Tibetan Royal Year of 2151 | Year of the Wood Dragon

བོད་མི་ན་གཞོན་གསུམ་འཛིན་བཟུང་བྱས་པའི་ཁྲོད་ནས་གཅིག་གི་རྐང་པ་གཉིས་ཆ་བཅག་འདུག

Tibetan News Headlines

  • བོད་ཀྱི་བེུད་། བལ་ཡུལ་ལྷ་མོ་ཚོགས་པའི་ཚོགས་མི་དང་གློག་བརྙན་འཁྲབ་སྟོན་པ་འཕྲིན་ལས་ལྷ་མོ་ལགས་དང་ལྷན་ཁོང་གི་སྒྱུ་སྩལ་གྱི་ལམ་བུའི་སྐོར་གླེང་མོལ།

རེས་གཟའ་ཉི་མ། ༢༠༢༤།༠༥།༠༥

  • Women of Tibet: In conversation with Thinley Lhamo, member of Nepal Tibetan opera and star in Nepalese film ‘Shambala’

ཉེ་ཆར་ཟླ་བ་སྔོན་མའི་ཚེས་ ༡༧ ཉིན་གྱི་མཚན་མོར།   བོད་མཚོ་སྔོན་ཞིང་ཆེན་གྱི་ཡ་གྱལ། དགའ་སྐྱེ་དགུ་མདོ་ཡི་ཁྲི་འདུ་རྫོང་སྡོམ་མདའ་ཡུལ་ཚོའི་ཉེན་རྟོག་ལས་ཁུངས་ཀྱིས།   ལོ་གསར་གྱི་སྐབས་ལ་དམིགས་ནས་ཆེད་དུ་བཟོས་པའི་རྫ་རི་དཀར་མོའི་དགོང་ཚོགས་ཟེར་བའི་སྐད་འཕྲིན་ཚོགས་པའི་ཚོགས་གཙོ་ཀན་སྲི་དང་མཐོ་རིམ་སློབ་མ་སངས་རྒྱས་མཚོ། དགྲ་འདུལ་བཅས་སྡོམ་མདའ་ནས་འཇུ་བཟུང་གིས་བཙན་ཁྲིད་བྱས་ནས་གར་སོང་ཆ་མེད་དུ་གྱུར་ཡོད་ནའང་།  ཉིན་འགའི་རྗེས་སུ་དགྲ་འདུལ་ལགས་ལ་བཙོན་ཁང་དུ་གཅར་རྡུང་བྱས་ནས་རྐང་ལག་གཉིས་ཆ་བཅག་ནས་སྨན་ཁང་དུ་བསྐྱལ་ཡོད་པའི་གནས་ཚུལ་ཕྱི་ལོ་ཐོན་ཡོད་པ་རེད།ཁ་སང་། དབྱིན་ཡུལ་དུ་རྟེན་གཞི་བྱས་པའི་ Free Tibet ་ཞེས་པའི་རང་དབང་ཚོགས་པས་ངོས་ནས་བོད་རིགས་གཞོན་སྐྱེས་གསུམ་རྒྱ་ནག་གིས་བཙན་ཁྲིད་བྱས་པའི་གནད་དོན་དང་འབྲེལ་ནས་ཕྱིར་བསྒྲགས་ཤིག་བཏང་བའི་ནང་དུ། ཉེ་སྔོན་རྒྱ་ནག་གིས་བོད་རིགས་ན་གཞོན་དེ་གསུམ་འཛིན་བཟུང་བྱེད་དོན་ནི་སྐད་འཕྲིན་གྱི་ཚོགས་པ་ཞིག་གསར་འཛུགས་བྱས་པ་ལ་བརྟེན་ནས་ཡིན་པ་དང་། དེ་དག་ཁྲོད་ཀྱི་ན་གཞོན་དགྲ་འདུལ་ལགས་ཀྱི་ནང་མིར་རྒྱ་ནག་གིས་ལྐོག་འབྲེལ་གྱིས་བརྡ་ལན་བཏང་བའི་ནང་དུ།  དགྲ་འདུལ་གྱི་ནང་མི་གཉིས་ཀྱིས་རྒྱ་སྒོར་ཁྲི་བཞི་ལྷག་ཁྱེར་ནས་སྨན་ཁང་ཟི་ལིང་གི་སྨན་ཁང་ཞིག་གི་ནང་དུ་འབྱོར་དགོས་བ་དང་། དེ་རུ་དགྲ་འདུལ་ལགས་ལ་གཤག་བཅོས་གཏོང་དགོས་བར་བརྗོད་པ་དང་ལྷན་དུ། གནད་དོན་དེ་གསང་བ་ཡིན་པ་དང་ནང་མི་རྣམས་ཀྱིས་གནད་དོན་དེ་གཞན་ལ་བརྗོད་མི་ཆོག་པའི་ཉེན་བརྡ་བཏང་ཡོད་ལུགས་ཕྱིར་བསྒྲགས་ཀྱིས། ས་གནས་ཀྱི་ཡུལ་མི་རྣམས་ཀྱིས་ན་གཞོན་གཞན་གཉིས་དེ་ས་གནས་གང་དུ་བཀག་སྐྱིལ་བྱས་ཡོད་པའི་ཐད་ནས་ད་དུང་ཤེས་རྟོགས་མེད་པར་བརྗོད་འདུག

གནད་དོན་དེ་དང་འབྲེལ་ནས། རང་དབང་ཁང་པའི་དྲིལ་བསྒྲགས་དོ་དམ་པ། སྐུ་ཞབས་ John Jones ལགས་ཀྱིས། བོད་མི་ན་གཞོན་དེ་གསུམ་ནི་མི་ཞིག་གིས་ཉིན་རེ་བྱ་བཞག་གི་ཁྲོད་ཀྱི་ཆེས་རྒྱུན་ལྡན་གྱི་ཐོབ་ཐང་ཞིག་ལོངས་སུ་སྤྱད་པར་བརྟེན་ནས་གདུག་རྩུབ་རང་བཞིན་གྱི་མནར་གཅོད་ཐེབས་ཡོད་པ་དང་། སྐད་འཕྲིན་ཚོགས་པ་རེ་རེའི་ནང་དུ་རྒྱ་ནག་གི་དཔོན་རིགས་གདན་འདྲེན་ཞུ་དགོས་བ་དང་དེ་བཞིན་རང་ཉིད་བཙོན་འཇུག་བྱས་ཏེ་རྐང་ལག་བཅག་པའི་གནད་དོན་སོགས་བྱུང་ན་ཅི་འདྲ་ཞིག་ཡིན་པར་མང་ཚོགས་ཀྱིས་བསམ་བློ་གཏོང་དགོས་བའི་དྲན་སྐུལ་ཞུས་ཡོད་པར་བསྒྲགས་འདུག

དེ་བཞིན་ཁོང་གིས། བོད་ནང་གི་ས་བྱི་ལོའི་ཞི་རྒོལ་ཆེན་མོ་དང་འབྲེལ་ནས་རྒྱ་ནག་གིས་བོད་དེ་ཕྱི་ལོག་གི་སྤྱི་ཚོགས་དང་འབྲེལ་ལམ་བྱེད་རྒྱུར་ཡོངས་སུ་བཀག་སྡོམ་བྱས་ཡོད་སྟབས་བོད་ནང་གི་གནས་ཚུལ་ཕྱི་ལ་ཐོན་རྒྱུ་ཧ་ཅང་གི་ཁག་པོ་ཆགས་ཡོད་ནའང་། དེང་སྐབས་བོད་ནང་དུ་ཆབ་སྲིད་བཙོན་པ་འཛིན་བཟུང་བྱས་པ་དང་གློད་གྲོལ་ཐོབ་པ་སོགས་ཀྱི་གནད་དོན་མང་པོ་ཞིག་ཕྱི་ལོག་ཏུ་མཁོ་སྤྲོད་བྱེད་ཐུབ་པ་བྱུང་གི་ཡོད་པ་ནི་རྒྱུན་ལྡན་གྱི་གནད་དོན་ཞིག་མིན་པར་འགྲེལ་བརྗོད་ཀྱིས། གནད་དོན་དེ་ནི་གཞིས་བཞུགས་བོད་མི་རྣམས་ཀྱིས་བློ་སྤོབས་ཆེར་བསྐྱེད་ཀྱིས་གོ་སྐབས་གང་ཡོད་ལ་རྒྱ་ནག་གི་དྲག་གནོན་ལ་འཇིགས་ཞིམ་བྲལ་བའི་ཐོག་ནས་རྒོལ་ལན་སློག་བཞིན་པ་ཞིག་ཡིན་པར་ཡོངས་གྲགས་གནང་འདུག

གཞན་ཡང་ཁོང་གིས། རྒྱ་ནག་གིས་བོད་མི་རྣམས་ལ་བཙན་འཛུལ་བྱས་པར་བོད་མིའི་རྒོལ་ལན་སློག་པའི་ཉིན་མོའམ། འདི་ལོའི་གསུམ་བཅུའི་དུས་དྲན་གྱི་མཛད་སྒོའི་སྐབས། བོད་རང་དབང་ཁང་པའི་ངོས་ནས་རྒྱལ་སྤྱིའི་སྲིད་གཞུང་ཁག་ལ་འབོད་སྐུལ་གནང་སྟེ་ཉིན་མོ་དེར་རྒྱ་ནག་གིས་བོད་མིར་དྲག་གནོན་བྱེད་བཞིན་པ་དེ་སྦས་སྐོང་བྱས་ཡོད་པ་དྲན་གསོ་གནང་བ་དང་ལྷན་དུ། རྒྱལ་སྤྱིའི་སྲིད་གཞུང་ཁག་གིས་བོད་མི་རྣམས་བརྗེད་མེད་པར་སྒྲོག་རྒྱུའི་རེ་ཞུ་གནང་གནང་འདུག

གཞི་རྩའི་རྒྱ་ནག་གིས་བོད་ཁུལ་གྱི་གཙོ་བྱས་པའི་གྲངས་ཉུང་མི་རིགས་ས་ཁུལ་ཡོངས་ལ་བཀག་སྡོམ་ཆེ་ཆེར་བྱེད་བཞིན་པ་མ་ཟད། བོད་རིགས་མང་ཚོགས་ཀྱིས་ཆོས་ལུགས་དང་སྐད་ཡིག་སོགས་དང་འབྲེལ་བའི་སྐད་འཕྲིན་ཚོགས་པ་སོགས་ལ་ཡང་དོ་དམ་ཤུགས་ཆེར་བྱེད་བཞིན་ཡོད་པ་ལྟར།  ཐེངས་འདིའི་བོད་རིགས་ན་གཞོན་གསུམ་འཛིན་བཟུང་བྱེད་དོན་ཡང་འདི་ལོའི་བོད་ལུགས་ཀྱི་ལོ་གསར་དང་འབྲེལ་བའི་རྫ་རི་དཀར་མོའི་དགོང་ཚོགས་ཟེར་བའི་སྐད་འཕྲིན་ཚོགས་པ་ཞིག་ལ་གཞི་བྱས་ཏེ་འཛིན་བཟུང་བྱས་པ་ཞིག་ཡིན་འདུག

འབྲེལ་ཡོད་གསར་གནས།

གསར་གནས།