Tibetan Royal Year of 2151 | Year of the Wood Dragon

བོད་ཀྱི་ཚབས་ཆེའི་གནམ་གཤིས་འགྱུར་ལྡོག་དང་འབྲེལ་དགོས་འདུན་གསུམ་ཆེད་འདོན།

Tibetan News Headlines

  • Gongma Rinpoche at 80: An in-depth interview with Sakya Gongma Trichen Rinpoche uncovering his life journey and biography

རེས་གཟའ་སྤེན་པ། ༢༠༢༤།༠༤།༢༧

  • དམིགས་བསལ་ལས་རིམ། ས་སྐྱ་གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གི་༧སྐུ་ཚེའི་མཛད་རྣམ་སྙིང་བསྡུས།

ཕྱི་ཟླ་ ༡༠ ཚེས  ༣༡ ནས་ཕྱི་ཟླ་ ༡༡ ཀྱི་ཚེས་ ༡༢ བར་ཨིན་ཡུལ་གྱི་ཁྱབ་ཁོངས་སུ་གཏོགས་པའི་ Scotland གྲོང་ཁྱེར་ Glasgow རུ་ COP 26 ཞེས་རྒྱལ་ཚོགས་ཀྱི་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་ལྷན་ཚོགས་ཤིག་སྐོང་ཚོགས་གནང་གི་ཡོད་པ་དང་བསྟུན་དེ་རིང་སྔ་དྲོར་བཞུགས་སྒར་མེག་གྷན་བཞི་མདོར་བཞུགས་སྒར་ས་གནས་འགོ་འཛིན་ལས་ཁུངས་ཀྱི་ཁོར་ཡུག་སྡེ་ཚན་དང་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ། རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་། ལྷ་སྤྱི་ཚོགས་ཞབས་ཞུ་ཁང་། བོད་རྒྱལ་ཡོངས་མང་གཙོ་ཚོགས་པ། བོད་རང་བཙན་སློབ་ཕྲུག་ཚོགས་པ། བོད་ཀྱི་བེུད་ལྷན་ཚོགས་བཅས་ཚོགས་པ་བདུན་གྱིས་བོད་ཀྱི་ཚབས་ཆེའི་གནམ་གཤིས་འགྱུར་ལྡོག་དང་འབྲེལ་ནས་དགོས་འདུན་དོན་ཚན་གསུམ་གྱི་ཐོག་ནས་གོ་རྟོགས་ཀྱི་ལས་འགུལ་ཞིག་སྤེལ་སོང་། སྐབས་དེར་ཚོགས་པ་བདུན་གྱིས་སྤེལ་བའི་གསལ་འགོད་བསྒྲགས་གཏམ་ནང་བོད་ཀྱི་གནམ་གཤིས་འགྱུར་ལྡོག་ལ་བརྟེན་ནས་ཆར་ཆུ་བབ་ཚད་སོགས་ལ་འགྱུར་བ་ཆེན་པོ་ཕྱིན་ཡོད་པ་དང་། གཏན་འཇགས་གངས་རིའི་འཁྱགས་རོམ་ཐེར་འབུམ་བརྒྱད་བཞུར་ཡོད་པ། དེ་བཞིན་འཛམ་གླིང་གི་མི་འབོར་ཐེར་འབུམ་གཅིག་དང་ཕྱེད་ཀ་ལྷག་བོད་ཀྱི་ཆུ་བོ་ཁག་ལ་བརྟེན་ཡོད་སྟབས། འཛམ་གླིང་མི་མང་ལ་དཀའ་ངལ་འཕྲད་བཞིན་ཡོད་པ་གསལ་འདོན་དང་སྦྲགས་ཏེ་རྒྱལ་སྤྱིའི་ཐོག་བོད་ཀྱི་ཁོར་ཡུག་གི་གལ་གནད་ལ་ COP 26 ནས་ངོས་འཛིན་དགོས་པ་མ་ཟད་འཛམ་གླིང་གི་ཁོར་ཡུག་ཁྲོད་བོད་ཀྱི་ཁོར་ཡུག་ཀྱི་གནད་དོན་དེ་སྙིང་པོར་འཇོག་དགོས་པ། བོད་ཀྱི་འབྲོག་པ་རྣམས་ལ་འཚོ་གནས་ཀྱི་རང་དབང་དང་རང་མོས་ཀྱི་སྒོ་ནས་གནམ་གཤིས་འགྱུར་ལྡོག་ལྟར་རྩྭ་ཐང་སྟེང་དུ་འཚོ་བ་སྐྱེལ་ཐུབ་པ་དགོས་རྒྱུ། དེ་བཞིན་བོད་དང་བོད་ཀྱི་ཆུའི་འབྱུང་ཁུངས་ལ་བརྟེན་ནས་འཚོ་བཞིན་པའི་རྒྱལ་ཁབ་རྣམས་མཉམ་རུབ་ཀྱིས་གནམ་གཤིས་འགྱུར་ལྡོག་ལ་ཚོད་འཛིན་དང་། ཕྱི་གསལ་ནང་གསལ་ཐོག་ནས་ཕུགས་རྒྱང་རིང་པོར་སྐྱོང་ཐབས་གནང་དགོས་ཞེས་དགོས་འདུན་དོན་ཚན་གསུམ་ཆེད་འདོན་གནང་འདུགདེ་རིང་གི་ལས་འགུལ་ཐོག་ཚོགས་པ་བདུན་གྱི་ཚོགས་མི་རྣམ་པས་ཕྱག་ལ་བོད་མིར་གནམ་གཤིས་འགྱུར་ལྡོག་གི་དཀའ་ངལ་འཕྲད་བཞིན་ཡོད། ངས་བོད་ཀྱི་གནམ་གཤིས་འགྱུར་ལྡོག་དང་འབྲེལ་བའི་སྐོར་ལ་གླེང་སློང་བྱ་རྒྱུར་རྒྱབ་སྐྱོར་ཡོད། བོད་ཀྱི་ཆུ་བོ་ནི་ཨེ་ཤ་ཡའི་སྲོག་རྩ་རེད། གནམ་གཤིས་འགྱུར་ལྡོག་ཐད་ཚང་མ་མཉམ་རུབ་ཐོག་ནས་བོད་སྒྲ་སྒྲོག་རྒྱུའི་དུས་ལ་སླེབས་ཡོད་ཅེས་པའི་སྦྱར་ཡིག་བསྣམས་ཏེ་གོ་རྟོགས་ཀྱི་ལས་འགུལ་སྤེལ་སོང་། ཡུལ་སྐོར་བ་རྣམས་ལ་བོད་ཀྱི་གནམ་གཤིས་འགྱུར་ལྡོག་དང་འབྲེལ་གོ་རྟོགས་ལས་འགུལ་ནང་མཉམ་ཞུགས་དང་རྒྱབ་སྐྱོར་སླད་མཚན་རྟགས་བསྡུ་རུབ་ཀྱང་གནང་ཡོད།གསར་འགོད་པར་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཁང་གི་བློ་བཟང་གཡང་མཚོ་ལགས་ཀྱིས་ རྒྱལ་སྤྱིའི་སྤྱི་ཚོགས་སུ་བོད་ཀྱི་གནམ་གཤིས་འགྱུར་ལྡོག་དང་འབྲེལ་བའི་སྐོར་ལ་དེ་ཙམ་གླེང་སློང་གནང་མཁན་ཡོང་གི་མེད་སྟབས། བོད་ཀྱི་གནམ་གཤིས་འགྱུར་ལྡོག་དང་འབྲེལ་བའི་ཛ་དྲག་རང་བཞིན་གི་སྐོར་ལ་རྒྱལ་སྤྱིའི་སྡིངས་ཆའི་སྟེང་གླེང་སློང་གནང་དགོས་པར་མ་ཟད་འཚོགས་ལ་ཉེ་བའི་  COP 26 ཞེས་རྒྱལ་ཚོགས་ཀྱི་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་ལྷན་ཚོགས་ཐོག་བོད་ཀྱི་ཁོར་ཡུག་དང་གནམ་གཤིས་འགྱུར་ལྡོག་སྐོར་ངེས་པར་དུ་གླེང་སློང་གནང་དགོས་པར་གསུངས་སོང་།

འབྲེལ་ཡོད་གསར་གནས།

གསར་གནས།