Tibetan Royal Year of 2151 | Year of the Wood Dragon

ཞི་ཅིན་ཕིང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་དེ་དག་ལོག་ཁྲིད་ཤ་སྟག་རེད།

Tibetan News Headlines

  • Dalai Lama congratulates Taiwan’s new President Lai Ching-te
  • Taiwan independence is ‘dead end’: China warns Taiwan’s new President
  • See us not only as victims but also as partners: Sikyong in Paris
  • Citizen journalist who reported on covid outbreak missing after scheduled release from prison
  • Taiwan President’s swearing-in Ceremony and CTA delegation: Interview with Representative Kelsang Gyaltsen

རེས་གཟའ་མིག་དམར། ༢༠༢༤།༠༥།༢༡

  • ༸གོང་ས་མཆོག་གིས་ཐའེ་ཝན་གྱི་སྲིད་འཛིན་གསར་པར་འཚམས་འདྲི་མཛད་པ།
  • རྒྱ་གཞུང་གིས་ཐེ་ཝན་རང་བཙན་ཟེར་བ་ནི་གྲུབ་ཐབས་མེད་པ་ཞིག་ཡིན་པའི་ཉེན་བརྡ་བཏང་འདུག
  • ང་ཚོ་ནི་གནོད་འཚེ་ཕོག་ཡུལ་ཞིག་ཏུ་མི་བལྟ་བར་རྒྱ་ནག་ནང་བཟང་ཕྱོགས་ཀྱི་འགྱུར་བ་གཏོང་མཁན་གྱི་མཉམ་ལས་པ་ཞིག་ལ་བརྩི་དགོས།
  • ཏོག་དབྱིབས་གཉན་རིམས་ཀྱི་གནས་ཚུལ་མཁོ་སྤྲོད་བྱེད་མཁན་གྱི་རྒྱ་རིགས་གསར་འགོད་པ་ཞིག་གར་སོང་ཆ་མེད་དུ་གྱུར་འདུག
  • ཐེ་ཝན་གཞུང་འཛིན་གསར་པ་དང་བོད་མིའི་བཀའ་སྤྱི་གཉིས་ཀྱི་སྐུ་ཚབ་ཀྱི་འཚམས་གཟིགས།

ཉེ་ཆར་བོད་ལྗོངས་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ ༧ ཐོག་སྲིད་འཛིན་ཞི་ཅིན་ཕིང་གིས་བོད་ནང་ཁ་བྲལ་ལ་གདོང་ལེན་སྤེལ་ཤུགས་ཆེ་རུ་གཏོང་དགོས་པ་དང་གཞི་རིམ་སློབ་གྲྭ་ཁག་ཏུ་སློབ་གསོ་སོགས་ཀྱི་ཐོག་ནས་རྒྱལ་ཞེན་གྱི་བསམ་བློ་ཆེ་རུ་གཏོང་དགོས་པ་སོགས་གཏམ་བཤད་སྤེལ་ཡོད་པ་དེར་དགག་ལན་ཚུལ་དུ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་བོད་བརྒྱུད་ནང་བསྟན་སྐྲུན་རྒྱུ་སོགས་བོད་མིའི་ཆོས་དད་དམ་འཛིན་བྱེད་ཐབས་ཞེས་པ་དེ་དག་ལོག་ཁྲིད་ཀྱི་སྲིད་བྱུས་འབའ་ཞིག་ཡིན་པ་གསུངས་འདུག

ཁ་སང་བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས་ཐོག་གནས་ཚུལ་སྤེལ་བར་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་བོད་བརྒྱུད་ནང་བསྟན་སྐྲུན་ཐབས་ཞེས་པ་དེ་དག་བོད་མིའི་ཆོས་དད་དམ་འཛིན་དང་མ་འོངས་པའི་༸སྐུའི་ཡང་སྲིད་ཀྱི་བདག་དབང་རྩོད་ཐབས་བཅས་ཀྱི་ཐོག་ལོག་ཁྲིད་བྱེད་བཞིན་པའི་སྲིད་བྱུས་ཡིན་པ་དང་། རྒྱ་ནག་གཞུང་གིས་འདས་པའི་ཉམས་མྱོང་ལ་གཞིགས་ནས་བོད་མི་ཚོར་རང་གི་ཆོས་དད་ཐོག་ནས་ཆོས་ཕྱོགས་ཀྱི་གནང་སྒོ་ཁག་གཉེར་བཅུག་དགོས་པ་གསུངས་འདུག

ལྷག་པར་དུ་བོད་མི་ཚོར་དམར་ཤོག་ཚོགས་པ་ལས་ནང་པའི་ཆོས་རྩ་ཆེ་བ་ཡོད་པ་དང་བོད་མིར་རང་གི་ཆོས་དད་ལས་དམར་ཤོག་ཚོགས་པ་རྩ་ཆེར་འཛིན་དགོས་པའི་བཙན་བཀའ་བཏང་ཡོད་པ་ནི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་ཁྲིམས་སྒྲིག་དང་ཡོངས་སུ་འགལ་བ་མ་ཟད། སྲིད་བྱུས་དེའང་ལོག་ཁྲིད་ཅིག་ཡིན་སྐོར་དང་འབྲེལ་ཏེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་བོད་བརྒྱུད་ནང་བསྟན་ཞེས་པ་ནམ་ཡང་ལམ་ལྷོངས་ཡོང་ཐབས་མེད་པ་དེ་ནི་འདས་པའི་མི་ལོ་དྲུག་ཅུ་རིང་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་ཉམས་མྱོང་ལས་རྟོགས་ཐུབ་རྒྱུ་ཡོད་པ་གསུངས་འདུག

དེ་བཞིན་ཞི་ཅིན་ཕིང་གིས་ཕྱིའི་ཤུགས་རྐྱེན་ཡོང་ས་མེད་པའི་བོད་སྐྲུན་བྱེད་དགོས་སྐོར་བཤད་པ་དང་འབྲེལ་ནས་སྲིད་སྐྱོང་མཆོག་གིས་རྒྱ་ནག་གཞུང་གིས་བོད་ནང་དོན་དམ་གྱི་བརྟན་ལྷིང་སྐྲུན་བློ་ཡོད་ཚེ་ད་བར་བོད་མི་ ༡༥༤ ཙམ་གྱིས་རྒྱ་ནག་གི་དྲག་པོའི་སྲིད་བྱུས་ལ་ངོ་རྒོལ་ཕྱིར་སྐུ་ལུས་ཞུགས་འབུལ་གནང་བ་དེ་དག་མ་བརྗེད་པའི་ཐོག་ནས་བོད་མིའི་མངོན་འདོད་གང་ཡིན་པ་ཤེས་ནས་དེ་དག་ལེགས་འགྲུབ་དགོས་པར་ནན་བརྗོད་གནང་འདུག

རྒྱ་ནག་གཞུང་གིས་ལམ་ལྷོངས་མེད་པའི་དྲག་པོའི་སྲིད་བྱུས་ལག་བསྟར་བྱེད་བཞིན་རྐྱེན་བོད་ནང་དོན་དམ་གྱི་བརྟན་ལྷིང་མེད་པ་ཆགས་ཡོད་པ་གསུངས་པ་དང་ལྷན་ཅིག བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལམ་སྟོན་མཛད་པའི་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་འོག་བོད་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་གི་གནས་བབ་སྤྲད་རྒྱུ་དེ་ཐབས་ལམ་བཟང་ཤོས་ཡིན་པར་གསུངས་འདུག

སྲིད་སྐྱོང་མཆོག་གིས་ད་དུང་རྒྱ་གཞུང་གིས་བཙན་རྒྱལ་རིང་ལུགས་ཀྱི་ལག་བསྟར་ཁྲོད་འདས་པའི་ལོ་ངོ་ ༦༠ ནང་དུ་རྒྱ་གཞུང་གིས་བོད་མཐོ་སྒང་ཐོག་རིམ་བཞིན་དམག་དཔུང་ཕོན་ཆེ་འགྲེམས་འཇོག་བྱེད་བཞིན་པར་སེམས་འཚབ་དང་འབྲེལ། བོད་ནང་དུ་རྒྱ་ནག་གི་དམག་མི་དང་གོ་མཚོན། དེ་བཞིན་ཧན་མི་རིགས་ཕོན་ཆེ་བའི་གནད་དོན་ཆགས་པ་མ་ཟད། ཁྱིམ་མཚེས་རྒྱལ་ཁབ་རྣམས་ལ་མཐའ་མཚམས་སུ་རྒྱ་ནག་གི་དམག་མི་ཕོན་ཆེ་འགྲེམས་འཇོག་བྱེད་མུས་ཁྲོད་ Galwan ལྟ་བུའི་ས་མཚམས་ཀྱི་རྩོད་རྙོག་ཇེ་མང་དུ་ཕྱིན་པ་བཅས་བོད་དང་ཁྱིམ་མཚེས་རྒྱལ་ཁབ་ཚང་མར་བློ་འཚབ་ཀྱི་གནད་དོན་ཞིག་ཆགས་ཀྱི་ཡོད་སྟབས། བོད་དང་རྒྱ་ནག དེ་བཞིན་ཨེ་ཤ་ཡ་གླིང་ཆེན་ཁྱོན་ཡོངས་སུ་ལྷིང་འཇགས་སླད་བོད་དེ་སྔར་བཞིན་གོ་མཚོན་མེད་པའི་ཞི་བདེའི་བསྟི་གནས་ཤིག་ཏུ་སྐྲུན་རྒྱུ་དེ་ཐབས་ལམ་བཟང་ཤོས་ཡིན་པར་ནན་བརྗོད་གནང་འདུག

འབྲེལ་ཡོད་གསར་གནས།

གསར་གནས།