Tibetan Royal Year of 2151 | Year of the Wood Dragon

སློབ་གྲྭ་ཁག་ཤེས་ཡོན་གནས་སྟངས་སོགས་དང་འབྲེལ་ནས་བགྲོ་གླེང་ལྷུག་པོ་གནང་སོང་།

Tibetan News Headlines

  • Conversation with TWA members on Association’s mission, outreach, and youth engagement strategies

རེས་གཟའ་སྤེན་པ། ༢༠༢༤།༠༤།༢༧

  • བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ངོ་བོ་དང་ལས་དོན། གཞོན་སྐྱེས་མཉམ་ཞུགས་སྐོར་གླེང་མོལ།

དེ་རིང་གྲོས་ཚོགས་ཚོགས་དུས་ ༦ པའི་ལས་ཉིན་དྲུག་པའི་ཐོག ཕྱི་ལོ་ ༢༠༢༢་་༢༣ ལོའི་ཤེར་རིག་ལས་ཁུངས་མ་ལག་དང་བཅས་པའི་ལས་བསྡོམས་སྙན་སྒྲོན་ལྟར་སྤྱི་འཐུས་རྣམ་པས་ཤེས་རིག་བཀའ་བློན་མཆོག་ལ་དེ་འབྲེལ་འདྲི་རྩད་ལྷུག་པོ་གནང་ཡོད།

Tharlam Dolma

གྲོས་ཚོགས་སུ་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་གིས་ཕྱི་ལོ་ ༢༠༢༢་་༢༣ ལོའི་ཤེས་རིག་ལས་ཁུངས་ཀྱི་ལོ་འཁོར་ལས་བསྡོམས་སྙིང་བསྡུས་སྙན་སྒྲོན་དང་དེའི་ཐོག་སྤྱི་འཐུས་རྒྱན་ལས་ཀྱིས་ཤེས་རིག་ལས་ཁུངས་མང་ལག་དང་བཅས་པའི་ལས་བསྡོམས་རྒྱས་པར་ཞིབ་འཇུག་གནང་བའི་སྙན་ཐོག་སྙན་སྒྲོན་ཟིན་མཚམས། སྤྱི་འཐུས་རྣམ་པས་ཤེས་རིག་ལས་ཁུངས་ཀྱི་ཁྱབ་ཁོངས་སུ་ཡོད་པའི་སློབ་གྲྭ་ཁག་གི་དགེ་རྒན་ཚོའི་གནས་སྟངས་དང་། འཕོ་འགྱུར་སྐབས་སྟོང་ཆ་དང་དགེ་རྒན་འདང་གི་མེད་པའི་གནས་སྟངས་ལྷག་ཡོད་མེད་སོགས་ཀྱི་ཐོག་ལ་ཞིབ་འཇུག་གནང་ཡོད་མེད། དེ་བཞིན་གཟའ་མཇུག་སློབ་གྲྭའི་སྐོར་བཀའ་འདྲི་ཞུས་པར། སྐབས་དེར་ཤེས་རིག་བཀའ་བློན་མཆོག་གིས་དགེ་རྒན་གྱི་ས་མིག་གསལ་བསྒྲགས་བྱེད་སྐབས་སྙན་ཞུ་རྒྱག་མཁན་ཉུང་ཉུང་ཆགས་ཀྱི་ཡོད་པ་དང་། ལྷག་པར་དགེ་རྒན་འཕོ་འགྱུར་རམ་གནས་སྤོ་གཏོང་རྒྱུ་ནི་བཀོད་སྒྲིག་ཚོགས་ཆུང་གིས་སྐབས་འགར་སྒྲིག་འཛུགས་ཀྱི་དགོས་མཁོ་དང་། མི་མང་གི་མངོན་འདོད། དེ་བཞིན་རེ་འདུན་ལ་བརྟེན་ནས་གནང་གི་ཡོད་པ་དང་། དེ་གྲུབ་མཚམས་གང་མགྱོགས་དེ་འབྲེལ་སྟོང་ཆ་སོགས་ཀྱི་དཀའ་ངལ་སེལ་ཆེད་འབད་བརྩོན་གནང་དང་གནང་བཞིན་ཡོད་པ་མ་ཟད། གཟའ་མཇུག་སློབ་གྲྭའི་གནས་དང་འབྲེལ་ནས་བོད་མི་མང་པོ་ཞིག་ཕྱི་རྒྱལ་ལ་ཕེབས་ཡོད་སྟབས། ཕ་མར་སློབ་གསོ་མཚོན་པའི་ཕྱི་རྒྱལ་ཡུལ་གྲུ་ཁག་གཅིག་ནང་གཟའ་མཇུག་སློབ་གྲྭའི་དྭངས་བླངས་དགེ་རྒན་རྣམས་ལ་ཟབ་སྦྱོང་སྤྲོད་ཡོད་ཅིང་། དེ་ནི་བོད་སྐད་ཙམ་མིན་པར་སཱི་ཤེས་ཡོན་སློབ་གསོའི་ཐོག་ལའང་ཟབ་སྦྱོང་གོ་སྒྲིག་ཞུས་དང་ཞུ་རྒྱུ་ཡིན་པ་གསུངས་སོང་།

དེ་བཞིན་སྤྱི་འཐུས་ཁག་གཅིག་གིས་བཙན་བྱོལ་བོད་མིའི་ཤེས་ཡོན་སྲིད་བྱུས་ལག་བསྟར་ཚད་ལྡན་ཡོང་མིན་ལ་བསྐྱར་ཞིབ་དགོས་གལ་དང་། སྲིད་བྱུས་ནང་འཁོད་པ་གཞིར་བཟུང་དམིགས་བསལ་དགོས་མཁོ་ཅན་གྱི་སློབ་ཕྲུག་རྣམས་ལ་ཤེས་་ཡོན་སློབ་གསོ་ཚད་ལྡན་ཡོང་གི་ཡོད་མིན་སོགས་འདྲི་རྩད་གནང་མཁན་བྱུང་སོང་།

གཞན་ཡང་བལ་ཡུལ་གངས་ཅན་སྡེ་རྩའི་གནས་སྟངས་དང་འབྲེལ་ནས་བཀའ་འདྲི་ཞུས་པར་ཤེས་རིག་བཀའ་བློན་མཆོག་གིས་ཤེས་རིག་ལས་ཁུངས་ངོས་ནས་ད་བར་མཐུན་རྐྱེན་གང་ཡོད་སྦྱར་ཡོད་པ་མ་ཟད། འབྲེལ་ཡོད་ལམ་སྟོན་གནང་ཡོད་ཀྱང་དེ་ཕྱོགས་ནས་གསན་འཇོག་བྱེད་ཀྱི་མེད་པ་འགྲེལ་བརྗོད་དང་འབྲེལ། ཤེས་རིག་ལས་ཁུངས་ནས་མུ་མཐུད་དཀའ་ངལ་སེལ་ཐབས་སླད་འབད་བརྩོན་བྱ་རྒྱུ་དང་། ལྷག་པར་དེ་འབྲེལ་བླང་དོར་སྒྲིག་གཞི་ཡག་པོ་ཞིག་བཟོ་དགོས་གལ་སོགས་གསུངས་སོང་།

མ་ཟད་སྤྱི་འཐུས་རྣམས་ཀྱིས་སློབ་གྲྭ་ཁག་གཅིག་གི་ད་ལྟའི་གནས་སྟངས་དང་། དགེ་རྒན་གྱི་དཀའ་ངལ། དཔེ་དེབ་པར་སྐྲུན་དང་འགྲེམས་སྤེལ་གནང་ཕྱོགས། དགེ་རྒན་རྩེ་ཕུད་ལ་ལེགས་གསོལ་གནང་དགོས་གལ། སློབ་ཕྲུག་རྣམས་རྩོམ་རིག་འགྲན་བསྡུར་ནང་མཉམ་ཞུགས་ཀྱི་ལེགས་གསོལ་བྱ་དགའ་སྤར་དགོས་གལ། སློབ་ཡོན་རིན་མེད་བཟོ་དགོས་གལ་སོགས་དང་འབྲེལ་ནས་དྲི་བ་དང་དགོངས་ཚུལ་འབུལ་མཁན་བྱུང་སོང་། སྤྱིར་དེ་རིང་ཤེས་རིག་ལས་ཁུངས་ཀྱི་ལས་བསྡོམས་སྤྱི་ཡོངས་ཀྱི་བགྲོ་གླེང་ཐོག་སྤྱི་འཐུས་ཁག་ ༢༠ ལྷག་གི་ཆ་ཤས་བླངས་ཡོད་པ་དང་། བགྲོ་གླེང་ཁྲོད་སྤྱི་འཐུས་ཁག་གཅིག་གིས་ཤེས་རིག་བཀའ་བློན་ནས་དྲི་བ་ཁག་ལ་བཀའ་ལན་ཁ་གསལ་མེད་པར་ལས་རིམ་རྣམ་བཞག་བཏོན་མཁན་མི་ཉུང་བ་ཞིག་བྱུང་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།