Tibetan Royal Year of 2151 | Year of the Wood Dragon

ཞིབ་བཤེར་བཀག་སྡོམ་བྱས་པའི་གསར་ཁང་ ༡༠༠ ལྷག་ལྟ་སྤྱོད་ཐུབ་པ་བཟོས་འདུག

Tibetan News Headlines

  • Sikyong Penpa Tsering meets President Macron, gifts autographed photo of the Dalai Lama with French leader
  • Tibetans inside and outside Tibet mark Calligraphy Day
  • Derge protests put dams back on the agenda: Rights group calls for transparency of Dam construction plans in Tibet
  • Mexico legislators and friends of Tibet gather to strategize and reaffirm commitment to Tibet’s rights
  • Sarah College for Higher Tibetan Studies holds 23rd graduation ceremony

རེས་གཟའ་ལྷག་པ། ༢༠༢༤།༠༥།༠༡

  • སྲིད་སྐྱོང་མཆོག་གིས་ཕ་རན་སིའི་སྲིད་འཛིན་ལྷན་དུ་མཇལ་འཕྲད་གནང་འདུག
  • བོད་གཞིས་བྱེས་གཉིས་སུ་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་ཉིན་མོ་སྲུང་བརྩི་ཟབ་རྒྱས་ཞུས་པ།
  • རྒྱ་གཞུང་གི་ཆུ་མཛོད་གསར་རྒྱག་གི་ལས་གཞི་ཐད་ཕྱི་གསལ་ནང་གསལ་དགོས་པའི་འབོད་སྐུལ།
  • Mexico ནང་དུ་མ་འོངས་བོད་དོན་རྒྱབ་སྐྱོར་གྱི་ལས་དོན་སྤེལ་ཕྱོགས་སྐོར་ཚོགས་འདུ་ཚོགས་པ།
  • རྡ་ས་རིགས་སློབ་མ་ལག་གཉིས་ཀྱི་སློབ་ཐོན་མཛད་སྒོ་ཚོགས་པ།

རྒྱལ་མཚམས་མེད་པའི་གསར་འགོད་ཚོགས་པས་སྤྱི་ཟླ་ ༣ པའི་ཚེས་ ༡༢ ཏེ་དྲ་ལམ་བཀག་སྡོམ་ལ་ཁ་གཏད་ཀྱི་རྒྱལ་སྤྱིའི་ཉིན་མོ་ World Day Against Cyber Censorship སྲུང་བརྩི་དང་བསྟུན། རྒྱལ་ཁབ་ཁག་ ༣༢ ནང་གི་གསར་ཁང་ ༡༠༠ ལྷག་གིས་དྲ་གནས་ཞིབ་བཤེར་དོ་དམ་ལས་གཡོལ་ཏེ་མི་མང་ཐུན་མོང་གིས་ལྟ་སྤྱོད་ཐུབ་པ་བཟོས་འདུག

དེ་ཡང་ཕ་རན་སིར་རྟེན་གཞི་བྱེད་པའི་རྒྱལ་མཚམས་མེད་པའི་གསར་འགོད་ཚོགས་པས། ཕྱི་ལོ་ ༢༠༡༥ ནས་བཟུང་ Operation Collateral Freedom ཞེས་པའི་ལས་གཞི་དབུ་འཛུགས་བརྒྱུད། རྒྱལ་ཁབ་སོ་སོའི་ནང་བཀག་སྡོམ་བྱས་པའི་གནས་འཕྲིན་དྲ་གནས་ཁག་གི་མེ་ལོང་ལྟ་བུའི་དྲ་ཚིགས་ཟུར་དུ་ཆེད་བཟོས་ཀྱིས་དེ་དག་འབྲེལ་ཡོད་མང་ཚོགས་ཀྱིས་བཀག་སྡོམ་མེད་པར་ལྟ་སྤྱོད་ཐུབ་པ་བཟོས་ཡོད་པ་དང་། འདི་ལོ་ཚོགས་པའི་ངོས་ནས་ལས་གཞི་དེའི་བརྒྱུད་རྒྱལ་ཁབ་ཁག་ ༣༢ ནང་གི་གསར་ཁང་ ༡༠༠ ལྷག་མི་མང་གིས་ལྟ་སྤྱོད་ཐུབ་པ་བཟོས་ཡོད་པ་ནི་དེ་སྔ་ལས་བརྒྱ་ཆ་ ༢༠ མང་བ་ཞིག་ཆགས་ཀྱི་ཡོད་པ་རེད་འདུག

Collateral Freedom

གསར་འགོད་པའི་ཚོགས་པ་དེས་སྤེལ་བའི་བསྒྲགས་གཏམ་ནང་གསལ་ལྟར་ན། རྒྱལ་ཁབ་ ༣༢ དེ་དག་ཁོངས་ཨུ་རུ་སུ་དང་། ཨི་རན། དེ་བཞིན་རྒྱ་ནག་སོགས་དབང་ཆ་གཅིག་བསྡུས་རིང་ལུགས་ཀྱི་གཞུང་ཁག་གཅིག་འཀོད་ཡོད་པ་དང་། དེའི་ཁྲོད་རྒྱ་ནག་གིས་ཞིབ་བཤེར་དོ་དམ་བྱས་པའི་དྲ་གནས་ཁག་བརྒྱད་ཀྱི་མེ་ལོང་ལྟ་བུའི་དྲ་ཚིག་གསར་བཟོ་བྱས་པའི་ཁོངས་སུ་འདི་ག་ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་དང་། བོད་ཀྱི་དུས་བབ། གཞན་ཡང་ཤིན་ཅང་དང་འབྲེལ་བའི་དྲ་གནས་ཁག་གཅིག་ཡོད་པ་རེད་འདུག

མ་ཟད་ལས་གཞི་དེའི་ཁོངས་ཨུ་རུ་སུའི་སྙན་གྲགས་ཅན་གྱི་རང་དབང་གསར་ཁང་ Meduza དང་ Moscow Times  སོགས་ཡོད་པས། ད་ཆ་གསར་ཁང་དེ་དག་གིས་ལས་གཞི་དེའི་བརྒྱུད་རང་དབང་ལྡན་པའི་ཐོག་གསར་འགོད་ཀྱི་ལས་འགན་སྒྲུབ་བཞིན་ཡོད་འདུག

རྒྱལ་མཚམས་མེད་པའི་གསར་འགོད་ཚོགས་པའི་ Operation Collateral Freedom ཞེས་པའི་ལས་གཞིའི་ཐོག གཞན་ཡང་ Svoboda ཞེས་པའི་འོག ཡོ་རོབ་དང་། ཨུ་རུ་སུ། Belarus, དེ་བཞིན་ Ukraine སོགས་སུ་ཨུ་རུ་སུའི་སྐད་ཡིག་ལོངས་སུ་སྤྱོད་མཁན་རྣམས་ལ་རླུང་འཕྲིན་དང་བརྙན་འཕྲིན་བརྒྱུད་རང་དབང་ཅན་གྱི་གསར་ཁང་ཁག་གི་གསར་འགྱུར་གསན་གཟིགས་གནང་ཐུབ་པ་བཟོ་བཞིན་ཡོད་པ་རེད་འདུག

རྒྱ་ནག་གཞུང་གིས་བཀག་སྡོམ་བྱས་པའི་ Women ཞེས་པའི་གསར་ཁང་དུ་ཕྱག་ལས་གནང་མཁན་བུད་མེད་གསར་འགོད་པ་ཞིག་གིས་དེ་ལྟ་བུའི་ལས་གཞི་ནི་རང་དབང་དང་ཁུངས་ལྡན་གྱི་གནས་ཚུལ་མེད་སའི་རྒྱ་ནག་ཏུ་དགོས་གལ་ཆེ་བ་དང་། བཀག་སྡོམ་མེད་པར་གསར་གནས་ལྟ་སྤྱོད་ཐུབ་ན་རྒྱ་ནག་མི་མང་ནས་ཀྱང་རང་གི་བདེ་སྡུག་ལ་དམིགས་པའི་སྲིད་བྱུས་གོ་རྟོགས་ལེགས་པར་ཡོང་བ་དང་། གཞུང་ངོས་ནས་ཀྱང་མི་མང་ལ་ལྟ་རྟོག་ལེགས་པར་གནང་ཐུབ་ཅེས་གསུངས་འདུག

འབྲེལ་ཡོད་གསར་གནས།

གསར་གནས།