Tibetan Royal Year of 2151 | Year of the Wood Dragon

བལ་ཡུལ་དེ་བཞིན་བོད་མི་ཚོར་ཉེན་ཁ་ཆེ་བའི་ས་ཁུལ་དུ་འགྱུར་བཞིན་པའི་སྙན་ཐོ་འདོན་སྤེལ།

Tibetan News Headlines

  • Gongma Rinpoche at 80: An in-depth interview with Sakya Gongma Trichen Rinpoche uncovering his life journey and biography

རེས་གཟའ་སྤེན་པ། ༢༠༢༤།༠༤།༢༧

  • དམིགས་བསལ་ལས་རིམ། ས་སྐྱ་གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གི་༧སྐུ་ཚེའི་མཛད་རྣམ་སྙིང་བསྡུས།

སང་ཉིན་ཕྱི་ཟླ་ ༡༢ ཚེས་ ༡༠ ཉིན་མོ་དེ་ནི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཡོངས་ཁྱབ་གསལ་བསྒྲགས་བསྐྱངས་ཏེ་ལོ་ངོ་ ༧༥ འཁོར་བའི་དུས་ཚིགས་གལ་ཆེན་ཞིག་ཆགས་ཀྱི་ཡོད་པ་དང་བསྟུན། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་དེ་རིང་དང་སང་ཉིན་བཅས་ཉིན་གྲངས་གཉིས་རིང་རྡ་ས་ནོར་བུ་གསོལ་མགྲོན་ཁང་དུ་འགྲོ་བ་མིའི་ཐོབ་ཐང་གི་དུས་སྟོན་ཞིག་གོ་སྒྲིག་ཞུས་པ་མ་ཟད། དེ་རིང་དུས་སྟོན་གྱི་ཉིན་དང་པོར། ལྟེ་གནས་ཁང་དེ་ཉིད་དང་ལྷོ་ཀོ་རི་ཡར་རྟེན་གཞི་བྱས་པའི་ Asian Dignity Initiative ཞེས་ཨེ་ཤི་ཡའི་ཆེ་མཐོང་སྲུང་སྐྱོབ་ཚོགས་པ་གཉིས་མཉམ་འབྲེལ་གྱིས་སྙན་ཐོ་ཞིག་འདོན་སྤེལ་གནང་བའི་ནང་། བལ་ཡུལ་ནང་ཉེ་བའི་ལོ་ཤས་རིང་རྒྱ་ནག་གི་གནོན་ཤུགས་ཇེ་ཆེར་འགྲོ་བཞིན་པའི་ཁྲོད། དེང་སྐབས་རྒྱལ་ཁབ་དེ་བཞིན་བོད་གཉིས་པ་ལྟ་བུར་འགྱུར་བཞིན་པ་དང་། སྔོན་ཆད་བོད་མི་སྐྱབས་བཅོལ་བ་རྣམས་ལ་བདེ་འཇགས་ཀྱི་གནས་མལ་སྐྲུན་མཁན་ཞིག་ཡིན་པ་དེ་ལྟར་ཡང་། ད་སྐབས་བོད་མི་རྣམས་ལ་ཉེན་ཁ་ཆེ་བའི་ས་ཁུལ་ཞིག་ཏུ་གྱུར་དང་འགྱུར་མུས་ཡིན་པ་གསུངས་འདུག

འདི་ག་རླུང་འཕྲིན་ཁང་ནས་ཆེད་དོན་སྙན་དེའི་ཐོག་ལྟེ་གནས་ཁང་གི་འཛིན་སྐྱོང་འགན་འཛིན་བསྟན་འཛིན་ཟླ་བ་ལགས་དང་ལྷན་དུ་བཅར་འདྲི་ཞུས་པ་ཞིག་གཤམ་ལ་གསན་རོགས་གནང་།

ཕྱོགས་མཚུངས་སང་ཉིན་ཕྱི་ཚེས་ ༡༠ ཉིན་མོ་དེ་ནི། དེ་སྔ་ཕྱི་ལོ་ ༡༩༤༨ ལོར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉིན་མོ་ཞེས་ཡོངས་གྲགས་གཏན་འབེབས་དང་། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཡོངས་ཁྱབ་གསལ་བསྒྲགས་བསྐྱངས་ཏེ་ལོ་ངོ་ ༧༥ འཁོར་བའི་དུས་ཚིག་གལ་ཆེན་ཞིག་ཆགས་ཀྱི་ཡོད་པ་རེད། ལྷག་པར་དུ་འགྲོ་བ་མིའི་ཐོབ་ཐང་གནད་དོན་ཐོག་འཛམ་གླིང་ནང་གི་གཞུང་སྒེར་མང་ཚོགས་ནས་དོ་ཁུར་དང་དོ་སྣང་ཡོང་ཐབས་སུ། ལོ་ལྟར་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་འབོད་ཚིག་དང་བརྗོད་གཞི་བྱེ་བྲག་པ་ཆེད་སྒྲིག་སྒོ་ནས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉིན་མོ་སྲུང་བརྩི་ཞུ་བཞིན་ཡོད་པ་དང་། འདི་ལོའི་འགྲོ་བ་མིའི་ཐོབ་ཐང་ཉིན་མོའི་འབོད་ཚིག་ནི། རང་དབང་དང་འདྲ་མཉམ། སྤྱི་སྙོམ་དྲང་བདེན་ཞེས་པ་དེ་རེད།

འདི་ག་རླུང་འཕྲིན་ཁང་གིས་གོ་སྐབས་དེ་དང་བསྟུན། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ཉམས་ཞིབ་པ་ཉི་འོད་ལགས་སུ་བཅར་འདྲི་ཞུས་ཡོད་པས་གོང་གི་དྲ་ཐག་ནས་གསན་གཟིགས་གནང་རོགས།

རྩ་བའི་ཁ་སྔོན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཡོངས་ཁྱབ་གསལ་བསྒྲགས་བསྐྱངས་ཏེ་ལོ་ངོ་ ༧༥ འཁོར་བའི་དུས་ཚིགས་དང་བསྟུན་གསུང་འཕྲིན་ཞིག་སྩལ་བའི་ནང་། གོ་ལ་འདིའི་ནང་དཀའ་ངལ་སེལ་བར་འགྲོ་བ་མིའི་གཅིག་འགྱུར་གྱི་འདུ་ཤེས་དང་། ཕན་ཚུནགཅིག་ལ་གཅིག་རྟེན་གྱི་རང་བཞིན་ཡིན་པའི་ལྟ་ཚུལ་ཟབ་མོ་ཞིག་གི་ཐོག་ནས་རྒྱལ་སྤྱིའི་ཁྲོད་ནུས་པ་ལྡན་པའི་བྱ་བཞག་སྒྲུབ་དགོས་གལ་དང་། སྙིང་རྗེ་དང་འཚེ་བ་མེད་པ་གཞི་རྩར་བཟུང་བའི་ཐོག་ཕན་ཚུན་གྲོས་མོལ་བརྒྱུད་དཀའ་རྙོག་སེལ་རྒྱུར་འབད་བརྩོན་བྱ་དགོས་གལ་ཡིན་པའི་ལམ་སྟོན་བཀའ་དྲིན་ཆེ་བ་སྩལ་ཡོད་པ་རེད། མ་ཟད་སང་ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་འཛམ་གླིང་ནོ་སྦལ་ཞི་བདེའི་གཟེངས་རྟགས་ཕུལ་ནས་ལོ་ངོ་ ༣༤ འཁོར་གྱི་ཡོད་པ་རེད།

གཞི་རྩའི་བོད་ཀྱི་འགྲོ་བ་མིའི་ཐབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ངོས་ནས་ཐེངས་འདིའི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་དང་འབྲེལ། ཉིན་གཉིས་རིང་གི་དུས་སྟོན་དེའི་ཁོངས་སུ་འབྲོག་པའི་གློག་བརྙན་གཟིགས་འབུལ་དང་། སྙན་ངག་གྱེར་འདོན་སོགས་ལས་རིམ་ཁག་གཅིག་གོ་སྒྲིག་ཞུས་འདུག་པ་དང་། སང་ཉིན་ཕྱི་ཚེས་བཅུའི་ཉིན་རྒྱབ་གཞིས་བཞུགས་རྩོམ་པ་པོ་ནགས་ཚང་ནུས་བློ་ལགས་ཀྱི་ལོ་རྒྱུས་དེབ་ཕྲེང་གཉིས་པ་ནགས་ཚང་གཞོན་ནུའི་རང་མཚང་ཞེས་པའི་དཔེ་དེབ་དབུ་འབྱེད་ཐོག་ཁོང་གི་མི་ཚེ་དང་བརྩམས་ཆོས་སྐོར་གྱི་གནད་ཡོད་མི་སྣའི་བགྲོ་གླེང་ཞིག་ཀྱང་གོ་སྒྲིག་གནང་རྒྱུ་ཡིན་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།