Tibetan Royal Year of 2151 | Year of the Wood Dragon

དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་དང་༸རྒྱལ་བའི་ཡང་སྲིད་ཀྱི་གནད་དོན་ལ་ཐེ་བྱུས་ཞུ་དབང་མེད་པའི་བསྒྲགས་གཏམ།

Tibetan News Headlines

  • Dalai Lama meets with Estonian parliamentarians and Tibet support group delegation
  • International community calls China to provide evidence of Panchen Lama’s whereabouts and wellbeing
  • Its solely a pilgrimage and religious visit: Sakya Gongma Trichen rinpoche on recent visit to Bhutan
  • Tibetan spiritual leader grants an audience to 200 devotees from Nepal
  • Xi Jinping tells Antony Blinken US should avoid ‘vicious competition’ with China
  • US jails Chinese man who threatened student activist
  • Diaspora feature: Yeshi Thaye, hairdresser in Odisha Phuntsokling Settlement

རེས་གཟའ་པ་སངས། ༢༠༢༤།༠༤།༢༦

  • ༸གོང་ས་མཆོག་གིས་ཨི་སི་ཏོ་ནི་ཡའི་གྲོས་ཚོགས་འཐུས་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ལ་མཇལ་ཁ་སྩལ་བ།
  • རྒྱལ་སྤྱིའི་སྤྱི་ཚོགས་ནས་རྒྱ་གཞུང་ལ་༸པཎ་ཆེན་རིན་པོ་ཆེ་གར་ཡོད་ཕྱིར་བསྒྲགས་དགོས་པའི་ནན་སྐུལ་གནང་འདུག
  • འབྲུག་ཡུལ་དུ་ཆིབས་བསྒྱུར་མཛད་པ་ནི་ཆོས་ཕྱོགས་ཀྱི་ལས་དོན་ཁོ་ནའི་ཆེད་དུ་ཡིན་པ་བཀའ་བསྩལ་སོང་།
  • ༸གོང་ས་མཆོག་གིས་བལ་པོའི་མི་སེར་༢༠༠ བརྒལ་བ་ལ་མཇལ་ཁ་སྩལ་བ།
  • ཞི་ཅིན་ཕིང་གིས་ཨ་རྒྱ་གཉིས་མཐུན་གྲོགས་ལས་ཁ་གཏད་བྱ་མི་རུང་ཞེས་བརྗོད་འདུག
  • མང་གཙོའི་ལས་འགུལ་བ་ཞིག་ལ་འཇིགས་སྐུལ་བྱས་རྐྱེན་རྒྱའི་སློབ་མ་ཞིག་ལ་ཁྲིམས་ཐག་བཅད་པ།
  • བཙན་བྱོལ་བོད་མིའི་གནས་སྟངས་ངོ་སྤྲོད། ཨོ་རི་ས་ཕུན་ཚོགས་གླིང་དུ་གནས་སྡོད་སྐྲ་བཟོ་བ་ཡེ་ཤེས་མཐའ་ཡས།

ཉི་ཧོང་ Buddhist Association Super Samgha ཞེས་པའི་ནང་བསྟན་མཐུན་ཚོགས་ཀྱིས་བོད་མིའི་གསུམ་བཅུ་དུས་དྲན་ཐེངས་ ༦༤ ཉིན་བསྒྲགས་གཏམ་ཞིག་སྤེལ་བའི་ནང་བོད་རྒྱའི་དཀའ་རྙོག་སེལ་ཆེད་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་དང་ཆབས་ཅིག རྒྱ་གཞུང་ནས་༸བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་ཡང་སྲིད་ཀྱི་གནད་དོན་ཐད་ཐེ་བྱུས་བྱ་རྒྱུ་མེད་པ་གསུངས་འདུག

རྩ་བའི་ཉིན་ཧོང་ནང་བསྟན་མཐུན་ཚོགས་དེ་ནི་ཉི་ཧོང་ནང་པའི་དགེ་འདུན་པས་སྣེ་ཁྲིད་པའི་ཚོགས་པ་ཞིག་ཡིན་ཞིང་། ཚོགས་པ་དེའི་བོད་རྒྱའི་དཀའ་རྙོག་སེལ་གྱུར་མཚོན་པའི་བོད་དོན་ཐོག་རྒྱབ་སྐྱོར་གནང་མཁན་ཞིག་ཆགས་ཀྱི་འདུག

དེ་ཡང་ཉི་ཧོང་ནང་བསྟན་མཐུན་ཚོགས་ཀྱིས་བོད་མིས་རང་དབང་སྒེར་ལངས་ཀྱི་ཉིན་མོར་བོད་མི་རྣམས་ལ་རྒྱབ་སྐྱོར་མཚོན་ཆེད་དེ་འབྲེལ་བསྒྲགས་གཏམ་སྒྲོགས་སྦྱང་གནང་ཡོད་པ་དང་འབྲེལ། ཁ་སང་ཕྱི་ཚེས་ ༡༦ ཉིན་མཐུན་ཚོགས་དེའི་སྐུ་ཚབ་ཀོ་བྷ་ཡ་ཤིས་ Kobayashi Shuei ལགས་དང་ཨོ་ནོ་ཇོ་ཀན་ Ono Jokan ལགས་རྣམ་གཉིས་ཉི་ཧོང་སྐུ་ཚབ་དོན་གཅོད་དུ་ཆེད་ཕེབས་ཀྱིས་དོན་གཅོད་ཨ་རྱ་ཚེ་དབང་རྒྱལ་པོ་ལགས་སུ་གཞུང་འབྲེལ་ཐོག་བསྒྲགས་གཏམ་དེ་ཕུལ་ཡོད་པ་རེད་འདུག

བསྒྲགས་གཏམ་དེའི་ནང་། བོད་རྒྱའི་དཀའ་རྙོག་སེལ་ཆེད་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་གནང་གི་ཡོད་སྐོར་འཁོད་ཡོད་པ་དང་འབྲེལ། ད་ལྟའི་ཆར་བོད་ནང་རྒྱ་ནག་གཞུང་གིས་བོད་མིའི་ངོ་བོ་མཚོན་པའི་སྐད་ཡིག ཆོས་དང་རིག་གཞུང་སོགས་རྡོག་རོལ་གཏོང་བཞིན་ཡོད་པའི་བློ་འཚབ་ཀྱི་རྣམ་པ་གསལ་བཏོན་གནང་སྟེ། རྒྱ་གཞུང་གི་བྱ་སྤྱོད་དེ་དག་ལ་ངོ་རྒོལ་ཡོད་པ་འཁོད་འདུག

དེ་བཞིན་རྒྱ་གཞུང་གིས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་༸སྐུའི་ཡང་སྲིད་ཀྱི་གནད་དོན་དེ་ཉིད་ཆབ་སྲིད་ཀྱི་དགོས་མཁོར་དམིགས་ཏེ་ཐེ་བྱུས་བྱེད་ཀྱི་ཡོད་པ་དེར་བློ་འཚབ་མངོན་གསལ་དང་སྦྲགས། བོད་མིའི་ཐུན་མོང་མིན་པའི་བླ་སྤྲུལ་ཡང་སྲིད་ངོས་འཛིན་ལམ་ལུགས་ཀྱི་གནད་དོན་དེར་གཞུང་སྒེར་ཚོགས་པ་གང་གི་ཀྱང་ཐེ་བྱུས་བྱ་མི་ཆོག་པ་དང་། ལྷག་པར་དུ་རྒྱ་གཞུང་གིས་བོད་ནང་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་གཙོས་པའི་ཆོས་དད་རང་མོས་ལ་དམ་བསྒྲགས་ཤུགས་ཆེ་བྱེད་བཞིན་ཡོད་པར་བརྟེན། ༸རྒྱལ་བའི་ཡང་སྲིད་ཀྱི་གནད་དོན་དེར་ཐེ་བྱུས་བྱས་ཚེ་མཐའ་གཅིག་ཏུ་ངོ་རྒོལ་ཡོད་པ་གསུངས་འདུག

མ་ཟད་བསྒྲགས་གཏམ་དེའི་ནང་འཛམ་གླིང་གཞུང་མང་གཉིས་ནས་བོད་ཀྱི་བླ་སྤྲུལ་ཡང་སྲིད་ངོས་འཛིན་ལམ་ལུགས་སྤྱི་དང་། ལྷག་པར་དུ་༸རྒྱལ་བའི་ཡང་སྲིད་ངོས་འཛིན་གྱི་ལམ་ལུགས་དེར་རྒྱབ་སྐྱོར་གནང་དགོས་གལ་ཡིན་པའི་ནན་བརྗོད་གནང་འདུག

ད་དུང་འདས་པའི་ལོ་རྒྱུས་ཁྲོད་བོད་དང་ཉི་ཧོང་བར་ནང་ཆོས་ཀྱི་ཐོག་ནས་འབྲེལ་བ་གཏིང་ཟབ་ཡོད་པ་དང་། ཉི་ཧོང་ལྟ་བུ་མཚོན་ན་ཁུལ་དེར་གནས་སྡོད་ནང་པ་དང་ནང་པ་མིན་རྣམས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་གུས་བརྩི་ཧ་ཅང་ཆེན་པོ་གནང་གི་ཡོད་སྐོར་འཁོད་འདུག

འདི་ག་རླུང་འཕྲིན་ཁང་ནས་ཉི་ཧོང་བོད་ཀྱི་སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་སུ་གནད་དོན་དེའི་གལ་གནད་དང་འབྲེལ་བའི་བཀའ་འདྲི་ཞུས་སྐབས་ཁོང་གིས་དེ་ལྟ་བུའི་ཡིག་ཆ་ཁ་གསལ་བཏོན་གནང་བ་དེ་བོད་དོན་ལ་ཆ་མཚོན་ན་ཧ་ཅང་གལ་ཆེན་པོ་ཡིན་པ་དང་འབྲེལ། དེ་སྔོན་ཉི་ཧོང་གི་གཞུང་དང་གྲོས་ཚོགས། དེ་བཞིན་ནང་པའི་ཚོགས་སྒེར་ཁག་གིས་རྒྱ་གཞུང་གི་བོད་ཐོག་འཛིན་པའི་སྲིད་བྱུས་ལ་མཐའ་གཅིག་ཏུ་ངོ་རྒོལ་ཙམ་མ་ཟད། བོད་ནང་ཆོས་སྡེ་ཁག་གཏོར་བཤིག་གིས་མཚོན་པའི་བོད་ཀྱི་སྐད་ཡིག་རིག་གཞུང་སྲུང་སྐྱོབ་ལ་དམ་བསྒྲགས་ཆེན་པོ་བྱེད་བཞིན་པའི་ཁར་ནང་པའི་ཐུན་མིན་གྱི་འགྲོ་ལུགས་ནང་ཐེ་བྱུས་བྱེད་པ་དེ་ངོས་ལེན་རྩ་བ་ནས་མེད་ཅེས་པའི་འབོད་སྒྲ་ཤུགས་ཆེ་ཞིག་ཆགས་ཀྱི་ཡོད་ཅིང་། རྒྱ་གཞུང་གི་ངོས་ནས་གནད་དོན་དེ་དག་གི་ཐོག་ལ་དོ་སྣང་གནང་དགོས་གལ་ཡིན་པ་གསུངས་བྱུང་།

གཞི་རྩའི་སྔ་ལོ་ ༢༠༢༢ ལོའི་ཕྱི་ཟླ་ ༡ པོའི་ནང་ཉི་ཧོང་ནང་པའི་སྤྱི་མཐུན་ལྷན་ཚོགས་ཀྱིས་དེ་འབྲེལ་བསྒྲགས་གཏམ་སྤེལ་ཡོད་པ་མ་ཟད། འདི་ལོའི་ཕྱི་ཟླ་ ༢ པའི་ནང་ཉི་ཧོང་བོད་དོན་རྒྱབ་སྐྱོར་ཚོགས་པས་༸རྒྱལ་བའི་ཡང་སྲིད་ཀྱི་གནད་དོན་དང་འབྲེལ་ནས་བོད་ནང་གི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་དགོས་པའི་དོན་ཚན་ལྔ་ཅན་ཞིག་སྤྱི་མོས་ཀྱི་གཏན་འབེབས་བྱུང་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།