དཔྱ་དངུལ་ཆག་ཡང་གི་གོ་སྐབས་ཁྲོད་བོད་མི་ ༦༥༡༨ ནས་དཔྱ་དངུལ་ལག་དེབ་གསར་བཟོ་དང་ནོར་བཅོས་སོགས་གནང་འདུག

Tibetan News Headlines

  • Hokkaido Shimizu Town Delegation Visits Tibet House Japan, Presents First Harvest of the Region for His Holiness the Dalai Lama
  • Tibet Advocacy Group Calls on US to Restore Tibetan Broadcasting Services to Counter Chinese Propaganda and Censorship
  • China-Linked UK Businessman Tried to Hire Ex-Met Detective to Investigate MPs Critical of Beijing
  • Nvidia CEO Jensen Huang Admits Affair with Suspected Chinese Spy; Company Launches Investigation
  • Tibetan Representative Jigme Tsultrim Briefs India’s Minority Commission Chairperson on Tibetan Settlements in South India
  • China Expands Media Influence in Thailand Through Partnerships, Propaganda and Diplomatic Pressure, RSF Reports
  • History Feature: Tsarong Dasang Damdul

ཪེས་གཟའ་ཟླ་བ། ༢༠༢༦།༡༡།༠༩

  • ཉི་ཧོང་གྲོང་སྡེ་ཞིག་གི་སྐུ་ཚབ་ཚོ་ཁག་ནས་ས་གནས་དེའི་ལོ་ཏོག་ཐོན་སྐྱེད་ཐོག་མ་༸གོང་ས་མཆོག་ལ་འབུལ་བཞེས་གནང་འདུག
  • རྒྱ་ནག་གི་འཁྱོག་བཤད་དྲིལ་བསྒྲགས་ལ་གདོང་ལེན་སླད་ཨ་རི་གཞུང་གིས་བོད་སྐད་རླུང་འཕྲིན་ཁང་ལ་རྒྱབ་སྐྱོར་བྱེད་དགོས་གལ་ཡིན་པ་གསུངས་འདུག
  • དབྱིན་ཡུལ་ཚོང་པ་ཞིག་གིས་སོ་མྱུལ་བ་གླ་གཡར་བརྒྱུད་རྒྱ་ནག་གི་ཆེད་དུ་དབྱིན་ཡུལ་གྲོས་ཚོགས་འཐུས་མི་ཁག་གཅིག་ལ་གསང་ཉུལ་བྱས་པ་མངོན་གསལ།
  • Nvidia ཁེ་ལས་ཁང་གི་འགན་འཛིན་གྱིས་དོགས་གཞི་ཅན་གྱི་རྒྱ་རིགས་བུད་མེད་སོ་བ་ཞིག་དང་ནང་འབྲེལ་བྱུང་བའི་ཁས་ལེན་བྱས་རྗེས། ཁེ་ལས་ཁང་གིས་ཁོའི་བྱ་སྤྱོད་ལ་ཞིབ་བཤེར་འགོ་འཛུགས།
  • ལྷོ་སྤྱི་ཡིས་རྒྱ་གར་གཞུང་གི་གྲངས་ཉུང་མི་རིགས་ལྷན་ཚོགས་ཀྱི་ཚོགས་གཙོ་དང་མཇལ་འཕྲད་གནང་བ།
  • རྒྱ་གཞུང་གིས་ Thailand ནང་གི་གསར་འགོད་རང་དབང་ལ་དམ་དྲག་ཆེན་པོ་བྱེད་བཞིན་པ་གསལ་སྟོན།
  • བོད་ཀྱི་ལོ་རྒྱུས་ཁྲོད་མི་སྣ་གྲགས་ཅན་ངོ་སྤྲོད། དམག་སྤྱི་ཚ་རོང་ཟླ་བཟང་དགྲ་འདུལ་ལགས་ཀྱི་སྐོར།

དེ་རིང་གྲོས་ཚོགས་ཀྱི་ལས་རིམ་ཐོག་ནང་སྲིད་ལས་ཁུངས་ཀྱི་ལོ་འཁོར་ལས་བསྡོམས་ཐོག་བགྲོ་གླེང་དང་ལན་འདེབས་གསལ་བཤད་གནང་གྲུབ་མཚམས་ཕྱི་ལོ་ ༢༠༢༢ དང་ ༢༠༢༣ ལོའི་དཔལ་འབྱོར་ལས་ཁུངས་ཀྱི་ལོ་འཁོར་ལས་བསྡོམས་ཐོག་སྤྱི་འཐུས་རྣམ་པས་དྲི་བ་དང་འཛིན་སྐྱོང་གི་ལན་འདེབས་གསལ་བཤད་ཀྱི་ལས་རིམ་ཐོག་ཕེབས་ཡོད།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་དཔལ་འབྱོར་བཀའ་བློན་གཅིག་ལྕོགས་སྐུ་ཞབས་སྤེན་པ་ཚེ་རིང་མཆོག་གིས་ཕྱི་ལོ་ ༢༠༢༢ དང་ ༢༠༢༣ ལོའི་དཔལ་འབྱོར་ལས་ཁུངས་ཀྱི་ལོ་འཁོར་ལས་བསྡོམས་སྙིང་བསྡུས་གྲོས་ཚོགས་སུ་སྙན་སྒྲོན་དང་སྤྱི་འཐུས་རྒྱུན་ལས་ཀྱིས་དཔལ་འབྱོར་ལས་ཁུངས་མ་ལག་དང་བཅས་པའི་ལས་བསྡོམས་རྒྱས་པར་ཞིབ་འཇུག་གནང་བའི་སྙན་ཐོ་གྲོས་ཚོགས་སུ་སྙན་སྒྲོན་ཞུས་ཟིན་མཚམས་སྤྱི་འཐུས་རྣམ་པས་བགྲོ་གླེང་གི་ཆ་ཤས་བླངས་ཏེ་འདས་ལོའི་སྔོན་རྩིས་གྲོས་ཚོགས་སྐབས་རྒྱ་བལ་འབྲུག་གསུམ་དང་ཕྱི་རྒྱལ་གནས་འཁོད་བོད་རིགས་དཔྱ་དངུལ་ལོ་མང་འབུལ་ཆད་སོང་བ་དང་། གསར་བཟོ་མ་ཐུབ་པ་རྣམས་ལ་བོད་ཀྱི་ཡུལ་མིའི་ལས་འགན་འཁུར་ཐུབ་པའི་གོ་སྐབས་གནང་ཆེད་དཔྱ་ཁྲལ་ཆག་ཡང་གནང་རྒྱུའི་གྲོས་ཆོད་སྤྱི་མོས་ཀྱིས་གཏན་འབེབས་གནང་དོན་ལྟར་འདས་པའི་ལོ་གཅིག་ཙམ་གྱི་ནང་ལ་དཔལ་འབྱོར་ལས་ཁུངས་ནས་དཔྱ་དངུལ་ལག་དེབ་གསར་བཟོ་དང་ནོར་བཅོས་སོགས་ག་ཚོད་གནང་ཐུབ་ཡོད་མེད་བཀའ་དྲི་ཞུས་སོང་བ་དང་། སྐབས་དེར་དཔལ་འབྱོར་བཀའ་བློན་མཆོག་གིས་དཔྱ་དངུལ་ཆག་ཡང་གི་གོ་སྐབས་ཁྲོད་ཨ་རི་དང་ཁེ་ན་ཌ། དེ་བཞིན་ཡོ་རོབ་ཁུལ་གྱི་ས་གནས་ཁག་ཏུ་བཞུགས་པའི་བོད་མི་ ༤༠༢༨ ནས་དཔྱ་དངུལ་ལག་དེབ་གསར་བཟོ་དང་། བོད་མི་ ༢༤༤༣ ནས་ནོར་བཅོས། དེ་བཞིན་བོད་མི་ ༤༧ ནས་བོར་བརླག་གསར་ཞུ་བཅས་ཁྱོན་བོད་མི་ ༦༥༡༨ བྱུང་ཡོད་པ་གསུངས་སོང་། 

དེ་བཞིན་སྤྱི་འཐུས་ཁག་ཅིག་གིས་དཔྱ་དངུལ་ཆག་ཡང་གི་གོ་སྐབས་ཕུལ་བ་དེ་ཡིས་བོད་མིའི་སྒྲིག་འཛུགས་ཀྱི་མ་དངུལ་ལ་ཕན་པ་ག་ཚོད་བྱུང་ཡོད་མེད་དང་། ད་རེས་དཔལ་འབྱོར་ལས་ཁུངས་ནས་དཔྱ་དངུལ་ལག་དེབ་གསར་བཟོ་སླད་ཕྱི་རྒྱལ་ཁག་ཏུ་ལས་བྱེད་མངགས་བཏང་པ་ལྟར་བལ་ཡུལ་ནང་ལ་ཡང་བཏང་ཐུབ་ན་དགེ་ཚན་ཡོད་པ་སོགས་བཀའ་དྲི་ཞུ་མཁན་བྱུང་ཡོད།  

མ་ཟད་འདས་ལོའི་སྔོན་རྩིས་གྲོས་ཚོགས་སྐབས་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་དེ་ཉིད་རང་སྐྱོང་ལྡན་པའི་ཁེ་གཉེར་ཁང་མིང་དོན་མཚུངས་པ་ཞིག་ཏུ་བསྒྱུར་རྒྱུའི་གྲོས་ཆོད་གཏན་འབེབས་གནང་དོན་ལྟར། གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གི་ད་ལྟའི་གནས་སྟངས་ཇི་ཆགས་སྐོར་བཀའ་དྲི་ཞུ་མཁན་བྱུང་སོང་བ་དང་། སྐབས་དེར་བཀའ་བློན་མཆོག་གིས་གྲོས་ཚོགས་ནས་གཏན་འབེབས་གནང་བའི་གྲོས་ཆོད་དགོངས་དོན་ལྟར་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གི་མ་ཤེར་བདག་པོ་ཚོ་དང་ཚོགས་འདུ་ཁག་ཅིག་གོ་སྒྲིག་ཞུས་ཀྱང་མ་ཤེར་བདག་པོ་རྣམས་ཚོགས་འདུའི་ཐོག་མཉམ་ཞུགས་དུས་ཐོག་གནང་མ་ཐུབ་པ་སོགས་ཀྱི་དཀའ་ངལ་འཕྲད་པ་འགྲེལ་བརྗོད་དང་སྦྲགས། ཕྱོགས་བསྡོམས་ཐོག་ནས་བྱས་ན། མ་ཤེར་བདག་པོ་མང་བ་ཞིག་གིས་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་དེ་ཉིད་སྒོ་རྒྱག་དགོས་སྐོར་དང་། མ་རྩ་ཕྱིར་འཐེན་བྱེད་ཀྱི་ཡིན་ཞེས་གསུངས་ཀྱི་ཡོད་སྟབས། ད་ལྟའི་ཆར་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་དང་འབྲེལ་བའི་དངུལ་ཡོད་པ་རྣམས་ཕུན་གཏིང་ལས་གཞིའི་ནང་བཏང་བཞིན་ཡོད་པ་གསུངས་ཡོད། 

གཞི་རྩའི་དཔལ་འབྱོར་ལས་ཁུངས་མ་ལག་དང་བཅས་པའི་ལས་བསྡོམས་ཐོག་སྤྱི་འཐུས་ཉི་ཤུ་ཙམ་ནས་བགྲོ་གླེང་གི་ཆ་ཤས་བླངས་ཏེ་དཔལ་འབྱོར་ལས་ཁུངས་ཀྱི་ཁྱབ་ཁོངས་བོད་མིའི་ཁྱད་ལས་དྭང་བླངས་ཞབས་ཞུ་ཁང་གི་གནས་བབ་དང་། བུད་མེད་ནུས་སྟོབས་གོང་འཕེལ་ཚན་པའི་ལས་གཞི། དྲ་ཐོག་དཔྱ་དངུལ་ཕུལ་ཐབས། གདུང་སེམས་མཉམ་བསྐྱེད་ཀྱི་ངེས་མེད་ཞལ་འདེབས་ཀྱི་ལས་གཞི་སོགས་དཔལ་འབྱོར་ལས་ཁུངས་དང་འབྲེལ་བའི་ལས་གཞི་མི་ཉུང་བ་ཞིག་གི་ཐོག་ལ་དྲི་རྩད་དང་འཛིན་སྐྱོང་ནས་ལན་འདེབས་གསལ་བཤད་གནང་ཡོད་ལ། དཔལ་འབྱོར་ལས་ཁུངས་ཀྱི་ལས་བསྡོམས་ཐོག་མ་ཕེབས་པའི་སྔ་དྲོའི་ཚོགས་དུས་ཐོག་ནང་སྲིད་ལས་ཁུངས་ཀྱི་ལས་བསྡོམས་ཐོག་བགྲོ་གླེང་འཕྲོ་སྐྱོང་གནང་སྟེ་མཇུག་སྒྲིལ་གནང་ཡོད། 

འབྲེལ་ཡོད་གསར་གནས།

གསར་གནས།