Tibetan Royal Year of 2151 | Year of the Wood Dragon

བསྟན་འཛིན་སྒྲོལ་མ་ལགས་སྐབས་ ༡༣ པའི་བོད་ཀྱི་བེུད་ལྷན་ཚོགས་ཀྱི་སྤྱི་ཁྱབ་ཚོགས་གཙོར་བདམས་ཐོན།

Tibetan News Headlines

  • Dalai Lama meets with Estonian parliamentarians and Tibet support group delegation
  • International community calls China to provide evidence of Panchen Lama’s whereabouts and wellbeing
  • Its solely a pilgrimage and religious visit: Sakya Gongma Trichen rinpoche on recent visit to Bhutan
  • Tibetan spiritual leader grants an audience to 200 devotees from Nepal
  • Xi Jinping tells Antony Blinken US should avoid ‘vicious competition’ with China
  • US jails Chinese man who threatened student activist
  • Diaspora feature: Yeshi Thaye, hairdresser in Odisha Phuntsokling Settlement

རེས་གཟའ་པ་སངས། ༢༠༢༤།༠༤།༢༦

  • ༸གོང་ས་མཆོག་གིས་ཨི་སི་ཏོ་ནི་ཡའི་གྲོས་ཚོགས་འཐུས་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ལ་མཇལ་ཁ་སྩལ་བ།
  • རྒྱལ་སྤྱིའི་སྤྱི་ཚོགས་ནས་རྒྱ་གཞུང་ལ་༸པཎ་ཆེན་རིན་པོ་ཆེ་གར་ཡོད་ཕྱིར་བསྒྲགས་དགོས་པའི་ནན་སྐུལ་གནང་འདུག
  • འབྲུག་ཡུལ་དུ་ཆིབས་བསྒྱུར་མཛད་པ་ནི་ཆོས་ཕྱོགས་ཀྱི་ལས་དོན་ཁོ་ནའི་ཆེད་དུ་ཡིན་པ་བཀའ་བསྩལ་སོང་།
  • ༸གོང་ས་མཆོག་གིས་བལ་པོའི་མི་སེར་༢༠༠ བརྒལ་བ་ལ་མཇལ་ཁ་སྩལ་བ།
  • ཞི་ཅིན་ཕིང་གིས་ཨ་རྒྱ་གཉིས་མཐུན་གྲོགས་ལས་ཁ་གཏད་བྱ་མི་རུང་ཞེས་བརྗོད་འདུག
  • མང་གཙོའི་ལས་འགུལ་བ་ཞིག་ལ་འཇིགས་སྐུལ་བྱས་རྐྱེན་རྒྱའི་སློབ་མ་ཞིག་ལ་ཁྲིམས་ཐག་བཅད་པ།
  • བཙན་བྱོལ་བོད་མིའི་གནས་སྟངས་ངོ་སྤྲོད། ཨོ་རི་ས་ཕུན་ཚོགས་གླིང་དུ་གནས་སྡོད་སྐྲ་བཟོ་བ་ཡེ་ཤེས་མཐའ་ཡས།

ཉིན་གྲངས་གསུམ་རིང་ཚོགས་པའི་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་ ༡༣ པའི་ཐོག་༸གོང་ས་མཆོག་གི་༸སྐུ་ཕྱ་གཙོས་པའི་གྲོས་གཞི་དོན་ཚན་དགུ་གཏན་འབེབས་ཀྱིས་དེ་རིང་ཚོགས་ཆེན་མཇུག་སྒྲིལ་ཟིན་པ་དང་སྦྲགས་ཏེ་བསྟན་འཛིན་སྒྲོལ་མ་ལགས་སྐབས་ ༡༣ པའི་བོད་ཀྱི་བེུད་ལྷན་ཚོགས་ཀྱི་སྤྱི་ཁྱབ་ཚོགས་གཙོར་བདམས་ཐོན་བྱུང་སོང་།
བཞུགས་སྒར་དྷརྨ་ས་ལའི་བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་དུ་ཟླ་བ་འདིའི་ཚེས་ ༡༤ ནས་ ༡༦ བཅས་ཉིན་གྲངས་གསུམ་རིང་ཚོགས་པའི་ཚོགས་ཆེན་གྱི་ཉིན་མཐའ་མའི་ཕྱི་དྲོར་བོད་ཀྱི་བེུད་ལྷན་ཚོགས་ཀྱི་རྒྱུན་ལས་འོས་འདེམས་ཀྱི་ལས་རིམ་ཐོག་ས་གནས་རྣམས་ནས་སྔོན་འགྲོའི་ས་བོན་གྱི་འོས་མི་ཁག་ཅིག་མཚན་འདོན་གནང་བ་དང་སྦྲགས། འོས་བསྡུ་བྱས་པ་བརྒྱུད་ཚོགས་བཅར་བ་རྣམས་ནས་སྔོན་འགྲོའི་འོས་མི་ ༡༤ འོས་འདེམས་གནང་ཡོད་པ་དང་། དེ་རྗེས་དངོས་གཞིའི་འོས་འདེམས་ཁྲོད་བོད་ཀྱི་དབུས་བེུད་ལྷན་ཚོགས་ཀྱི་རྒྱུན་ལས་མི་གྲངས་ ༧ འདེམས་སྒྲུག་གིས་བསྟན་འཛིན་སྒྲོལ་མ་ལགས་སུ་འོས་གྲངས་ ༣༧ ཐོབ་སྟེ་བོད་ཀྱི་བེུད་ལྷན་ཚོགས་ཀྱི་སྐབས་ ༡༣ པའི་ཚོགས་གཙོར་བདམས་ཐོན་བྱུང་སོང་བ་དང་། ཚེ་རིང་སྒྲོལ་མ་ལགས་སུ་འོས་གྲངས་ ༢༡ ཐོབ་སྟེ་ཚོགས་གཞོན་དུ་བདམས་ཐོན་དང་། དེ་བཞིན་སྐལ་བཟང་སྒྲོལ་མ་ལགས་སུ་འོས་གྲངས་ ༢༥ ཐོབ་སྟེ་དྲུང་ཆེར་བདམས་ཐོན་བྱུང་སོང་།སྐབས་དེར་བདམས་ཐོན་བྱུང་བའི་ཚོགས་གཙོ་བསྟན་འཛིན་སྒྲོལ་མ་ལགས་ཀྱིས་བུད་མེད་ལྷན་ཚོགས་ཀྱི་ལས་དོན་ལེགས་པོ་ཡོང་བར་ཚང་མས་ཕྱར་གྲུ་མཉམ་འདེགས་གནང་དགོས་པའི་རེ་སྐུལ་ཞུས་པ་དང་བསྟུན། རང་ཉིད་ཀྱིས་འདས་པའི་དུས་ཡུན་རིང་པོར་ས་གནས་མང་པོའི་ནང་ཚོགས་གཙོའི་འགན་ཁུར་བཞེས་ཡོད་སྟབས་ཚོར་སྣང་དམིགས་བསལ་མེད་ཀྱང་བོད་པའི་བུད་མེད་རྣམས་ནས་ངེས་པར་དུ་རང་ཉིད་ལ་སྡིངས་ཆ་ཞིག་རག་སྐབས་གོ་སྐབས་དམ་འཛིན་བྱ་རྒྱུ་གལ་ཆེན་ཡིན་སྐོར་གསུངས་སོང་།
གཞི་རྩའི་དེ་རིང་ཉིན་གྲངས་གསུམ་གྱི་ཚོགས་ཆེན་མཇུག་སྒྲིལ་ཟིན་ཡོད་ནའང་། སང་ཉིན་དང་གནངས་ཉིན་བཅས་ཉིན་གྲངས་གཉིས་རིང་ཚོགས་བཅར་བར་བུད་མེད་ལྷན་ཚོགས་དང་བོད་མིའི་སྒྲིག་འཛུགས་ཟུང་འབྲེལ་གྱིས་དབུ་འཛུགས་གནང་བའི་ (Tibetan Women Helpline) བོད་ཀྱི་བུད་མེད་རོགས་རམ་འབྲེལ་མཐུད་ལས་ཁུངས་དང་དབུ་མའི་ལམ་སོགས་ཀྱི་བརྗོད་གཞི་ཁག་ཅིག་ཐད་ཟབ་སྦྱོང་ཕུལ་རྒྱུ་རེད་འདུག

འབྲེལ་ཡོད་གསར་གནས།

གསར་གནས།