Tibetan Royal Year of 2151 | Year of the Wood Dragon

བོད་ནང་གི་ཛ་དྲག་གནད་དོན་དང་འབྲེལ་ཉི་འོང་ནང་པའི་དགོན་སྡེ་དགུས་སྤྱི་བསྒྲགས་སྤེལ་འདུག

Tibetan News Headlines

  • French president urged to put human rights, Tibet at heart of Xi Jinping talks
  • Tibetan media marks World Press Freedom Day with call for access to Tibet
  • Dalai Lama grants audience to devotees from Nepal’s Tsum and Nubri 
  • A Tibetan monks mission to help the blind see lights in a remote Himalayan village: Feature
  • Tibet to provide financial aid to Nepal’s northern border districts for five years

རེས་གཟའ་པ་སངས། ༢༠༢༤།༠༥།༠༣

  • ཧྥ་རན་སི་དང་རྒྱ་ནག་གི་སྲིད་འཛིན་གྲོས་མོལ་སྐབས་བོད་ཀྱི་གནད་དོན་གཙོ་གྲས་སུ་གླེང་དགོས་པའི་ནན་སྐུལ།
  • འཛམ་གླིང་གསར་འགོད་རང་དབང་གི་ཉིན་མོ་སྲུང་བརྩི།
  • ༸གོང་ས་མཆོག་གིས་བཙུམ་དང་ནུབ་རིའི་དད་ལྡན་པ་ཁག་གཅིག་ལ་མཇལ་ཁ་བསྩལ་བ།
  • བོད་རང་སྐྱོང་ལྗོངས་ཟེར་བས་ལོ་ལྔའི་རིང་བྱང་བལ་ཡུལ་ས་མཚམས་ཁུལ་དུ་དཔལ་འབྱོར་རོགས་རམ་སྤྲོད་འཆར།

Sotoshu ཞེས་ཉི་འོང་ནང་གི་ Zen ཛེན་ནང་པའི་ཆོས་བརྒྱུད་འཛིན་པའི་དགོན་སྡེ་ཁག་དགུའི་དགེ་འདུན་པའི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་ནང་གི་རྫ་དྲག་གནད་དོན་ཐད་ཐུགས་འཚབ་ཀྱི་རྣམ་པ་གསལ་འདོན་དང་སྦྲགས། དོན་ཚན་བདུན་འཁོད་པའི་ཟུང་སྦྲེལ་བསྒྲགས་གཏམ་ཞིག་སྤེལ་ཏེ་རྒྱ་གཞུང་གིས་བོད་ནང་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་རྡོག་རོལ་མཚམས་འཇོག་དགོས་པ་གསུངས་འདུག

ཁ་སང་ཕྱི་ཚེས་ ༡༢ ཉིན་ཉི་འོང་ནང་པའི་དགེ་འདུན་སྐུ་ཚབ་ཚོགས་ཆུང་གི་སྣེ་ཁྲིད་པ་ཁུལ་དེའི་ Jorinji ཇོ་རིན་ཇི་དགོན་པའི་དགེ་འདུན་པ་ Hayashi Shuei ལགས་ཀྱིས་གཙོས་པའི་ Tokyo ཀྲོག་ཡོ་དང་། Nagano ན་ག་ནོ། དེ་བཞིན་ Ibaragi ཨི་བ་ར་གི་མངའ་ཁུལ་གྱི་དགོན་སྡེ་ཁག་དགུའི་སྐུ་ཚབ་རྣམས་ཉི་འོང་བོད་ཀྱི་སྐུ་ཚབ་དོན་གཅོད་ལས་ཁུངས་སུ་ཆེད་བཅར་གྱིས་བསྒྲགས་གཏམ་དེ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་སུ་གནང་ཡོད་པ་དང་། སྐབས་དེར་དགེ་འདུན་ Hayashi Shuei ལགས་ཀྱིས། རྒྱ་གཞུང་གིས་བོད་ནང་ཆོས་ཕྱོགས་ཀྱི་གནད་དོན་ཐོག་མུ་མཐུད་ཐེ་བྱུས་བྱེད་བཞིན་པ་དེ་ནི་ཚུལ་མཐུན་ཞིག་མིན་པ་མ་ཟད། རྒྱལ་སྤྱིའི་སྤྱི་ཚོགས་དང་འཛམ་གླིང་ནང་གི་ནང་པ་ཡོངས་ནས་ངོས་ལེན་ཐུབ་ཐབས་བྲལ་བ་ཞིག་ཡིན་སྟབས། ཁོང་རང་དབང་ལུང་པའི་ནང་གནས་སྡོད་ནང་པ་ཞིག་ཡིན་པའི་ཆ་ནས་བོད་མི་དང་རྒྱལ་སྤྱིའི་ཁྱོན་ཡོངས་ཀྱི་ཆོས་དད་རང་དབང་ཐོག་དངོས་བདེན་བརྗོད་རྒྱུ་ནི་ང་ཚོའི་འགན་ཞིག་ཆགས་ཀྱི་ཡོད་ཅེས་གསུངས་འདུག

ཁོང་གིས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཐེངས་འགའ་ཤས་མཇལ་རྒྱུའི་གོ་སྐབས་ཐོབ་ཡོད་དང་། ལྷག་པར་དུ་མགོན་པོ་༸གང་ཉིད་མཆོག་དེ་སྔོན་ཀྲོག་ཡོ་ནང་དུ་རྟེན་གཞི་བྱས་པའི་ཁོང་གི་དགོན་པར་ཆིབས་བསྒྱུར་མཛད་སྐབས་དགེ་ལས་སློབ་ཕྲུག་རྣམས་ལ་བྱམས་པ་དང་སྙིང་རྗེ་སྐོར་བཀའ་སློབ་ལམ་སྟོན་བསྩལ་བས་ཕན་རླབས་ཆེན་པོ་བྱུང་ཡོད་ཅེས་གསུངས་འདུག མ་ཟད་སྐབས་དེར་དགོན་སྡེ་ཁག་གཞན་གྱི་སྐུ་ཚབ་དགེ་འདུན་པས་རྒྱ་ནག་དམར་པོའི་གཞུང་དེ་ཉིད་ཆོས་ལ་དད་པ་མེད་པ་དང་ཆབས་ཅིག སྐྱེ་བ་སྔ་ཕྱིའི་རྣམ་བཞག་རྣམས་ཁས་ལེན་བྱེད་ཀྱི་མེད་པར་བརྟེན། བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་ཡང་སྲིད་ངོས་འཛིན་ཐད་ཐེ་བྱུས་བྱེད་པ་དེ་ངོས་ལེན་ཐུབ་ཐབས་མེད་པ་ཞིག་དང་། ཁོང་རྣམ་པས་བོད་དང་བོད་མིར་རྒྱབ་སྐྱོར་མཚོན་ཆེད་མྱུར་དུ་བཞུགས་སྒར་དྷ་རམ་སཱ་ལར་ཆེད་བཅས་ཞུ་རྒྱུ་ཡིན་ཞེས་གསུངས་འདུག

རྩ་བའི་བསྒྲགས་གཏམ་དེའི་ནང་རྒྱ་གཞུང་གི་ངོས་ནས་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དོན་ཚན་ ༤ དགོངས་དོན་ལྟར་བོད་མི་རྣམས་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་གི་ཁེ་དབང་དང་། རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་ས་གནས་ རང་སྐྱོང་དང་འབྲེལ་བའི་ཁྲིམས་ཡིག་དོན་ཚན་ ༡༠ དང་ ༡༡ བཅས་གྲངས་ཉུང་མི་རིགས་ཀྱི་སྐད་དང་ཆོས་ལུགས་རང་དབང་གསལ་དོན་ལྟར་ལག་བསྟར་བྱ་དགོས་པ། ༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་དང་ཁོང་གི་སྐུ་འཁོར་ནང་མི་ལྷན་རྒྱས་གང་དུ་ཡོད་མེད་གསལ་བཤད་དང་ཁོང་རྣམས་འཕྲལ་མར་གློད་བཀྲོལ་དགོས་པ། བོད་རྒྱ་སྒྱུར་གྱི་སྲིད་བྱུས་དང་། ཆོས་ཕྱོགས་ཀྱི་གནད་དོན་ལ་དམ་བསྒྲགས་ཐེ་བྱུས་བྱེད་བཞིན་པར་སྐྱོན་བརྗོད། དེ་བཞིན་ཕྱི་ལོ་ ༢༠༢༠ ལོར་ཨ་རིས་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་ཁྲིམས་ཡིག་བཞག་པ་ལྟར་ཉི་འོང་ནས་ཀྱང་དེ་མཚུངས་ཤིག་གཏན་འབེབས་གནང་དགོས་པའི་འབོད་སྐུལ་དང་། ལྷག་པར་དུ་༸རྒྱལ་བའི་ཡང་སྲིད་གཙོས་པའི་བོད་ཀྱི་བླ་སྤྲུལ་རྣམས་བོད་བརྒྱུད་ནང་བསྟན་རིག་གཞུང་གི་གནང་སྒོ་གཞིར་བཟུང་ངོས་འཛིན་གནང་རྒྱུ་ལས། རྒྱལ་སྤྱིའི་སྤྱི་ཚོགས་ནས་རྒྱ་གཞུང་གིས་བསྐོ་བཞག་བྱས་པའི་བླ་སྤྲུལ་རྣམས་ངོས་འཛིན་གནང་རྒྱུ་མེད་པའི་འབོད་སྐུལ་བཅས་འཁོད་འདུག

འདི་ག་རླུང་འཕྲིན་ཁང་གིས་ཉི་འོང་བོད་ཀྱི་སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་སུ་བཀའ་འདྲི་ཞུས་སྐབས། ཁོང་གིས་དེ་འབྲེལ་དགེ་འདུན་སྐུ་ཚབ་རྣམས་ལ་ཐུགས་རྗེ་ཆེ་ཞུ་དང་སྦྲགས། ཁོང་རྣམས་ལ་བོད་ནང་གི་དངོས་ཡོད་གནས་སྟངས་དང་། རྒྱ་ནག་དམར་པོའི་སྲིད་གཞུང་གི་ངོས་ནས་བོད་མི་རིགས་ཀྱི་ངོ་བོ་མཚོན་པའི་སྐད་དང་རིག་གཞུང་རྩ་མེད་གཏོང་ཆེད་བོད་ཀྱི་དགོན་སྡེ་ཁག་ལ་དམ་བསྒྲགས་དང་། ལྷག་པར་དུ་བོད་ཕྲུག་རྣམས་གཏན་འཇགས་བཅའ་སྡོད་སློབ་གྲྭར་བཙན་བཅུག་བྱེད་བཞིན་ཡོད་པ་ངོ་སྤྲོད་གནང་ཡོད་པ་འགྲེལ་བརྗོད་གནང་སོང་།

གཞི་རྩའི་འདི་ལོའི་ཕྱི་ཟླ་ ༣ ནང་ཉི་ཧོང་ Buddhist Association Super Samgha ཞེས་པའི་ནང་བསྟན་མཐུན་ཚོགས་ཀྱིས་བོད་མིའི་གསུམ་བཅུ་དུས་དྲན་ཐེངས་ ༦༤ ཉིན་བསྒྲགས་གཏམ་ཞིག་སྤེལ་བའི་ནང་བོད་རྒྱའི་དཀའ་རྙོག་སེལ་ཆེད་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་གནང་གི་ཡོད་སྐོར་འཁོད་ཡོད་པ་དང་། ད་ལྟའི་ཆར་བོད་ནང་རྒྱ་ནག་གཞུང་གིས་བོད་མིའི་ངོ་བོ་མཚོན་པའི་སྐད་ཡིག ཆོས་དང་རིག་གཞུང་སོགས་རྡོག་རོལ་གཏོང་བཞིན་ཡོད་པའི་བློ་འཚབ་ཀྱི་རྣམ་པ་གསལ་བཏོན་གནང་སྟེ། རྒྱ་གཞུང་གི་བྱ་སྤྱོད་དེ་དག་ལ་ངོ་རྒོལ་ཡོད་པ་འཁོད་ཡོད།

འབྲེལ་ཡོད་གསར་གནས།

གསར་གནས།