Tibetan Royal Year of 2151 | Year of the Wood Dragon

བཙོན་ཁང་ནང་བཙན་དབང་གིས་ངལ་རྩོལ་རྐྱེན་པས་རྐང་པར་རྨས་སྐྱོན་ཕོག་སྟེ་གློད་བཀྲོལ་བཏང་འདུག

Tibetan News Headlines

  • Gongma Rinpoche at 80: An in-depth interview with Sakya Gongma Trichen Rinpoche uncovering his life journey and biography

རེས་གཟའ་སྤེན་པ། ༢༠༢༤།༠༤།༢༧

  • དམིགས་བསལ་ལས་རིམ། ས་སྐྱ་གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གི་༧སྐུ་ཚེའི་མཛད་རྣམ་སྙིང་བསྡུས།

མདོ་སྨད་རྔ་བ་རྨེའུ་རུ་མ་ནས་ཡིན་པའི་བོད་མི་ཆབ་སྲིད་བཙོན་པ་ཀླུ་སྒྲུབ་འམ་སྐྱ་མིང་ལ་རིན་ཆེན་དགོས་འདོད་ཞུ་བ་ཁོང་ཕྱི་ལོ་ ༢༠༢༠ ལོར་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་སྟེ་ལོ་གསུམ་དང་ཕྱད་ཀའི་བཙོན་འཇུག་རྗེས་འདི་ལོའི་ཕྱི་ཟླ་ ༢ པའི་ནང་ཟི་ཁྲོན་ཁུལ་གྱི་ Deyang བཙོན་ཁང་ནས་བཙོན་གྲོལ་བཏང་འདུག་ཀྱང་། བཙོན་ཁང་ནང་དུ་བཙན་དབང་གིས་ངལ་རྩོལ་རྒྱུར་བཀོད་མྱོང་བའི་འོག ཞབས་ལ་རྨས་སྐྱོན་ཚབས་ཆེ་ཕོག་ཡོད་པ་དང་། ད་ལྟའང་ཁོང་ལ་སྨན་བཅོས་ཀྱི་མཐུན་རྐྱེན་མ་ཐོབ་པར་ལུས་ཡོད་འདུག

Ludup Political Prisoner

དེ་ཡང་ཁ་སང་བཞུགས་སྒར་དུ་རྟེན་གཞི་བྱེད་པའི་ Tibet Watch འམ་བོད་གནས་ལྟ་ཞིབ་ཁང་གི་གནས་ཚུལ་སྤེལ་བར་གཞིགས་ན། དེ་སྔ་ཕྱི་ལོ་ ༢༠༠༨ ལོའི་བོད་ནང་གི་ས་བྱི་ཞི་རྒོལ་ཆེན་མོའི་ཁྲོད། ཀླུ་སྒྲུབ་ལགས་ཀྱིས་ལོ་དེའི་ཕྱི་ཟླ་ ༣ པའི་ཚེས་ ༡༦ ཉིན་རྔ་བ་ཀིརྟི་དགོན་པའི་འདུན་དུ་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སྤེལ་བ་དང་། ལས་འགུལ་དེ་སྤེལ་ནས་ལོ་ ༡༢ ཕྱིན་པའི་རྗེས་སུ་གཞི་ནས་འཛིན་བཟུང་བྱས་ཡོད་པ་མ་ཟད། སྐབས་དེར་ཁོང་གི་ནང་མི་རྣམས་ལ་ཁོང་འཛིན་བཟུང་བྱས་པའི་བརྡ་ལན་དང་ཁྲིམས་ཁང་གང་གི་ནང་དུ་ཁྲིམས་བཤེར་བྱས་ཡོད་མིན་དང་ཉེས་འཛུགས་གང་གི་ཐོག་ལ་ཁྲིམས་ཐག་བཅད་པ་སོགས་ཀྱི་བརྡ་ལན་རིགས་གང་ཡང་སྤྲད་མེད་པ་རེད་འདུག

ཟླ་བ་སྔོན་མར་ཀླུ་སྒྲུབ་ལགས་བཙོན་གྲོལ་བཏང་བའི་སྐབས་སུ་ཁོང་གི་ཞབས་ལ་རྨས་སྐྱོན་ཚབས་ཆེ་ཕོག་ཡོད་པ་དང་། དེའང་ཁོང་བཙོན་འཇུག་སྐབས་བཙན་དབང་གིས་ངལ་རྩོལ་རྒྱུར་བཀོད་ཀྱིས་མནར་གཅོད་མྱོང་བའི་རྐྱེན་གྱིས་ཡིན་པ་གསུངས་འདུག ད་ལྟ་བཙོན་གྲོལ་བཏང་བའི་རྗེས་སུ་ཁོང་ཉེན་རྟོག་པའི་ལྟ་སྲུང་ནན་པོའི་འོག་གནས་ཡོད་པའི་ཁྲོད། ལོ་གསར་སྐབས་རང་གི་ནང་མི་ཉེ་འབྲེལ་རྣམས་དང་ཐུག་འཕྲད་བྱ་རྒྱུ་ལ་ཡང་དམ་དྲག་བྱས་ཡོད་པ་མ་ཟད། ཁོང་ལ་སྨན་བཅོས་ཀྱི་མཐུན་རྐྱེན་སོགས་ཐོབ་ཀྱི་མེད་པ་རེད་འདུག

Tibet Watch

བོད་གནས་ལྟ་ཞིབ་ཁང་གིས་གནས་ཚུལ་ལ་གཞིགས་ན། ཕྱི་ལོ་ ༢༠༠༨ ཀྱི་ཞི་རྒོལ་རྗེས་སུ། ཀླུ་སྒྲུབ་ལགས་ཉེན་རྟོག་པའི་ལག་ཏུ་མ་ཐེབས་པར་གཡོལ་ནས་བསྡད་ཡོད་སྟབས། ཉེན་རྟོག་པའི་ངོས་ནས་སྐབས་དེར་རྨེའུ་རུ་མ་མང་ཚོགས་ཁྲོད་ཀླུ་སྒྲུབ་ལགས་ཀྱི་གཙོས་པའི་ཀིརྟི་དགོན་པའི་དགེ་འདུན་པ་གཞན་ཁག་ཅིག་གིས་ཁྲིམས་འགལ་གྱི་ངོ་རྒོལ་ལས་འགུལ་སྤེལ་མཁན་ཡིན་པ་ལྟར། ཉེན་རྟོག་པར་ཁོང་རྣམས་ཀྱི་སྐོར་ལ་གནས་ཚུལ་ཁོ་སྤྲོད་བྱས་དགོས་པའི་གསལ་བསྒྲགས་སྤེལ་བ་སོགས་ཀྱི་རྗེས་སུ། མཐར་ལོ་ ༡༢ རྗེས་ཕྱི་ལོ་༢༠༢༠ ལོར་ཀླུ་སྒྲུབ་ལགས་ཉེན་རྟོག་པའི་ལག་ཏུ་ཐེབས་ནས་འཛིན་བཟུང་བཙོན་ཁྲིད་བྱས་ཡོད་འདུག

ཉེན་རྟོག་པ་ནས་བྲོས་བྱོལ་གྱིས་གབ་ནས་བཞུགས་པའི་སྐབས་སུ་ཀླུ་སྒྲུབ་ལགས་ཀྱི་ངོ་སྤྲོད་ལག་ཁྱེར་འབོར་རླག་ཤོར་བའི་ཁྲོད་ལག་ཁྱེར་གསར་པ་མ་ཐོབ་པའི་རྐྱེན་གྱིས་ད་ལྟ་ཁོང་ལ་སྨན་བཅོས་མཐུན་རྐྱེན་ཐོབ་པར་དཀའ་ངལ་འཕྲད་བཞིན་ཡོད་པ་རེད་འདུག

རྩ་བའི་ཀླུ་སྒྲུབ་ལགས་ད་ལྟ་རང་ལོ་ ༥༤ ཡིན་པ་དང་། ཁོང་རྔ་བ་ཁུལ་རྨེའུ་རུ་མ་གྲོང་འཚོའི་རུ་ཆེན་བཞི་པའི་བསམ་བཟང་ཚང་གི་ཁྱིམ་མི་ཡིན་པ་དང་། ཁོང་གི་སྐྱ་མིང་ལ་རིན་ཆེན་དགོས་འདོད་རེད་འདུག

འབྲེལ་ཡོད་གསར་གནས།

གསར་གནས།