Tibetan Royal Year of 2151 | Year of the Wood Dragon

བོད་ཀྱི་བུད་མེད་ནུས་སྟོབས་གོང་སྤེལ་ཚན་པའི་བགྲོ་གླེང་དབུ་འཛུགས།

Tibetan News Headlines

  • Gongma Rinpoche at 80: An in-depth interview with Sakya Gongma Trichen Rinpoche uncovering his life journey and biography

རེས་གཟའ་སྤེན་པ། ༢༠༢༤།༠༤།༢༧

  • དམིགས་བསལ་ལས་རིམ། ས་སྐྱ་གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གི་༧སྐུ་ཚེའི་མཛད་རྣམ་སྙིང་བསྡུས།

དེ་རིང་བོད་མིའི་སྒྲིག་ཛུགས་དཔལ་འབྱོར་ལས་ཁུངས་ཀྱི་བུད་མེད་ནུས་སྟོབས་གོང་སྤེལ་ཚན་པས་གོ་སྒྲིག་འོག་བོད་མིའི་སྤྱི་ཚོགས་ཁྲོད་བུད་མེད་ནུས་སྟོབས་གོང་སྤེལ་ཐོག་བགྲོ་གླེང་དབུ་འཛུགས་གནང་སོང་།

ཟླ་ ༡༡ ཚེས་ ༣ ཉིན་སྔ་དྲོར་བུད་མེད་ནུས་སྟོབས་གོང་སྤེལ་ཚན་པས་གོ་སྒྲིག་འོག་བཞུགས་སྒར་དུ་རྟེན་གཞི་བྱས་པའི་ཨེ་ཤེ་ཡའི་གསོལ་མགྲོན་ཁང་དུ་བོད་ཀྱི་བུད་མེད་ནུས་སྟོབས་གོང་སྤེལ་ཐོག་བགྲོ་གླེང་དབུ་འཛུགས་གནང་སོང་བ་དང་། སྐབས་དེའི་དབུ་འབྱེད་མཛད་སྒོའི་སྐུ་མགྲོན་གཙོ་བོར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་དམིགས་བསལ་སྐུ་མགྲོན་ཨ་རིའི་རོགས་ཚོགས་ཀྱི་ལས་འཆར་དོ་དམ་པ་ལྕམ་པུ་ནམ་ལགས་རྣམ་གཉིས་ཆེད་ཕེབས་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཐེངས་འདིའི་ཚོགས་འདུ་དེ་བཞིན་སྐབས་ ༡༦ པའི་བཀའ་ཤག་གིས་ལས་འཁུར་ཞུས་རྗེས་བུད་མེད་ནུས་སྟོབས་གོང་སྤེལ་དང་འབྲེལ་བའི་བགྲོ་གླེང་ཚོགས་འདུ་ཐེངས་དང་པོ་དེ་ཆགས་ཀྱི་ཡོད་པ་ངོ་སྤྲོད་དང་འབྲེལ། བགྲོ་གླེང་ཐོག་ཕེབས་པའི་ཚོགས་བཅར་བ་ཡོངས་ཀྱིས་གོ་བསྡུར་ལྷུག་པོ་གནང་སྟེ་བོད་ཀྱི་བུད་མེད་ནུས་སྟོབས་གོང་སྤེལ་གྱི་སྲིད་བྱུས་ལ་བསྐྱར་ཞིབ་ཐད་དགོངས་འཆར་འབུལ་ཐུབ་ན་དགེ་མཚན་ཆེན་པོ་གཟིགས་ཀྱི་ཡོད་པ་གསུངས་ཡོད།

ཁྱད་པར་དུ་སྲིད་སྐྱོང་མཆོག་གིས་བོད་མིའི་སྤྱི་ཚོགས་དེ་བཞིན་དེང་དུས་སྤྱི་ཚོགས་ཀྱི་འགྱུར་འགྲོས་ལ་གཞིགས་ཏེ་གོམ་པ་མདུན་སྤོས་གནང་ཐབས་སུ་འབད་དགོས་གལ་གསུངས་པ་དང་འབྲེལ། ཐེངས་འདིའི་བགྲོ་གླེང་ཐོག་ནས་བུད་མེད་ནུས་སྟོབས་གོང་སྤེལ་དང་འབྲེལ་བའི་ཁྲིམས་དང་སྒྲིག་གཞི། ལམ་སྟོན་བཅས་པ་གང་ཞིག་གཏན་འབེབས་གནང་ཚེ་དེ་དག་ངེས་པར་ནུས་པ་ལྡན་པ་ཞིག་དགོས་གལ་མ་ཟད། ས་གནས་སོ་སོའི་ཡུལ་ཁྲིམས་དང་བོད་མིའི་གནས་སྟངས་དང་མཐུན་པ། དེ་བཞིན་ལག་བསྟར་གནང་འོས་པ་བཅས་ཀྱི་ཐོག་ནས་མ་མ་འོངས་རྒྱུན་གནས་ཐུབ་པ་ཞིག་དགོས་ཀྱི་ཡོད་པའི་ལམ་སྟོན་གནང་འདུག

དབུ་འབྱེད་མཛད་སྒོའི་ཐོག་བུད་མེད་ནུས་སྟོབས་གོང་སྤེལ་ཚན་པའི་འགན་འཛིན་ཚེ་རིང་སྐྱིད་ལགས་ཀྱིས། བུད་མེད་ནུས་སྟོབས་གོང་སྤེལ་ཚན་པ་དེ་བཞིན་ཕྱི་ལོ་ ༢༠༠༨ ལོར་གསར་འཛུགས་ཀྱིས་ད་བར་བོད་མིའི་སྤྱི་ཚོགས་ཁྲོད་བེུད་དང་ཕྲུ་གུ་བུ་ཚོའི་ནུས་སྟོབ་གོང་སྤེལ་ལ་འགོག་རྐྱེན་བཟོ་བཞིན་པའི་གནད་དོན་ཁག་ལ་གདོང་ལེན་གྱིས་ཟབ་སྦྱོང་དང་སྦྱོང་བརྡར། དེ་བཞིན་གོ་རྟོགས་ལས་རིམ་དང་ཉམས་ཞིབ་ལས་དོན་སོགས་རིམ་པ་མང་དག་ཅིག་གོ་སྒྲིག་ཞུ་མུས་ཡིན་པ་ངོ་སྤྲོད་གནང་སྟེ། ད་རེས་ཀྱི་བགྲོ་གླེང་འདི་བཞིན་བོད་མིའི་སྤྱི་ཚོགས་ཁྲོད་རྟགས་སམ་མཚན་མ། བུད་མེད་ཀྱི་ནུས་སྟོབས་གོང་སྤེལ་སོགས་གནད་དོན་ཁག་གི་ཐོག་ཤེས་ཚད་གཏིང་ཟབ་པ་ཞིག་དང་བཀའ་སྡུར་ལྷུག་པོ་ཡོང་ཆེད་དུ་གོ་སྒྲིག་ཞུས་ཡིན་ཞེས་གསུངས་ཡོད།

ཉིན་གསུམ་གྱི་བགྲོ་གླེང་དེའི་ཐོག་རྒྱབ་ལྗོངས་འདྲ་མིན་གྱི་ཆེད་ལས་མི་སྣའི་གསུང་བཤད་གོ་སྒྲིག་གནང་ཡོད་པ་བཞིན། དེ་རིང་དབུ་འབྱེད་མཛད་སྒོ་གྲུབ་བསྟུན་བཞུགས་མོལ་བགྲོ་གླེང་གི་ཐོག་མར་བཀའ་ཟུར་རིན་ཆེན་མཁའ་འགྲོ་མཆོག་གིས་གཙོས་བོད་མི་མང་སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན་ལགས་དང་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་ལགས། དེ་བཞིན་དབུས་འོས་བསྡུ་དང་འདེམས་ལྷན་གྱི་དྲུང་ཆེ་ཚེ་རིང་དབྱངས་སྐྱིད་ལགས་བཅས་ཀྱིས་བོད་མིའི་སྒྲིག་འཛུགས་ནང་འགན་ཁུར་སྣེ་ཁྲིད་གནང་ཕྱོགས་ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་དང་དེའི་ཐོག་དྲི་བ་དྲིས་ལན་བཅས་གནང་སོང་།

ཉིན་གསུམ་རིང་ཚོགས་རྒྱུའི་བགྲོ་གླེང་འདིའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་ཁག་ནང་རྩུབ་སྤྱོད་འགོག་ཐབས་ཚོགས་ཆུང་གི་ཚོགས་མི་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་གི་སྐུ་ཚབ། དེ་བཞིན་དྷ་ས་ཉེ་འཁོར་གྱི་མཐོ་སློབ་དང་བཙུན་དགོན་ཁག་ནང་སློབ་གཉེར་གནང་བཞིན་པའི་བུད་མེད་སྐུ་ཚབ་སོགས་མཉམ་ཞུགས་གནང་ཡོད་ཅིང་། ཚོགས་འདུའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་བུད་མེད་འགོ་ཁྲིད་དང་། གཞི་རིམ་མི་མང་གི་བུད་མེད་འགོ་ཁྲིད། བུད་མེད་དང་འཕྲོད་བསྟེན། བུད་མེད་དང་སེམས་ཁམས་འཕྲོད་བསྟེན། ཤེས་ཡོན་དང་ཕོ་མོའི་སྐོར། གཞན་ཡང་ཁྲིམས་དང་ཕོ་མོའི་སྐོར། བུད་མེད་ལ་འཚེ་བ་བཅས་བརྗོད་གཞི་ཁག་གི་ཐོག་བགྲོ་གླེང་གནང་གི་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།