Tibetan Royal Year of 2151 | Year of the Wood Dragon

རྒྱ་གར་གཞུང་གིས་ནང་པའི་ཆོས་དང་ཧི་མ་ལ་ཡའི་རིག་གཞུང་སྲུང་སྐྱོབ་ཆེད་ཧིན་སྒོར་ས་ཡ་ ༧༥༠ བཀའ་འཁྲོལ་གནང་འདུག

Tibetan News Headlines

  • US religious freedom watchdog warns of sinicization and assimilation of Tibetan religious and cultural identities
  • US sanctions 31 China-based companies over Russia
  • Xi Jinping to meet French President Macron and EU Chief in Paris next week
  • CTA begins house allocation programmes for Tibetans not facilitated in the refugee settlements
  • Dharamshala hosts conference on promotion and preservation of Tibetan language

རེས་གཟའ་ཕུར་བུ། ༢༠༢༤།༠༥།༠༢

  • རྒྱ་གཞུང་གིས་བོད་བརྒྱུད་ནང་བསྟན་ལ་དམ་དྲག་བྱེད་ཤུགས་ཆེ་རུ་བཏང་ཡོད་པ་མངོན་གསལ་གནང་འདུག
  • ཨ་རིའི་གཞུང་གིས་རྒྱ་ནག་གི་བཟོ་ཚོང་ལས་ཁང་ ༣༡ ལ་སྲིད་དོན་ཉེས་ཆད་བཀལ་བ།
  • ཞི་ཅིང་ཕིང་གིས་ཕ་རན་སིའི་སྲིད་འཛིན་དང་ཡོ་རོབ་མཐུན་ཚོགས་ཀྱི་གཙོ་འཛིན་ཐུག་འཕྲད་བྱ་འཆར།
  • བོད་མི་སྡོད་ཁང་མེད་པ་རྣམས་ལ་རུབ་སྡོད་གཞིས་སྒར་ནང་སྡོད་ཁང་བགོས་འགྲེམས་ཀྱི་ལས་གཞི་དངོས་སུ་དབུ་འཛུགས།
  • བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དང་དར་འཕེལ་སྐོར་བགྲོ་གླེང་དབུ་འཛུགས།

རྒྱ་གར་དབུས་གཞུང་གི་ངོས་ནས་ལྡི་ལི་གཙུག་ལག་སློབ་གྲྭ་ཆེན་མོའི་ནང་ནང་པའི་ཆོས་དང་རིག་གཞུང་སློབ་གཉེར་བྱེད་སའི་ལྟེ་གནས་ཤིག་གསར་འཛུགས་གནང་རྒྱུའི་ཆེད་ཧིན་སྒོར་ས་ཡ་ ༣༥༠ གནང་ཡོད་པ་མ་ཟད། ཨ་རུ་ན་ཅལ་མངའ་སྡེའི་ནང་ཡོད་པའི་དབུས་ཧི་མ་ལ་ཡའི་ལེགས་བྱང་མཐོ་རིམ་སློབ་གཉེར་ཁང་རྒྱ་སྐྱེད་ཆེད་ཧི་སྒོར་ས་ཡ་ ༤༠༠ བཅས་ཀྱི་བཀའ་འཁྲོལ་གནང་འདུག དེ་ཡང་ཁ་སང་རྒྱ་གར་དབུས་གཞུང་གི་Public Information Broadcast PIB གསར་འགྱུར་མཁོ་སྤྲོད་ལས་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་གར་གྱི་སྲིད་བློན་མོ་དྷི་མཆོག་གི་ལས་འཆར་ཁག་གཅིག་གི་འོག་རྒྱ་གར་བྱང་ཤར་ཨ་རུ་ན་ཅལ་མངའ་སྡེའི་ནུབ་ཀེ་མང་རྫོང་ཁུལ་དུ་ཡོད་པའི་དབུས་ཧི་མ་ལ་ཡའི་ལེགས་བྱང་མཐོ་རིམ་སློབ་གཉེར་ཁང་ CIHCS འམ་ Central Institute of Himalayan Culture Studies དེ་བཞིན་རྒྱ་སྐྱེད་གོང་འཕེལ་དང་། ལྷག་པར་དུ་དེང་སྐབས་ནང་པའི་ཆོས་དང་རིག་གཞུང་བཅས་པ་སླར་གསོ་བྱ་རྒྱུའི་དགོས་མཁོ་ཤིན་ཏུ་ཆེ་བའི་དུས་སྐབས་དང་བསྟུན་གྲངས་ཉུང་མི་རིགས་བློན་ཆེན་ལས་ཁུངས་ངོས་ནས་ཧིན་སྒོར་ས་ཡ་ ༤༠༠ བཀའ་ཁྲོལ་གནང་ཡོད་པ་མ་ཟད། ལས་འཆར་དེའི་ཐོག་ནས་ད་དུང་ཧི་མ་ལ་ཡའི་གནའ་བོའི་རིག་གཞུང་སྲུང་སྐྱོབ་ཐུབ་པའི་གདེང་འཇོག་ཀྱང་གནང་གི་ཡོད་པ་རེད།

CIHCS

གསལ་བསྒྲགས་དེའི་ནང་འཁོད་གསལ་ལྟར་ན། ད་རེས་ཀྱི་མ་དངུལ་དེའི་ཐོག་ནས་དབུས་ཧི་མ་ལ་ཡའི་ལེགས་བྱང་མཐོ་རིམ་སློབ་གཉེར་ཁང་ངོས་ནས་ནང་ཆོས་ཙམ་དུ་མ་ཟད། ད་དུང་ཧི་མ་ལ་ཡའི་ལོ་རྒྱུས་དང་སྐད་ཡིག་རིག་གཞུང་བཅས་ཀྱི་ཐོག་ཏུའང་རྒྱལ་སྤྱིའི་ཚད་དང་ལྡན་པའི་མཁས་དབང་མི་སྣ་ཚོའི་ལྷན་དུ་བགྲོ་གླེང་དང་ཉམས་ཞིབ། ཟབ་སྦྱོང་སོགས་སྤྲོད་ཐབས་ཀྱི་མངོན་འདོད་ཡོད་སྐོར་བཅས་འཁོད་འདུག དེ་དང་བསྟུན་རྒྱ་གར་གྲངས་ཉུང་མི་རིགས་བློན་ཆེན་ལས་ཁང་ངོས་ནས་ད་དུང་། ལྡི་ལི་གཙུག་ལག་སློབ་གྲྭ་ཆེན་མོའི་ནང་ཡར་ཐོན་ཅན་གྱི་ནང་པའི་ཆོས་དང་རིག་གཞུང་སློབ་གཉེར་ལྟེ་གནས་ཁང་ Centre for Advance Studies in Buddhist Studies ཞེས་པ་ཞིག་གསར་འཛུགས་གནང་རྒྱུའི་ལས་འཆར་གྱི་བཀའ་ཁྲོལ་གནང་ཡོད་པ་དང་། ཧིན་སྒོར་ས་ཡ་ ༣༥༠ བཀའ་འཁྲོལ་གནང་བའི་ལས་འཆར་དེའི་དམིགས་ཡུལ་གཙོ་བོ་ནི་དབུས་གཞུང་གི་གྲངས་ཉུང་མི་རིགས་བློན་ཆེན་ལས་ཁང་དང་ལྡི་ལི་གཙུག་ལག་སློབ་གྲྭ་ཆེན་མོ་གཉིས་ཟུང་འབྲེལ་གྱི་ཐོག་ནས་རྒྱ་གར་ནང་ཡོད་པའི་ནང་པའི་གྲངས་ཉུང་མི་རིགས་ཚོར་དངོས་སུ་ནང་ཆོས་ཀྱི་སློབ་གཉེར་ཚད་ལྡན་ཞིག་སྤྲོད་ཐུབ་ཐབས་ཤིག་ཡིན་པ་མ་ཟད། ལྡི་ལི་གཙུག་ལག་ཆེན་མོའི་ངོས་ནས་ལས་འཆར་དེ་དང་འབྲེལ་ཏེ། ནང་ཆོས་ཀྱི་ཁྱད་ལས་མི་སྣ་ཁག་གི་ལམ་སྟོན་མཁོ་སྒྲུབ་ཐོག་ནས་བསླབ་གཞི་གཏན་འབེབས་དང་། བསླབ་གཞི་དེ་དག་གི་ཐོག་ནས་ནང་ཆོས་ཀྱི་འབུམ་རམས་པ་དང་། དུས་ཐུང་སློབ་གཉེར་ Diploma དང་ Certificate སློབ་ཚན་བཅས་ཀྱི་ཐོག་ངོས་འཛིན་ཡོད་པའི་ལག་ཁྱེར་མཁོ་སྤྲོད་ཐུབ་ཐབས་བཅས་གནང་རྒྱུ་ཡིན་པ་རེད།

གཞི་རྩའི་ལྡི་ལི་གཙུག་ལག་སློབ་གྲྭ་ཆེན་མོའི་ནང་ཕྱི་ལོ་ ༡༩༥༧ གསར་འཛུགས་བྱས་པའི་ནང་ཆོས་སློབ་གཉེར་གྱི་ Department Of Buddhist Studies ཞེས་པའི་སྡེ་ཚན་ཞིག་ཡོད་བཞིན་པ་དང་། སྡེ་ཚན་དེ་ནི་ཕྱི་ལོ་ ༡༩༥༦ སྟོན་པ་སྐུ་མྱ་ངན་ལས་འདས་ཏེ་ལོ་ངོ་ ༢༥༠༠ འཁོར་བའི་རྗེས་དྲན་དང་བསྟུན་སྐབས་དེའི་རྒྱ་གར་གཞུང་གི་ངོས་ནས་གསར་འཛུགས་བྱས་པའི་ནང་པའི་སློབ་གཉེར་གྱི་སྡེ་ཚན་ཞིག་ཡིན་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།