Tibetan Royal Year of 2151 | Year of the Wood Dragon

རྒྱ་གར་གྱི་སྲིད་འཛིན་ཟུར་པ་སྐུ་ཞབས་པྲཎབ་མུཁརྗྀ་མཆོག་སྐུ་ཚེའི་འཕེན་པ་རྫོགས་པར་ཐུགས་གསོ་མཛད་འདུག

Tibetan News Headlines

  • EU-China relations and significance of Xi Jinping’s Europe visit: Discussion

རེས་གཟའ་པ་སངས། ༢༠༢༤།༠༥།༡༡

  • ཞི་ཅིན་ཕིང་གི་ཐེངས་འདིའི་ཡོ་རོབ་སྐོར་བསྐྱོད་ཀྱི་གནད་འགག་དང་། རྒྱ་ནག་དང་ཡོ་རོབ་དབར་གྱི་འབྲེལ་ལམ་སྐོར་གླེང་མོལ་གྱི་ལས་རིམ།

རྒྱ་གར་གྱི་སྲིད་འཛིན་ཟུར་པ་སྐུ་ཞབས་པྲཎབ་མུཁརྗྀ་མཆོག་ཡུན་རིང་ཁྲག་ལིང་དང་ཏོག་དབྱིབས་གཉན་རིམས་ཀྱི་ནད་གཞི་ཕོག་རྗེས་དྲག་སྐྱེད་མ་བྱུང་བར་བརྟེན་ཁ་སང་ཟླ་ ༨ ཚེས་ ༣༡ ཉིན་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ Army Hospital འམ་དམག་མིའི་སྨན་ཁང་དུ་དགུང་གྲངས་ ༨༤ ཐོག་སྐུ་ཚེའི་འཕེན་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་དམ་པ་ཁོང་གི་བུ་ཨ་བི་ཇིཏ་ལགས་ཀྱི་མཚན་ཐོག་ཏུ་ཐུགས་གསོའི་གསུང་འཕྲིན་ཞིག་བསྩལ་འདུག

༸གོང་ས་མཆོག་གིས་ཐུགས་གསོའི་གསུང་འཕྲིན་ནང་མགོན་པོ་༸གང་ཉིད་མཆོག་ནས་སྐུ་ཉིད་ཀྱི་ཡབ་སྐུ་ཞབས་པྲཎབ་མུཁརྗྀ་མཆོག་སྐུ་ཚེ་མ་ཟིན་པར་དགོངས་པ་རྫོགས་པའི་གནས་ཚུལ་ཐོས་འཕྲལ་ཐུགས་ཕམ་རབ་ཏུ་ཆེ་ཞིང་། ད་ལྟ་ཡིད་གདུང་ཆེ་བའི་དུས་སུ་ཤུལ་ལུས་སྐུ་འཁོར་ཡོངས་ལ་གདུང་སེམས་མཉམ་བསྐྱེད་དང་ཐུགས་སྨོན་ཡོད་ཅེས་བཀའ་བསྩལ་འདུག

མགོན་པོ་༸གང་ཉིད་མཆོག་གིས་ད་དུང་རྒྱ་གར་གྱི་སྲིད་འཛིན་ཟུར་པ་སྐུ་ཞབས་པྲཎབ་མུཁརྗྀ་མཆོག་དང་མཛད་སྒོ་མང་དག་ཅིག་གི་ཐོག་ལ་མཇལ་འཕྲད་མཛད་མྱོང་ཡོད་སྐོར་ཐུགས་དྲན་གསོ་བ་དང་ཆབས་ཅིག ལྷག་དོན་ཕྱི་ལོ་ ༢༠༡༦ ལོའི་ཟླ་ ༡༢ ནང་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་རྒྱ་གར་གྱི་སྲིད་འཛིན་ཕོ་བྲང་ Rashtrapati Bhawan དུ་སྐུ་ཞབས་ Pranab Mukherjee མཆོག་དང་ཕྲུ་གུའི་བདེ་དོན་དང་འབྲེལ་བའི་ལྷན་ཚོགས་ཐོག་དབུས་བཞུགས་མཛད་མྱོང་ཡོད་པ་བཀའ་བསྩལ་བ་དང་། ལྷན་ཅིག་ཏུ་སྐུ་ཞབས་པྲཎབ་མུཁརྗྀ་དམ་པ་མཆོག་སྐུ་འཚོ་བཞུགས་སྐབས་སུ་རྒྱ་གར་མི་མང་གི་བདེ་དོན་སླད་དུ་ཞབས་ཕྱི་ཞུ་རྒྱུའི་ཐུགས་འདུན་ཡོད་པ་ལྟར་ཆོད་སེམས་བརྟན་པོས་ལོ་བཅུ་ཕྲག་དུ་མའི་རིང་ལ་ཕྱག་ལས་གནང་བ་མ་ཟད། དེ་བཞིན་ཁོང་གིས་ལས་ཡུན་དེ་དག་བཞེས་རིང་ལ་དཔལ་འབྱོར་བློན་ཆེན་དང་བདེ་སྲུང་བློན་ཆེན། ཕྱི་སྲིད་བློན་ཆེན་གྱིས་གཙོས་པའི་གནད་ཆེ་བའི་བློན་ཆེན་རིམ་པའི་ཐུགས་འགན་ཡང་བཞེས་པ་དང་། མཐར་སྐུ་ཞབས་ཁོང་གིས་རྒྱ་གར་རྒྱལ་ཁབ་ཆེན་པོ་འདིའི་སྲིད་འཛིན་བཅུ་གསུམ་པའི་ཐུགས་འགན་བཞེས་ཡོད་སྐོར་བཀའ་བསྩལ་འདུག

དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུས་གནས་མཆོག་རྣམ་གཉིས་ཀྱིས་ཀྱང་བོད་མི་དང་བོད་མིའི་སྒྲིག་འཛུགས་ཀྱི་ཚབ་ཞུས་ཏེ་རྒྱ་གར་གྱི་སྲིད་འཛིན་ཟུར་པ་སྐུ་ཞབས་པྲཎབ་མུཁརྗྀ་མཆོག་སྐུ་ཚེའི་འཕེན་པ་རྫོགས་པར་ཐུགས་སྨོན་དང་དམ་པ་ཁོང་གི་ཤུལ་ལུས་སྐུ་འཁོར་ཡོངས་ལ་ཐུགས་གསོ་ཞུས་འདུག

དེ་རིང་ཉིན་རྒྱབ་ཚོུད་ ༢ ཐོག་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་རྒྱ་གར་གྱི་སྲིད་འཛིན་ཟུར་པ་སྐུ་ཞབས་པྲཎབ་མུཁརྗྀ་མཆོག་སྐུ་ཚེའི་འཕེན་རྫོགས་པར་གདུང་སེམས་མཉམ་བསྐྱེད་ཀྱིས་མྱ་ངན་གུས་བཏུད་ཞུ་ཕྱིར་ལས་ཁུངས་སུ་ལྷན་འཛོམས་ཀྱིས་བསྔོ་སྨོན་གསུང་འདོན་གནང་པ་མ་ཟད། ཉིན་རྒྱབ་ཏུ་དབུས་ལས་ཁུངས་ཁག་ལས་མཚམས་བཞག་ཡོད་པ་རེད།

གཞི་རྩའི་རྒྱ་གར་གྱི་སྲིད་འཛིན་ཟུར་པ་སྐུ་ཞབས་པྲཎབ་མུཁརྗྀ་མཆོག་ནི་ཕྱི་ལོ་ ༡༩༣༥ ལོར་ནུབ་བྷེང་གྷལ་དུ་སྐུ་འཁྲུངས་ཤིང་། ཁོང་སྐུ་གཞོན་ནུའི་སྐབས་ Suri Vidyasagar མཐོ་སློབ་དང་ Calcutta གཙུག་ལག་སློབ་གཉེར་ཁང་སོགས་ལ་སློབ་གཉེར་གནང་རྗེས་སློབ་དཔོན་དང་གསར་འགོད་པ། བློན་ཆེན། དེ་བཞིན་སྲིད་འཛིན་ལ་སོགས་པའི་ཐུགས་འགན་བཞེས་མྱོང་ཡོད་པ་རེད། ཕྱི་ལོ་ ༢༠༡༩ ལོར་ཁོང་ལ་རྒྱ་གར་གྱི་སྤྱི་དམངས་ཀྱི་ཆེས་མཐོའི་གཟེངས་རྟགས་མཐོ་ཤོས་ Bharat Ratna འབུལ་ལམ་ཞུས་ཡོད་པ་དང་།

གཞི་རྩའི་རྒྱ་གར་གྱི་སྲིད་འཛིན་ཟུར་པ་སྐུ་ཞབས་པྲཎབ་མུཁརྗྀ་མཆོག་ནི་ཕྱི་ལོ་ ༡༩༣༥ ལོར་ནུབ་བྷེང་གྷལ་དུ་སྐུ་འཁྲུངས་ཤིང་། ཁོང་སྐུ་གཞོན་ནུ་སྐབས་ Suri Vidyasagar མཐོ་སློབ་དང་ Calcutta གཙུག་ལག་སློབ་གཉེར་ཁང་སོགས་ལ་སློབ་གཉེར་གནང་རྗེས་སློབ་དཔོན་དང་གསར་འགོད་པ། བློན་ཆེན། དེ་བཞིན་སྲིད་འཛིན་ལ་སོགས་པའི་ཐུགས་འགན་བཞེས་མྱོང་ཡོད་པ་རེད། ཕྱི་ལོ་ ༢༠༡༩ ལོར་ཁོང་ལ་རྒྱ་གར་གྱི་སྤྱི་དམངས་ཀྱི་ཆེས་མཐོའི་གཟེངས་རྟགས་མཐོ་ཤོས་ Bharat Ratna འབུལ་ལམ་ཞུས་ཡོད་པ་དང་། དེ་སྔོན་ཕྱི་ལོ་ ༢༠༠༨ ལོར་ཆེས་མཐོའི་གཟེངས་རྟགས་མཐོ་ཤོས་ཨང་གཉིས་པ་ Padma Vibhushan ཡང་འབུལ་ལམ་ཞུས་ཡོད་པ་རེད། སྐུ་ཞབས་ཁོང་གིས་ཕྱི་ལོ་ ༢༠༡༢ ཟླ་ ༧ ཚེས་ ༢༥ ནས་ཕྱི་ལོ་ ༢༠༡༧ ཟླ་ ༧ ཚེས་ ༢༥ བར་རྒྱ་གར་གྱི་སྲིད་འཛིན་བཅུ་གསུམ་པའི་ཐུགས་འགན་བཞེས་ཡོད་པ་དང་། ཁོང་གིས་སྲིད་འཛིན་གྱི་ཐུགས་འགན་བཞེས་སྐབས་ཕྱི་ལོ་ ༢༠༡༦ ལོར་རྒྱ་དཀར་ནག་གཉིས་ཀྱི་དབར་མཐུན་མིན་ལ་མ་བལྟོས་པར་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་རྒྱ་གར་གྱི་སྲིད་འཛིན་ཕོ་བྲང་ Rashtrapati Bhawan དུ་སྐུ་ཞབས་ Kailash Satyarthi མཆོག་ནས་ཆེད་བཙུགས་གནང་བའི་བྱིས་པའི་ལྟ་སྐྱོང་ཐེབས་རྩ་ཁང་གིས་གོ་སྒྲིག་ཞུས་པའི་ཕྲུ་གུའི་བདེ་དོན་དང་འབྲེལ་བའི་ལྷན་ཚོགས་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གདན་ཞུ་ཕུལ་དོན་ལྟར།  སྐུ་ཞབས་ Pranab Mukherjee མཆོག་ཀྱང་ལྷན་ཞུགས་མཛད་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།