Tibetan Royal Year of 2151 | Year of the Wood Dragon

བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུ་བ་གཉིས་དྲུང་ཆེར་གནས་སྤར།

Tibetan News Headlines

  • Sikyong Penpa Tsering meets President Macron, gifts autographed photo of the Dalai Lama with French leader
  • Tibetans inside and outside Tibet mark Calligraphy Day
  • Derge protests put dams back on the agenda: Rights group calls for transparency of Dam construction plans in Tibet
  • Mexico legislators and friends of Tibet gather to strategize and reaffirm commitment to Tibet’s rights
  • Sarah College for Higher Tibetan Studies holds 23rd graduation ceremony

རེས་གཟའ་ལྷག་པ། ༢༠༢༤།༠༥།༠༡

  • སྲིད་སྐྱོང་མཆོག་གིས་ཕ་རན་སིའི་སྲིད་འཛིན་ལྷན་དུ་མཇལ་འཕྲད་གནང་འདུག
  • བོད་གཞིས་བྱེས་གཉིས་སུ་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་ཉིན་མོ་སྲུང་བརྩི་ཟབ་རྒྱས་ཞུས་པ།
  • རྒྱ་གཞུང་གི་ཆུ་མཛོད་གསར་རྒྱག་གི་ལས་གཞི་ཐད་ཕྱི་གསལ་ནང་གསལ་དགོས་པའི་འབོད་སྐུལ།
  • Mexico ནང་དུ་མ་འོངས་བོད་དོན་རྒྱབ་སྐྱོར་གྱི་ལས་དོན་སྤེལ་ཕྱོགས་སྐོར་ཚོགས་འདུ་ཚོགས་པ།
  • རྡ་ས་རིགས་སློབ་མ་ལག་གཉིས་ཀྱི་སློབ་ཐོན་མཛད་སྒོ་ཚོགས་པ།

དེ་རིང་བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་གནས་ཐོག་གནས་ཚུལ་སྤེལ་བར་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུ་བ་གཉིས་དྲུང་ཆེའི་གནས་རིམ་ཐོག་གནས་སྤར་བསྐོ་གཞག་གནང་འདུག

ཕྱི་དྲིལ་དྲུང་འཕར་འཆི་མེད་ཚེ་དབྱངས་ལགས་དྲིལ་བསྒྲགས་ལས་ཁུངས་ཀྱི་དྲུང་ཆེར་གནས་སྤར་གནང་སྟེ་དེ་རིང་ཕྱི་ཟླ་ ༩ ཚེས་ ༡ ནས་ཕྱི་དྲིལ་ལས་ཁུངས་ཀྱི་དྲིལ་བསྒྲགས་དྲུང་ཆེའི་ཐུགས་འགན་བཞེས་རྒྱུ་དབུ་འཛུགས་གནང་འདུག་པ་དང་། འཆི་མེད་ཚེ་དབྱངས་ལགས་ནི་ཕྱི་ལོ་ ༡༩༧༢ ལོར་ཅོན་ཏཱ་རར་སྐྱེས་ཤིང་། ཕྱི་ལོ་ ༡༩༩༥ ལོར་པན་ཇབ་གཙུག་ལག་སློབ་གཉེར་ཁང་དུ་ཉེ་བའི་གཙུག་ལག་རབ་འབྱམས་པ་ཐོན་རྗེས་ཕྱི་ལོ་ ༡༩༩༨ ལོར་ཤེས་རིག་ལས་ཁུངས་སུ་ཐོག་མར་དྲུང་ལས་གནས་རིམ་ཐོག་བསྐོ་གཞག་བྱུང་ཡོད་པ་དང་། ད་བར་སྲི་ཞུའི་ལས་ཡུན་མི་ལོ་ ༢༣ ཙམ་གནང་བའི་རིང་ལ་དྲུང་གཞོན་དང་ཟུང་དྲུང་། དེ་ནས་ཕྱི་ལོ་ ༢༠༡༦ ཟླ་ ༩ ཚེས་ ༡ ཉིན་དྲུང་འཕར་གནས་རིམ་དུ་གནས་སྤར་དང་ལོ་དེའི་ཕྱི་ཟླ་ ༡༠ པ་ནང་ཕྱི་དྲིལ་ལས་ཁུངས་སུ་གནས་སྤར་ཐོག་ནས་སྲི་ཞུའི་ཕྱག་ལས་གནང་ཡོད་པ་རེད།

དེ་བཞིན་ཤེས་རིག་དྲུང་འཕར་འཇིགས་མེད་རྣམ་རྒྱལ་ལགས་ཤེས་རིག་ལས་ཁུངས་ཀྱི་དྲུང་ཆེར་བསྐོ་གཞག་ཐོག་ཟླ་ཕྱི་ ༩ ཚེས་ ༣ ནས་ཤེས་རིག་ལས་ཁུངས་ཀྱི་དྲུང་ཆེའི་ཐུགས་འགན་བཞེས་རྒྱུ་ཡིན་པ་དང་། འཇིགས་མེད་རྣམ་རྒྱལ་ལགས་ནི་ཕྱི་ལོ་ ༡༩༧༨ བལ་ཡུལ་དུ་སྐྱེས་ཤིང་། ཕྱི་ལོ་ ༢༠༠༠ ཤེས་རིག་ལས་ཁུངས་སུ་དྲུང་ལས་གནས་རིམ་ཐོག་ཐོག་མར་བསྐོ་གཞག་གནང་བ་ནས་བཟུང་ད་བར་མི་ལོ་ ༢༠ ཙམ་གྱི་རིང་ལ་བཀའ་ཁྲི་མཆོག་གི་སྒེར་དྲུང་དང་། དྲུང་གཞོན། དེ་ནས་དྲུང་འཕར་བཅས་ཀྱི་གནས་རིམ་ཐོག་ནས་སྲི་ཞུའི་ཕྱག་ལས་གནང་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།