས་པའི་ངོས་ནས་འདི་ལོ་༸སྐུའི་གོ་སྟོན་དང་བསྟུན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་གཟིམ་ཆུང་བརྟན་བཞུགས་དང་བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་ཤིག་འབུལ་བཞེས་གནང་སོང་།

དེ་ཡང་དེ་རིང་བཙུན་མའི་ལས་འཆར་ཚོགས་པའི་འགན་འཛིན་ཟུར་པ་དང་ལས་ཐོག་དེ་བཞིན་ཁྱབ་ཁོངས་བཙུན་དགོན་ ༡༤ ཡི་སྐུ་ཚབ་མཁན་རིན་པོ་ཆེ་དང་། དགེ་བཤེས་མ། སློབ་དཔོན་མ། ལས་བྱེད་སོགས་ཁྱོན་མི་གྲངས་ ༥༠ ལྷག་ཙམ་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་བཅར་ཞུས་རྗེས་འདི་གའི་གསར་འགོད་པའི་དྲི་བར་ལན་འདེབས་ཁྲོད།   བཙུན་མའི་ལས་འཆར་ཚོགས་པ་གསར་འཛུགས་གནང་མཁན་གྲས་སུ་ཡོད་པ་བཀའ་ཟུར་རིན་ཆེན་མཁའ་འགྲོ་མཆོག་གིས།  བཙུན་མའི་ལས་འཆར་འདིའི་འོག་ནས་ད་ལྟའི་ཆར་ཆོས་ལུགས་རིས་མེད་ཀྱི་བཙུན་མ་ཚོས་ཀྱང་དགེ་འདུན་པ་ལྟར་ཡིག་རྒྱུགས་གཏོང་ཡག་དང་ལག་འཁྱེར་ལ་ངོས་འཛིན་སོགས་གང་སྤྱིའི་ཐད་གཟིགས་ཕྱོགས་ཡག་པོ་ཞིག་བྱུང་ཡོད་པ་དེ་ནི་༸སྐྱབས་མགོན་རིན་པོ་ཆེའི་བཀའ་དྲིན་ཉག་གཅིག་ལ་བརྟེན་ནས་བྱུང་ཡོད་པ་དང་།  བཙུན་མའི་ལས་འཆར་འདིས་ད་བར་ལོ་ངོ་ ༣༠ ལྷག་རིང་ཕྱག་ལས་གང་གནང་ཡོད་སྐོར་སོགས་༸གང་ཉིད་མཆོག་ལ་སྙན་སེང་ཞུས་ཡོད་པ་དང་༸གོང་ས་མཆོག་ནས་ཀྱང་ཐུགས་དགྱེས་པོ་བྱུང་སོང་བ་འགྲེལ་བརྗོད་གནང་སོང་།

དེ་བཞིན་བཙུན་མའི་ལས་འཆར་ཚོགས་པའི་ད་ལྟའི་འགན་འཛིན་དབུ་དཀར་ཚང་གཡུ་སྒྲོན་ལགས་ཀྱིས། བཙུན་མའི་ལས་འཆར་འདི་ཉིད་གཙོ་བོ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་ལམ་སྟོན་གཞིར་བཟུང་དབུ་འཛུགས་གནང་བ་ཞིག་ཡིན་པ་དང་།  ལས་འཆར་འདིའི་འོག་ད་བར་དགེ་བཤེས་མ་ ༡༣༣ ཐོན་ཡོད་པ་མ་ཟད། ལོ་ལྟར་རྒྱུན་དུ་བཙུན་མ་ ༩༨༠ ལྷག་ལ་ཤེས་ཡོན་དང་འཚོ་རྟེན་འཕྲོད་བསྟེན་སོགས་ཀྱི་ཐད་ཕྱག་རོགས་ཞུ་བཞིན་ཡོད་སྐོར་གསུངས་སོང་།

དེ་རིང་བཙུན་མའི་ལས་འཆར་ཚོགས་པ་དང་ཁྱབ་ཁོངས་བཙུན་དགོན་ ༡༤ ཐུན་མོང་ནས་༸གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་མ་ཟད།  ༸གང་ཉིད་མཆོག་ལ་བཀའ་དྲིན་རྗེས་དྲན་མཚོན་བྱེད་དུ་བཙུན་དགོན་ ༡༤ མཚོན་པའི་སྐུ་ཐང་ཞིག་དང་།  གསེར་དངུལ་ལས་གྲུབ་པའི་མེ་ལོང་གི་གཟེངས་རྟགས་ཤིག་ཀྱང་ཕུལ་འདུག 

འབྲེལ་ཡོད་གསར་གནས།

གསར་གནས།