Tibetan Royal Year of 2151 | Year of the Wood Dragon

རྒྱ་གར་གཞུང་གིས་ངེས་པར་དུ་རྒྱལ་ཚོགས་སུ་བོད་དོན་གླེང་དགོས་པའི་འབོད་སྐུལ།

Tibetan News Headlines

  • Rice planting with Tashi Tobgyal, Mainpat Tibetan Settlement’s Premier Farm Cultivator
  • Saga Dawa by Yangteng Rinpoche

རེས་གཟའ་ཉི་མ། ༢༠༢༤།༠༥།༡༢

  • མན་སྤར་ཕན་བདེ་གླིང་བོད་མིའི་གཞིས་ཆགས་ཀྱི་ཞིང་པ་བཀྲིས་སྟོབས་རྒྱལ་ལགས་དང་གླེང་མོལ།
  • ས་ག་ཟླ་བ་ངོ་སྤྲོད།

རིང་མིན་ཕྱི་ཟླ་ ༡ ནང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱལ་ཁབ་སོ་སོའི་ཡོངས་ཁྱབ་དུས་མཚམས་བསྐྱར་ཞིབ་ Universal Periodic Review སྐབས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐོག་གླེང་སློང་གནང་རྒྱུ་ཡིན་པ་ལྟར་རྒྱ་གར་ནང་ཡོད་པའི་བོད་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གིས་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་མཆོག་གིས་དབུས་པའི་གྲོས་ཚོགས་ཀྱི་ཕྱི་འབྲེལ་ཚོགས་ཆུང་གི་གནད་ཡོད་དཔོན་རིགས་ཁག་དང་མཇལ་འཕྲད་ཞུས་ཏེ་རྒྱ་གར་གཞུང་གིས་ངེས་པར་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བསྐྱར་ཞིབ་ལྷན་ཚོགས་ཀྱི་གོ་སྐབས་ཆེ་བཞེས་ཀྱིས་བོད་ནང་གི་ཆེས་ཛ་དྲག་ཅན་གྱི་དངོས་ཡོད་གནས་སྟངས་ཁག་མངོན་གསལ་གནང་སྟེ་གླེང་སློང་གནང་དགོས་པའི་འབོད་སྐུལ་ཞུས་འདུག

ཁ་སང་རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པའི་ Press Club Of India གསར་འགོད་ལྟེ་གནས་ཁང་དུ་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་རྒྱལ་ཡོངས་མང་གཙོ་ཚོགས་པ།   བོད་རང་བཙན་སློབ་ཕྲུག་ཚོགས་པ། རྒྱལ་སྤྱིའི་བོད་ཀྱི་འབྲེལ་མཐུད། འཚེ་མེད་ཞི་བའི་ཐེབས་རྩ་ Foundation for Non-Violent Alternatives བཅས་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ལྔས་གསར་འགོད་ལྷན་ཚོགས་ཤིག་བསྐྱངས་ཏེ་ཚོགས་པ་སོ་སོའི་ངོས་ནས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་སྤྱི་དང་ལྷག་པར་དུ་རྒྱ་ནག་གཞུང་གི་ངོས་ནས་བོད་ཀྱི་བྱིས་པའི་ཐོག་འཛིན་པའི་བཙན་དབང་གི་སྲིད་བྱུས་དང་བོད་མིའི་ཆོས་དད་རང་དབང་བཅས་ཀྱི་དངོས་ཡོད་གནས་སྟངས་ཁག་གསར་འགོད་པར་ངོ་སྤྲོད་གནང་ཡོད་པ་རེད།

རླུང་འཕྲིན་ཁང་ནས་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་གཙོ་བཀྲིས་དོན་གྲུབ་ལགས་སུ་བཅའ་འདྲི་ཞུས་པར་ཁོང་རྣམས་ཀྱིས་ཕྱི་ཚེས་ ༤ ནས་ཁ་སང་བར་རྒྱལ་ས་ལྡི་ལིར་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་མཆོག་གིས་དབུས་པའི་གྲོས་ཚོགས་ཀྱི་ཕྱི་འབྲེལ་ཚོགས་ཆུང་གི་གནད་ཡོད་དཔོན་རིགས་ཁག་དང་མཇལ་འཕྲད་ཞུས་ཏེ་རྒྱ་གར་གཞུང་གིས་ངེས་པར་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བསྐྱར་ཞིབ་ལྷན་ཚོགས་ཀྱི་གོ་སྐབས་ཆེ་བཞེས་ཀྱིས་བོད་ནང་གི་ཆེས་ཛ་དྲག་ཅན་གྱི་དངོས་ཡོད་གནས་སྟངས་སྤྱི་དང་ལྷག་དོན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་ཡང་སྲིད་ངོས་འཛིན་ཞུ་ཕྱོགས་ཀྱི་གནད་དོན།  རྒྱ་ནག་གིས་བཙན་དབང་ཐོག་བོད་རིགས་བྱིས་པ་རྣམས་ཕ་མ་དང་ཁ་བྲལ་བཏང་སྟེ་བོད་མིའི་ངོ་རྩ་མེད་བཟོ་ཐབས་ཀྱི་སྲིད་བྱུས་བཅས་ཀྱི་སྐོར་ལ་མཉམ་འབྲེལ་རྒྱལ་ཚོགས་སུ་གླེང་སློང་ཐུབ་པའི་འབོད་སྐུལ་ཞུས་ཡོད་ཅེས་གསུངས་ཡོད།

གཞི་རྩའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཡོངས་ཁྱབ་དུས་མཚམས་བསྐྱར་ཞིབ་ Universal Periodic Review ཞེས་པའི་ཚོགས་འདུ་དེ་རིང་མི་ཕྱི་ཟླ་ ༡ ནང་སུད་སི་གྲོང་ཁྱེར་ཇི་ནི་ཝར་འཚོགས་གཏན་ཁེལ་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།