བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་གསར་འགོད་ལྷན་ཚོགས་ཤིག་བརྒྱུད་བོད་ནང་གི་བྱིས་པ་དང་ཁོར་ཡུག་གི་ཛ་དྲག་གནད་དོན་ལ་རྒྱབ་སྐྱོར་དགོས་པའི་རེ་སྐུལ།

Tibetan News Headlines

  • Hokkaido Shimizu Town Delegation Visits Tibet House Japan, Presents First Harvest of the Region for His Holiness the Dalai Lama
  • Tibet Advocacy Group Calls on US to Restore Tibetan Broadcasting Services to Counter Chinese Propaganda and Censorship
  • China-Linked UK Businessman Tried to Hire Ex-Met Detective to Investigate MPs Critical of Beijing
  • Nvidia CEO Jensen Huang Admits Affair with Suspected Chinese Spy; Company Launches Investigation
  • Tibetan Representative Jigme Tsultrim Briefs India’s Minority Commission Chairperson on Tibetan Settlements in South India
  • China Expands Media Influence in Thailand Through Partnerships, Propaganda and Diplomatic Pressure, RSF Reports
  • History Feature: Tsarong Dasang Damdul

ཪེས་གཟའ་ཟླ་བ། ༢༠༢༦།༡༡།༠༩

  • ཉི་ཧོང་གྲོང་སྡེ་ཞིག་གི་སྐུ་ཚབ་ཚོ་ཁག་ནས་ས་གནས་དེའི་ལོ་ཏོག་ཐོན་སྐྱེད་ཐོག་མ་༸གོང་ས་མཆོག་ལ་འབུལ་བཞེས་གནང་འདུག
  • རྒྱ་ནག་གི་འཁྱོག་བཤད་དྲིལ་བསྒྲགས་ལ་གདོང་ལེན་སླད་ཨ་རི་གཞུང་གིས་བོད་སྐད་རླུང་འཕྲིན་ཁང་ལ་རྒྱབ་སྐྱོར་བྱེད་དགོས་གལ་ཡིན་པ་གསུངས་འདུག
  • དབྱིན་ཡུལ་ཚོང་པ་ཞིག་གིས་སོ་མྱུལ་བ་གླ་གཡར་བརྒྱུད་རྒྱ་ནག་གི་ཆེད་དུ་དབྱིན་ཡུལ་གྲོས་ཚོགས་འཐུས་མི་ཁག་གཅིག་ལ་གསང་ཉུལ་བྱས་པ་མངོན་གསལ།
  • Nvidia ཁེ་ལས་ཁང་གི་འགན་འཛིན་གྱིས་དོགས་གཞི་ཅན་གྱི་རྒྱ་རིགས་བུད་མེད་སོ་བ་ཞིག་དང་ནང་འབྲེལ་བྱུང་བའི་ཁས་ལེན་བྱས་རྗེས། ཁེ་ལས་ཁང་གིས་ཁོའི་བྱ་སྤྱོད་ལ་ཞིབ་བཤེར་འགོ་འཛུགས།
  • ལྷོ་སྤྱི་ཡིས་རྒྱ་གར་གཞུང་གི་གྲངས་ཉུང་མི་རིགས་ལྷན་ཚོགས་ཀྱི་ཚོགས་གཙོ་དང་མཇལ་འཕྲད་གནང་བ།
  • རྒྱ་གཞུང་གིས་ Thailand ནང་གི་གསར་འགོད་རང་དབང་ལ་དམ་དྲག་ཆེན་པོ་བྱེད་བཞིན་པ་གསལ་སྟོན།
  • བོད་ཀྱི་ལོ་རྒྱུས་ཁྲོད་མི་སྣ་གྲགས་ཅན་ངོ་སྤྲོད། དམག་སྤྱི་ཚ་རོང་ཟླ་བཟང་དགྲ་འདུལ་ལགས་ཀྱི་སྐོར།

དེ་རིང་རྒྱལ་སྤྱིའི་བྱིས་པའི་ཉིན་མོ་དང་བསྟུན་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་དབུས་སྤྱི་ཁྱབ་ལས་ཁུངས་ནས་དེ་རིང་སྔ་དྲོ་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་གསར་འགོད་ལྷན་ཚོགས་ཤིག་གོ་སྒྲིག་ཞུས་པས་བརྒྱུད།   བོད་ནང་གི་ལོ་ཆུང་བྱིས་པ་ཚོ་རྒྱ་མིའི་གཏན་འཇགས་སློབ་གྲྭར་བཏང་སྟེ་མི་རིགས་རྩ་མེད་བཟོ་བའི་ཛ་དྲག་གི་གནས་སྟངས་དང་།   བོད་ནང་གི་ཁོར་ཡུག་གནས་སྟངས་བཅས་ལ་རྒྱ་གར་གཞུང་མང་ནས་རྒྱབ་སྐྱོར་གནང་དགོས་པའི་རེ་འབོད་ཞུས་ཡོད་པ་རེད།

TWA Bike Rally

དེ་ཡང་ཉེ་སྔོན་ཕྱི་ཚེས་ ༡༤ རྒྱ་གར་རྒྱལ་ཡོངས་བྱིས་པའི་དུས་ཆེན་དང་བསྟུན།  བོད་ཀྱི་བུད་མེད་ལྷན་ཚོགས་ངོས་ནས་བཞུགས་སྒར་རྡ་རམ་ས་ལ་ནས་རྒྱ་གར་གྱི་རྒྱལ་ས་ལྡི་ལི་བར་བོད་ནང་གི་ཛ་དྲག་གནས་སྟངས་དང་འབྲེལ་བའི་དྲིལ་བསྒྲགས་ལས་འགུལ་ཞིག་འགོ་འཛུགས་གནང་ཡོད་པ་ལྟར།   དེ་རིང་རྒྱལ་སྤྱིའི་བྱིས་པའི་ཉིན་མོར་བེུད་ལྷན་ཚོགས་ཀྱི་ལས་འགུལ་བ་ཚོས་རྒྱལ་ས་ལྡི་ལིའི་ Press Club of India གསར་འགོད་ལྟེ་གནས་ཁང་དུ་ལྷན་ཚོགས་ཤིག་བསྐོངས་ཚོགས་གནང་བས་བརྒྱུད།   དབུས་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་ཚེ་རིང་སྒྲོལ་མ་ལགས་ནས།    རྒྱ་གར་གྱི་སྲིད་བློན་མོ་དྷི་མཆོག་གིས་སྲིད་གཞུང་དང་རྒྱ་གར་མང་ཚོགས་ཀྱི་ངོས་ནས་བོད་ནང་གི་ད་ལྟའི་མི་རིགས་རྩ་མེད་བཟོ་བའི་སྲིད་བྱུས་དང་ལྷག་པར་རྒྱ་གར་དང་ཐད་ཀར་འབྲེལ་བ་ཡོད་པའི་བོད་ཀྱི་ཁོར་ཡུག་གི་ཛ་དྲག་གནས་སྟངས་ཐོག་རྒྱབ་སྐྱོར་གནང་དགོས་པའི་རེ་འབོད་ཞུས་ཡོད་པ་རེད། 

TWA Bike Rally

གསར་འགོད་ལྷན་ཚོགས་དེའི་ཐོག་ཚོགས་གཞོན་སྐལ་བཟང་སྒྲོལ་མ་ལགས་དང་ཟུང་འབྲེལ་དྲུང་ཆེ་ཆོས་ཉིད་སྒྲོལ་མ་གཉིས་ནས་དབྱིན་ཇི་དང་ཧིན་རྡིའི་སྐད་ཡིག་སོ་སོར།   ད་རེས་ཀྱི་བུད་མེད་ལྷན་ཚོགས་ཀྱི་གསར་འགོད་ལྷན་ཚོགས་བསྐོངས་ཚོགས་གནང་དགོས་པའི་དམིགས་ཡུལ་དང་དགོས་འདུན་བཅས་པ་གསལ་བཤད་གནང་སོང་བ་མ་ཟད།  ཚོགས་གཙོ་སྒྲོལ་མ་ཚེ་རིང་ལགས་ཀྱིས་ཕྱི་ཚེས་ ༡༤ ནས་འགོ་འཛུགས་ཀྱིས་བུད་མེད་ལྷན་ཚོགས་ངོས་ནས་ཧི་མ་ཅལ་མངའ་སྡེའི་རྡ་རམ་ས་ལ་ནས་འགོ་འཛུགས་ཀྱིས།   པན་ཇབ་མངའ་སྡེའི་རྒྱལ་ས་ཅན་རྡི་གྷར་དང་།  ཧར་ཡ་ནའི་མངའ་སྡེའི་ཨམ་བྷ་ལ།   ཀུ་རུག་ཤེ་ཏྲ།   ཀར་ནལ་སོགས་ཀྱི་གྲོང་ཁྱེར་ཁག་གི་ནང་དུའང་བོད་དོན་དྲིལ་བསྒྲགས་དང་།   ལྷག་པར་བོད་ནང་གི་ད་ལྟའི་མི་རིགས་རྩ་མེད་བཟོ་བའི་གཏན་འཇགས་སློབ་གྲྭའི་ཛ་དྲག་གི་གནད་དོན་ཁག་གི་ཐོག་རྒྱབ་སྐྱོར་དགོས་པའི་ལས་འགུལ་སྤེལ་ཡོད་སྐོར་སོགས་འགྲེལ་བརྗོད་གནང་ཡོད་པ་རེད།

TWA Bike Rally

རྒྱལ་ས་ལྡི་ལིར་གོ་སྒྲིག་ཞུས་པའི་དེ་རིང་ཀྱི་གསར་འགོད་ལྷན་ཚོགས་དེའི་ཐོག  Bharat Tibet Samavay Sangh ཞེས་པའི་རྒྱ་གར་བུད་མེད་ལྷན་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ལྕམ་སྐུ་ Sandhiya Singh མཆོག་གི་དབུས་པའི་བེུད་ཁག་གཅིག་ཀྱང་ཆེད་ཕེབས་གནང་འདུག་པ་ལྟར།   ལྕམ་སྐུ་ Sandhiya མཆོག་ནས་སྐབས་དེར།  ད་ལྟའི་རྒྱ་གར་གཞུང་འཛིན་ BJP ཆབ་སྲིད་ཚོགས་པའི་སྲིད་བློན་མོ་དྷི་མཆོག་དང་།  རྒྱ་གར་མང་ཚོགས་ངོས་ནས་བོད་དོན་ལ་རྒྱབ་སྐྱོར་ཡོད་པ་ལྟར།   ཁོང་ཚོའི་ཚོགས་པའི་ངོས་ནས་ད་ལྟའི་བོད་ཀྱི་ཛ་དྲག་གནད་དོན་དེ་ཚོའི་ཐོག་ངེས་པར་དུ་ཞུ་འབོད་གནང་རྒྱུ་དང་།    རྒྱ་གར་གཞུང་གི་ངོས་ནས་ངེས་པར་དུ་གནད་དོན་དེ་ཚོའི་ཐོག་རྒྱབ་སྐྱོར་གནང་རྒྱུའི་ཡིད་ཆེས་ཡོད་ཅེས་སོགས་གསུངས་གནང་སོང་།

འབྲེལ་ཡོད་གསར་གནས།

གསར་གནས།

Monday 09/11/2026