Tibetan Royal Year of 2151 | Year of the Wood Dragon

བོད་པའི་དགེ་རྒན་ཞིག་ལ་སློབ་ཟུར་རྣམས་ཀྱིས་བཀའ་དྲིན་རྗེས་དྲན་ཞུས་པ།

Tibetan News Headlines

  • Conversation with TWA members on Association’s mission, outreach, and youth engagement strategies

རེས་གཟའ་སྤེན་པ། ༢༠༢༤།༠༤།༢༧

  • བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ངོ་བོ་དང་ལས་དོན། གཞོན་སྐྱེས་མཉམ་ཞུགས་སྐོར་གླེང་མོལ།

རྒྱ་གར་ལྷོ་ཕྱོགས་ཀོ་ལེ་གྷལ་དོན་ལྡན་གླིང་བོད་མིའི་གཞིས་ཆགས་ནས་འཚར་ལོངས་བྱུང་བའི་གཞིས་མི་ཟླ་བ་དོན་འགྲུབ་ལགས་ཀྱིས་འདས་པའི་མི་ལོ་ ༣༢ རིང་ TEACH ཞེས་པའི་ཟུར་ཁྲིད་བསྟི་གནས་ཁང་ཆེད་འཛུགས་ཀྱིས་གཞིས་སློབ་མང་དག་ཅིག་ལ་སློབ་ཁྲིད་ཀྱི་ཐབས་ལམ་དེའི་བརྒྱུད་ཕན་ཐོགས་ཆེན་པོ་བྱུང་ཡོད་པ་ལྟར། ཁ་སང་སློབ་ཟུར་རྣམ་པས་དམིགས་བསལ་མཛད་སྒོ་ཞིག་གོ་སྒྲིག་ཞུས་ཏེ་ཁོང་ལ་བཀའ་དྲིན་རྗེས་དྲན་ཞུས་སོང་།ཟླ་བ་དོན་འགྲུབ་ལགས་ནི། ཕྱི་ལོ་ ༡༩༨༢ ལོར་མཐོ་སློབ་ཐོན་མ་ཐག་གཞིས་ཆགས་ཀྱི་གནས་སྟངས་སྐྱོ་པོ་ཡོད་པ་དེ་དག་གཟིགས་ནས་གཞིས་གྲོང་ཆ་ཚང་ལ་སྐོར་སྐྱོད་ཀྱིས་གནས་སྟངས་རྒྱུས་ལོན་གནང་སྟེ་གཞིས་གྲོང་ནང་གི་སློབ་ཕྲུག་ཉམ་ཐག་ཤེས་ཡོན་གྱི་གོ་སྐབས་ཡག་པོ་མ་རག་པའི་སློབ་ཕྲུག་བརྒྱད་ལ་གཟིགས་རྟོག་གནང་ཡོད། དེ་ནས་རིམ་པས་ཟུར་སྦྱོང་སློབ་ཁྲིད་བསྟི་གནས་ཁང་རྒྱ་བསྐྱེད་གནང་ནས་སློབ་ཕྲུག་ ༨༥ ཙམ་གསོ་སྐྱོང་གནང་སྟེ་སློབ་ཕྲུག་རྣམས་ལ་སྔ་དྲོའི་ཚོུད་ ༥ ནས་ ༦ བར་སློབ་ཁྲིད་གནང་གི་ཡོད་པར་མ་ཟད། སློབ་ཕྲུག་ཚོར་ཕ་མ་ལྟ་བུས་བསླབ་བྱ་གནང་བར་བརྟེན་དེང་སང་ཁོང་གི་སློབ་མ་རྣམས་ས་གནས་གང་སར་ལས་རིགས་འདྲ་མིན་གཉེར་བཞིན་ཡོད་པ་རེད།ཁོང་གིས་རང་རེའི་སྤྱི་ཚོགས་ནང་སྐབས་འགར་ཁ་ཡོད་ལག་ཡོད་གཞན་ལ་ཕན་པའི་ཕྱག་ལས་གནང་སྐབས་གང་ཟག་ལ་ལས་དེར་མི་དགའ་བའི་དཀྲོག་གཏམ་བཟོ་ཡི་ཡོད་པ་ལྟར་ཁོང་རང་ཉིད་ལའང་དེ་ལྟར་ངལ་བ་འཕྲད་མྱོང་ཡོད་ཀྱང་། རང་གི་ངོས་ནས་ལས་ཀ་གང་གཉེར་བ་དེ་དག་ལྷག་བསམ་རྣམ་དག་གི་ཐོག་ནས་བྱས་ཡོད་སྟབས་གཞན་གྱིས་གང་བཤད་ཀྱང་དེར་སེམས་ཞུམ་རྒྱུ་མེད་པའི་ལམ་སྟོན་གནང་སོང་།སློབ་ཟུར་བསྟན་འཛིན་རྒྱལ་པོ་ལགས་ཀྱིས་རྒན་ཟླ་བ་ལགས་ལ་བཀའ་དྲིན་རྗེས་དྲན་མཚོན་པའི་མཛད་སྒོ་ཞིག་ཚོགས་ཡོད་ཀྱང་རྒན་ལགས་ཀྱིས་མི་ལོ་སུམ་ཅུ་ལྷག་གི་རིང་སྐུ་ངལ་འཛེམས་མེད་ཀྱིས་ཕྱག་ལས་གནང་ཁག་ལ་ཉིན་གཅིག་ནང་དྲིན་གསོ་ཐབས་མེད་སྐོར་འགྲེལ་བརྗོད་དང་འབྲེལ། ཁོང་གིས་ལམ་སྟོན་ལྟར་སྤྱི་ཚོགས་ལ་ཕན་པའི་ལས་ཀ་མང་ཙམ་བྱ་ཐུབ་རྒྱུར་འབད་བཙོན་བྱེད་བཞིན་ཡོད་ཅེས་གསུངས་སོང་།མཛད་སྒོའི་སྐུ་མགྲོན་གཙོ་བོར་ཀོ་ལེ་གྷལ་དོན་ལྡན་གླིང་བོད་མིའི་གཞིས་ཆགས་ཀྱི་ས་གནས་འགོ་འཛིན་དགེ་ལེགས་འབྱུང་གནས་ལགས་ཕེབས་ཏེ་རྒན་ཟླ་བ་ལགས་སུ་སྐུ་ཐང་ཞིག་འབུལ་བཞེས་གནང་ཡོད། རྒན་ཟླ་བ་དོན་འགྲུབ་ལགས་ཀྱིས་གཞིས་ཆགས་ནང་སྤྱི་པའི་ལས་དོན་མང་པོར་འགན་བཞེས་ཏེ་ཕྱག་ལས་མང་དག་ཅིག་གནང་མྱོང་འདུག

འབྲེལ་ཡོད་གསར་གནས།

གསར་གནས།