བཀའ་ཟུར་བཀྲས་མཐོང་ཚེ་དབང་ཆོས་རྒྱལ་ལགས་དགོངས་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་འདུག

Tibetan News Headlines

  • Hokkaido Shimizu Town Delegation Visits Tibet House Japan, Presents First Harvest of the Region for His Holiness the Dalai Lama
  • Tibet Advocacy Group Calls on US to Restore Tibetan Broadcasting Services to Counter Chinese Propaganda and Censorship
  • China-Linked UK Businessman Tried to Hire Ex-Met Detective to Investigate MPs Critical of Beijing
  • Nvidia CEO Jensen Huang Admits Affair with Suspected Chinese Spy; Company Launches Investigation
  • Tibetan Representative Jigme Tsultrim Briefs India’s Minority Commission Chairperson on Tibetan Settlements in South India
  • China Expands Media Influence in Thailand Through Partnerships, Propaganda and Diplomatic Pressure, RSF Reports
  • History Feature: Tsarong Dasang Damdul

ཪེས་གཟའ་ཟླ་བ། ༢༠༢༦།༡༡།༠༩

  • ཉི་ཧོང་གྲོང་སྡེ་ཞིག་གི་སྐུ་ཚབ་ཚོ་ཁག་ནས་ས་གནས་དེའི་ལོ་ཏོག་ཐོན་སྐྱེད་ཐོག་མ་༸གོང་ས་མཆོག་ལ་འབུལ་བཞེས་གནང་འདུག
  • རྒྱ་ནག་གི་འཁྱོག་བཤད་དྲིལ་བསྒྲགས་ལ་གདོང་ལེན་སླད་ཨ་རི་གཞུང་གིས་བོད་སྐད་རླུང་འཕྲིན་ཁང་ལ་རྒྱབ་སྐྱོར་བྱེད་དགོས་གལ་ཡིན་པ་གསུངས་འདུག
  • དབྱིན་ཡུལ་ཚོང་པ་ཞིག་གིས་སོ་མྱུལ་བ་གླ་གཡར་བརྒྱུད་རྒྱ་ནག་གི་ཆེད་དུ་དབྱིན་ཡུལ་གྲོས་ཚོགས་འཐུས་མི་ཁག་གཅིག་ལ་གསང་ཉུལ་བྱས་པ་མངོན་གསལ།
  • Nvidia ཁེ་ལས་ཁང་གི་འགན་འཛིན་གྱིས་དོགས་གཞི་ཅན་གྱི་རྒྱ་རིགས་བུད་མེད་སོ་བ་ཞིག་དང་ནང་འབྲེལ་བྱུང་བའི་ཁས་ལེན་བྱས་རྗེས། ཁེ་ལས་ཁང་གིས་ཁོའི་བྱ་སྤྱོད་ལ་ཞིབ་བཤེར་འགོ་འཛུགས།
  • ལྷོ་སྤྱི་ཡིས་རྒྱ་གར་གཞུང་གི་གྲངས་ཉུང་མི་རིགས་ལྷན་ཚོགས་ཀྱི་ཚོགས་གཙོ་དང་མཇལ་འཕྲད་གནང་བ།
  • རྒྱ་གཞུང་གིས་ Thailand ནང་གི་གསར་འགོད་རང་དབང་ལ་དམ་དྲག་ཆེན་པོ་བྱེད་བཞིན་པ་གསལ་སྟོན།
  • བོད་ཀྱི་ལོ་རྒྱུས་ཁྲོད་མི་སྣ་གྲགས་ཅན་ངོ་སྤྲོད། དམག་སྤྱི་ཚ་རོང་ཟླ་བཟང་དགྲ་འདུལ་ལགས་ཀྱི་སྐོར།

བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བཀའ་བློན་ཟུར་པ་བཀྲས་མཐོང་ཚེ་དབང་ཆོས་རྒྱལ་ལགས་ཁེ་ན་ཌའི་དུས་ཚོད་ཀྱི་ཆ་ནས་ཁ་སང་ཕྱི་ཟླ་ ༣ པའི་ཚེས་ ༡༢ ཉིན་གྱི་ཕྱི་དྲོ་ཕྱག་ཚོད་ ༩།༠༥ ཙམ་ལ་ཁེ་ན་ཌའི་གཟིམ་ཤག་ཏུ་སྐུ་འདས་གྲོངས་སུ་གྱུར་བའི་ཡིད་སྐྱོའི་གནས་ཚུལ་ཐོན་འདུག

Kasur Tsewang Choegyal Tethong

དེ་ཡང་བོད་མིའི་སྒྲིག་འཛུགས་བཀའ་དྲུང་ཡིག་ཚང་ནས་བཀའ་ཟུར་དམ་པ་ཁོང་དགོངས་པར་རྫོགས་པར་ཆེས་བློ་ཕམ་དང་སྦྲགས། བཀའ་ཟུར་འདས་པོ་ཁོང་གི་ཚེ་རབས་ཕྲེང་བར་བསགས་པའི་སྡིག་སྒྲིབ་བྱང་ཞིང་དག་ནས་མངོན་མཐོ་ངེས་ལེགས་ཀྱི་གོ་འཕང་མགྱོགས་ནས་མྱུར་དུ་འཐོབ་པའི་སྨོན་ལམ་གསོལ་འདེབས་ཞུ་ཕྱིར། དེ་རིང་ཉིན་རྒྱབ་ཕྱག་ཚོད་གཉིས་པའི་ཐོག་སྲིད་སྐྱོང་ཚོགས་ཁང་དུ་སྲིད་ཞུ་ལས་བྱེད་རྣམ་པ་འདུ་འཛོམས་ཐོག་སྨོན་ལམ་གསུང་འདོན་དང་། དེ་རྗེས་དེ་རིང་གྲོས་ཚོགས་ནང་དུ་ལས་བསྡོམས་འགྲོ་བཞིན་པའི་ལས་ཁུངས་ཀྱི་ལས་བྱེད་རྣམས་ཕུད་པའི་ལས་བྱེད་བྱིངས་ནས་མྱ་ངན་གུས་བཏུད་མཚོན་བྱེད་ཉིན་རྒྱབ་ལས་མཚམས་འཇོག་གནང་སོང་།

Kasur Tsewang Choegyal Tethong

སྲིད་ཞུ་བ་རྣམ་པའི་སྨོན་ལམ་གསུང་འདོན་གྱི་ལས་རིམ་ཐོག་བཀའ་དྲུང་སྒྲ་ཉིད་ཚེ་རྒྱལ་ལགས་ནས་བཀའ་ཟུར་དམ་པ་ཁོང་གི་སྐུ་ཚེའི་ལོ་རྒྱུས་སྒྲོག་སྦྱང་དང་སྦྲགས་ནས་ཚང་མས་དམ་པ་དེ་ཉིད་ཀྱི་སླད་ཐུགས་སྨོན་སྐྱབས་འཇུག་གནང་རྒྱུའི་སྐུལ་མ་གནང་སོང་།

Kasur Tsewang Choegyal Tethong

གཞི་རྩའི་བཀའ་ཟུར་དམ་པ་ཁོང་ནི། ཕྱི་ལོ་ ༡༩༣༣ ལོར་ཡབ་བཀྲས་མཐོང་འགྱུར་མེད་རྒྱ་མཚོ་ལགས་དང་ཡུམ་ཚེ་རིང་ཆོས་སྐྱིད་ལགས་གཉིས་ཀྱི་སྲས་སུ་ཆབ་མདོར་འཁྲུངས་ཤིང་། ཕྱི་ལོ་ ༡༩༥༩ ལོར་རྒྱ་གར་ནང་སྐྱབས་བཅོལ་ལ་ཕེབས་པའི་རྗེས། Germany ཡི་ Teubingen མཐོ་སློབ་ཏུ་སྲིད་དོན་སློབ་གཉེར་ཐོན་གནང་འདུག དེ་རྗེས་ཁོང་ནས་ཕྱི་ལོ་ ༡༩༦༤ ལོར་ལྡི་ལི་སྐུ་ཚབ་དོན་གཅོད་ཀྱི་ཕྱག་རོགས་དང་། ཕྱི་ལོ་ ༡༩༦༦ ལོར་སྐུ་སྒེར་ཡིག་ཚང་དུ་གསུང་བསྒྱུར་དང་ཆབས་ཅིག་ཕྱི་དྲིལ་བཀའ་བློན་གྱི་ཕྱག་རོགས་ཐུགས་འགན་བཞེས་གནང་འདུག དེ་རྗེས་ ཕྱི་ལོ་ ༡༩༦༧ ལོར་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་ཐོག་མར་འཛུགས་སྐབས་གཞིས་འགོའི་ཐུགས་འགན་བཞེས་པ་དང་། ཕྱི་ལོ་ ༡༩༦༨ ནས་ ༡༩༧༥ བར་ལྷོ་གཞིས་ཁག་གི་གཞིས་སྤྱི་དང་ཆབས་ཅིག་ཤེས་རིག་བཀའ་བློན་གྱི་ཕྱག་རོགས་དང་། དབུས་བོད་སློབ་འཛིན་སྐྱོང་ཚོགས་པའི་ཚོགས་མི། མ་སུ་རི་བོད་ཁྱིམ་གྱི་ཚོགས་མི་བཅས་ཀྱི་ཐུགས་འགན་བཞེས་མྱོང་ཡོད་པ་རེད། དེ་རྗེས་ཕྱི་ལོ་ ༡༩༧༥ ལོར་དགོངས་པ་ཞུས་ནས་ Canada ནང་གི་ United  World མཐོ་རིམ་སློབ་གྲྭའི་དགེ་རྒན་ལོ་བཞི་དང་། British Columbia ཞེས་པའི་ས་གནས་སུ་མི་མང་བདེ་དོན་ཆེད་ཕྱག་ལས་གནང་རྗེས། ཕྱི་ལོ་ ༡༩༩༦ ལོར་ལྡི་ལི་སྐུ་ཚབ་དོན་གཅོད་དང་། ཕྱི་ལོ་ ༡༩༩༧ ནས་ ༢༠༠༡ བར་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་བཀའ་བློན་གྱི་ཐུགས་འགན་བཞེས་མྱོང་ཡོད་པ་རེད།

Kasur Tsewang Choegyal Tethong

འབྲེལ་ཡོད་གསར་གནས།

གསར་གནས།

Monday 09/11/2026