བོད་ནང་གི་རྒྱ་ཆེ་མང་ཚོགས་ཀྱི་མངོན་འདོད་སྒྲུབ་རྒྱུར་གོམ་སྟབས་གསར་པ་རྒྱག་དགོས།

Tibetan News Headlines

  • Hokkaido Shimizu Town Delegation Visits Tibet House Japan, Presents First Harvest of the Region for His Holiness the Dalai Lama
  • Tibet Advocacy Group Calls on US to Restore Tibetan Broadcasting Services to Counter Chinese Propaganda and Censorship
  • China-Linked UK Businessman Tried to Hire Ex-Met Detective to Investigate MPs Critical of Beijing
  • Nvidia CEO Jensen Huang Admits Affair with Suspected Chinese Spy; Company Launches Investigation
  • Tibetan Representative Jigme Tsultrim Briefs India’s Minority Commission Chairperson on Tibetan Settlements in South India
  • China Expands Media Influence in Thailand Through Partnerships, Propaganda and Diplomatic Pressure, RSF Reports
  • History Feature: Tsarong Dasang Damdul

ཪེས་གཟའ་ཟླ་བ། ༢༠༢༦།༡༡།༠༩

  • ཉི་ཧོང་གྲོང་སྡེ་ཞིག་གི་སྐུ་ཚབ་ཚོ་ཁག་ནས་ས་གནས་དེའི་ལོ་ཏོག་ཐོན་སྐྱེད་ཐོག་མ་༸གོང་ས་མཆོག་ལ་འབུལ་བཞེས་གནང་འདུག
  • རྒྱ་ནག་གི་འཁྱོག་བཤད་དྲིལ་བསྒྲགས་ལ་གདོང་ལེན་སླད་ཨ་རི་གཞུང་གིས་བོད་སྐད་རླུང་འཕྲིན་ཁང་ལ་རྒྱབ་སྐྱོར་བྱེད་དགོས་གལ་ཡིན་པ་གསུངས་འདུག
  • དབྱིན་ཡུལ་ཚོང་པ་ཞིག་གིས་སོ་མྱུལ་བ་གླ་གཡར་བརྒྱུད་རྒྱ་ནག་གི་ཆེད་དུ་དབྱིན་ཡུལ་གྲོས་ཚོགས་འཐུས་མི་ཁག་གཅིག་ལ་གསང་ཉུལ་བྱས་པ་མངོན་གསལ།
  • Nvidia ཁེ་ལས་ཁང་གི་འགན་འཛིན་གྱིས་དོགས་གཞི་ཅན་གྱི་རྒྱ་རིགས་བུད་མེད་སོ་བ་ཞིག་དང་ནང་འབྲེལ་བྱུང་བའི་ཁས་ལེན་བྱས་རྗེས། ཁེ་ལས་ཁང་གིས་ཁོའི་བྱ་སྤྱོད་ལ་ཞིབ་བཤེར་འགོ་འཛུགས།
  • ལྷོ་སྤྱི་ཡིས་རྒྱ་གར་གཞུང་གི་གྲངས་ཉུང་མི་རིགས་ལྷན་ཚོགས་ཀྱི་ཚོགས་གཙོ་དང་མཇལ་འཕྲད་གནང་བ།
  • རྒྱ་གཞུང་གིས་ Thailand ནང་གི་གསར་འགོད་རང་དབང་ལ་དམ་དྲག་ཆེན་པོ་བྱེད་བཞིན་པ་གསལ་སྟོན།
  • བོད་ཀྱི་ལོ་རྒྱུས་ཁྲོད་མི་སྣ་གྲགས་ཅན་ངོ་སྤྲོད། དམག་སྤྱི་ཚ་རོང་ཟླ་བཟང་དགྲ་འདུལ་ལགས་ཀྱི་སྐོར།

བོད་མིའི་སྒྲིག་འཛུགས་ཀྱིས་དེ་རིང་རྒྱ་གཞུང་གིས་བོད་ཞི་བའི་བཅིངས་གྲོལ་ཟེར་བ་བཏང་ནས་ལོ་ངོ་ ༧༠ འཁོར་བའི་དུས་ཚིགས་ལ་རྗེས་དྲན་བྱས་ཡོད་ཀྱང་བོད་ནང་གི་ད་ལྟའི་རང་དབང་གི་གནས་བབ་དང་བོད་མིའི་མངོན་འདོད་སྒྲུབ་རྒྱུའི་ཐད་ཉེ་བར་མཁོ་བའི་ཞུ་སྒོ་ཅིག་ཞིག་སྒྲུབ་ཡོད་མེད་སོགས་གང་ཡང་གསུངས་མེད་པ་དང་དེ་ནི་ཆེས་བློ་འཚབ་ཀྱི་གནད་དོན་ཞིག་ཡིན་པར་གསུངས་སོང་། དེ་རིང་ཕྱི་ཟླ་ ༨  ཚེས་ ༡༩ ཉིན་བོད་ཀྱི་རྒྱལ་ས་ལྷ་སར་རྒྱ་ནག་ཆབ་སྲིད་གྲོས་ཚོགས་ཀྱི་གཙོ་འཛིན་ Wang Yang གཙོས་འབྲེལ་ཡོད་ལས་ཁུངས་ཁག་གི་དཔོན་རིགས་ ༢༢ མཉམ་ཞུགས་ཐོག་རྒྱ་གཞུང་གིས་བོད་ཞི་བའི་བཅིངས་གྲོལ་ཟེར་བ་བཏང་ནས་ལོ་ ༧༠ འཁོར་བའི་དུས་ཚིགས་སྐབས་འདིར་ཆེས་དམ་དྲག་བྱེད་བཞིན་སྲུང་བརྩི་ཞུས་པའི་ཁྲོད་རྒྱ་ནག་དབུས་དམར་ཤོག་ཚོགས་པས་དེ་རིང་གི་དུས་དྲན་དང་བསྟུན་དགའ་བསུའི་འཚམས་འདྲི་བྱས་པའི་ནང་གཙོ་བོ་རྒྱ་ནག་གི་ངོས་ནས་རྒྱལ་ཁབ་ཀྱི་བདེ་འཇགས་དང་ཡར་རྒྱས་འཛུགས་སྐྲུན། དེ་བཞིན་སྣོད་བཅུད་དང་ས་མཚམས་སྟངས་འཛིན་སོགས་བོད་དང་འབྲེལ་བའི་ལས་དོན་གལ་གནད་ཆེ་ཤོས་བཞིའི་ཐོག་བརྩོན་དགོས་སྐོར་གྱི་བརྡ་ལན་སྤྲད་འདུགསྐབས་དེར་ཝང་དབྱང་གིས་བོད་བཙན་འཛུལ་མ་བྱས་པའི་གོང་གི་གནས་སྟངས་དེ་ཆེས་རྗེས་ལུས་དང་མུན་ནག་ཅན། བཅིངས་གྲོལ་བཏང་རྗེས་མང་གཙོ་བཅོས་བསྒྱུར་གྱིས་བོད་ནང་འཛུགས་སྐྲུན་གྱི་ལས་གཞི་རྒྱ་སྐྱེད་བཏང་རྐྱེན་ཡར་རྒྱས་ཕྱིན་ནས་བོད་གསར་པར་གྱུར་བ་གཙོས་མི་རིགས་མཐུན་སྒྲིལ་དང་འབྲེལ་བོད་ཀྱི་ཆོས་རིག་དང་སྐད་ཡིག་བཅས་པ་ཉམས་པ་སླར་གསོ་བྱས་ཡོད་ཚུལ་དང་བོད་ནང་ཞི་མཐུན་དང་ཆིག་སྒྲིལ་ལྷིང་འཇགས་སོགས་ཡོང་བར་ཁ་བྲལ་རིང་ལུགས་པར་གདོང་ལེན་ཚ་ནན་བྱ་རྒྱུ་མ་ཟད་ས་མཚམས་ཀྱི་གནད་དོན་སོགས་དོན་ཚན་འདྲ་མིན་བདུན་གྱི་ཐོག་ལ་གཏམ་བཤད་བྱས་འདུགགསར་འགོད་པས་གནད་དོན་དེའི་ཐད་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་སུ་བཅར་འདྲི་ཞུས་པར་ཁོང་གིས་དེ་རིང་གི་ཉིན་མོ་འདིར་རྒྱ་གཞུང་གིས་བོད་ནང་ཡར་རྒྱས་འཛུགས་སྐྲུན་གྱི་ལས་གཞི་མང་དག་ཅིག་སྤེལ་ནས་བོད་དེ་ཡར་རྒྱས་ཕྱིན་པ་དང་བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་མང་དག་ཅིག་བྱས་ཡོད་ཚུལ་སོགས་ཀྱི་དྲིལ་བསྒྲགས་གཏམ་བཤད་ཅི་ཙམ་བྱས་ཡོད་ཀྱང་དོན་དངོས་ཐོག་བོད་ནང་གི་རང་དབང་གི་གནས་བབ་དང་བོད་མིའི་མངོན་འདོད་སྒྲུབ་རྒྱུའི་ཐད་ཉེ་བར་མཁོ་བའི་ཞུ་སྒོ་ཅི་ཞིག་སྒྲུབ་ཡོད་མེད་སོགས་གང་ཡང་གསུངས་མེད་པ་དང་དེ་ནི་ཆེས་བློ་འཚབ་ཀྱི་གནད་དོན་ཞིག་ཡིན་པར་གསུངས་ཏེ། རྒྱ་ནག་གི་ངོས་ནས་མ་འོངས་པར་སྲུང་བརྩི་ཞུ་རྒྱུའི་ལོ་ངོ་ ༡༠༠ འཁོར་བའི་དུས་ཚིགས་གཉིས་པ་བོད་ནང་གི་རྒྱ་ཆེ་མང་ཚོགས་ཀྱི་མངོན་འདོད་སྒྲུབ་རྒྱུར་གོམ་སྟབས་གསར་པ་རྒྱག་དགོས་གལ་གྱི་འབོད་སྐུལ་གནང་ཡོད།བོད་ཞི་བའི་བཅིངས་གྲོལ་བཏང་བ་ཟེར་ནས་ལོ་ངོ་ ༧༠ འཁོར་བའི་དུས་དྲན་གྱི་བྱེད་སྒོར་སྐྱོན་བརྗོད་དང་འབྲེལ་ཁ་སང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་དེ་རིང་རྒྱ་གཞུང་གི་ངོས་ནས་བོད་ཞི་བའི་བཅིངས་གྲོལ་བཏང་བའི་དུས་དྲན་ཞེས་པ་དེ་བོད་མི་རྣམས་ལ་དགའ་སྤྲོ་བྱེད་དགོས་པའི་གནས་བབ་ཅིག་གཏན་ནས་ཆགས་མེད་ཅེས་ནན་བརྗོད་གནང་འདུག་པ་དང་། དེ་རིང་རྒྱ་གཞུང་གིས་བོད་མིར་ཆེས་དྲག་གནོན་བྱས་ཏེ་ལོ་ ༧༠ འཁོར་བའི་མཚམས་སུ་བོད་མིར་ཞི་བའི་བཅིངས་གྲོལ་གཏོང་དགོས་དོན་གཙོ་བོ་ནི་རྒྱ་ནག་གི་སྡུག་རྩུབ་ཅན་གྱི་སྲིད་བྱུས་ཀྱིས་བཅིངས་པ་ལས་གློད་བཀྲོལ་གཏང་དགོས་པས་བོད་མིར་བཙན་ཤེད་ངང་དོན་མེད་ཉིན་མོ་དེ་སྲུང་བརྩི་ཞུ་རྒྱུ་འཇུག་རྒྱུ་མེད་པ་དང་དེ་བཞིན་རྒྱ་ནག་གཞུང་གི་ངོས་ནས་བོད་མིའི་དབུ་ཁྲིད་དང་ལྷག་དོན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་ཁག་དང་ལྷན་དུ་གྲོས་མོལ་བརྒྱུད་བོད་མིར་དོན་སྙིང་ལྡན་པའི་རང་སྲིད་རང་སྐྱོང་གི་གནས་བབ་དང་ཞི་བདེ་ལྷིང་འཇགས་དང་གཞི་རྩའི་རང་དབང་སོགས་སྤྲོད་དགོས་པའི་འབོད་སྐུལ་ཞུས་འདུག

འབྲེལ་ཡོད་གསར་གནས།

གསར་གནས།

Monday 09/11/2026