Tibetan Royal Year of 2151 | Year of the Wood Dragon

བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་གར་རང་བཙན་ཉིན་མོ་ཐེངས་ ༧༨ པ་སྲུང་བརྩི།

Tibetan News Headlines

  • Tibetan parliament to resume tomorrow after safety assurance from Security Department
  • French museums have yet to provide any assurance after succumbing to pressure from China- replacing ‘Tibet’ with ‘Xizang’
  • Preliminary prayer service for the Dalai Lama’s long life begins in Dharamshala
  • China promotes third plenary session of the 20th national congress across Tibet
  • Chinese students are undermining academic freedom at UK universities

རེས་གཟའ་ཟླ་བ། ༢༠༢༤།༠༩།༡༦

  • བདེ་སྲུང་ལས་ཁུངས་ཀྱིས་སྤྱི་འཐུས་རྣམ་པའི་བདེ་འཇགས་ཐད་འགན་ཁུར་བཞེས་རྒྱུའི་ཁས་ལེན་ཐོག་སང་ཉིན་གྲོས་ཚོགས་རྒྱུན་སྐྱོང་གནང་གི་རེད་ཅེས་གསུངས་སོང་།
  • རྒྱ་གཞུང་གིས་ལོ་རྒྱུས་བསྐྱར་བྲིས་དང་མི་རིགས་རྩ་གཏོར་གྱི་བྱ་སྤྱོད་ལ་རམ་འདེམས་བྱེད་མཁན་ཧྥ་རན་སི་འགྲེམ་སྟོན་ཁང་ལ་ཁ་གཏད་གཅོག་ཐབས་ཀྱིས་ལས་འགུལ་སྤེལ་བཞིན་པ།
  • བཞུགས་སྒར་དུ་བརྟན་བཞུགས་ཀྱི་སྒྲུབ་ཞག་འཚོགས་བཞིན་པ།
  • རྒྱ་གཞུང་གིས་བོད་ས་གང་སར་སྐབས་ ༢༠ པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དྲིལ་བསྒྲགས་ཤུགས་ཆེ་བྱེད་བཞིན་འདུག
  • རྒྱ་རིགས་སློབ་མ་ཚོས་དབྱིན་ཡུལ་སློབ་ཆེན་ཁག་གི་ཤེས་ཡོན་རང་དབང་ལ་དོ་ཕོག་གཏོང་བཞིན་ཡོད་པ་གསུངས་འདུག

དེ་རིང་ཕྱི་ཟླ་ ༨ ཚེས་ ༡༥ སྟེ་རྒྱ་གར་རང་ལ་བཙན་ཐོབ་ནས་མི་ལོ་ ༧༨ འཁོར་བ་དང་བསྟུན། བོད་མིའི་སྒྲིག་འཛུགས་ངོས་ནས་རྒྱ་གར་གནས་ཡུལ་རྒྱལ་ཁབ་ལ་བཀའ་དྲིན་བསམ་ཤེས་དང་ཆེ་མཐོང་མཚོན་ཆེད་ཉིན་མོ་དེ་སྲུང་བརྩི་གཟབ་རྒྱས་ཞུས་སོང་།

དེ་ཡང་དེ་རིང་སྔ་དྲོ་ཕྱག་ཚོད་ ༩།༣༠ སྟེང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག བཀའ་བློན་རྣམ་པ། བོད་མི་མང་སྤྱི་འཐུས་ཁག་གཅིག ལྷན་ཁང་ཁག་གི་དྲུང་ཆེ་ཆུང་རྣམ་པ་དང་ལས་བྱེད་བཅས་བོད་མིའི་སྒྲིག་འཛུགས་བདེ་སྲུང་ལས་ཁུངས་ཀྱི་མདུན་ཐང་དུ་ལྷན་འཛོམས་ཐོག་རྒྱ་གར་གྱི་རྒྱལ་གླུ་དབྱངས་སུ་གྱེར་བ་དང་སྲིད་སྐྱོང་མཆོག་གིས་རྒྱ་གར་གྱི་རྒྱལ་དར་མཁའ་དབྱིས་སུ་བསྒྲེངས་བ། དེ་བཞིན་མངར་ཟས་འགོད་འགྲེམས་གནང་སྟེ་ཉི་མོ་འདི་ཉིད་སྲུང་བརྩི་ཞུས་སོང་།

མཛད་སྒོ་གྲུབ་མཚམས་སྲིད་སྐྱོང་མཆོག་གིས་འདི་ག་གསར་འགོད་པར་བོད་ཀྱི་ལོ་རྒྱུས་ཀྱི་ཉག་ཕྲ་བའི་དུས་སྐབས་སུ་རྒྱ་གར་གཞུང་མང་གཉིས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་པའི་བོད་མི་བཙན་བྱོལ་བ་རྣམས་ལ་གནས་ཚང་དང་རང་ཉིད་མི་རིགས་ཀྱི་ངོ་བོ་མཚོན་པའི་སྐད་ཡིག་དང་ཆོས་རིག་སྲུང་སྐྱོབ་ཆེད་དུ་སློབ་སྦྱོང་བྱེད་པའི་གོ་སྐབས་གནང་བ་མ་ཟད། བོད་ནང་རྒྱ་གཞུང་གིས་དགོན་སྡེ་ཁག་གཏོར་བཅོམ་ཤུགས་ཆེ་བྱས་པ་རྣམས་བཙན་བྱོལ་དུ་ཉམས་གསོ་ཐུབ་པ་དེ་རྒྱ་གར་གཞུང་མང་གཉིས་ཀྱི་བཀའ་དྲིན་ཡིན་པར་ཐུགས་རྗེ་ཆེ་ཞུ་དང་འབྲེལ་འཚམས་འདྲི་ཞུས་སོང་།

ལྷག་པར་ཕྱི་ལོ་ ༡༩༤༧ ལོར་རྒྱ་གར་གཙོས་པའི་རྒྱལ་ཁབ་མང་པོ་ཞིག་རྒྱ་སྐྱེད་རིང་ལུགས་འོག་ནས་ཐར་ཏེ་རང་བཙན་ཐོབ་ཡོད་པ་དང་། སྟབས་མ་ལེགས་པ་ཞིག་ལ་ལོ་གསུམ་རྗེས་སུ་བོད་འདི་ཉིད་རྒྱ་ནག་དམར་པོའི་བཙན་འོག་ཏུ་ཚུད་ནས་སོ་སོའི་རང་དབང་རླགས་ཏེ། ཆིངས་ཡིག་དོན་ཚན་ ༡༧ ཟེར་བ་དེའི་འོག་ལོ་བརྒྱད་ཙམ་འབད་བརྩོན་གནང་ཡོད་པ་དེ་ལྟར་ཡང་། མཐར་བོད་མི་རྣམས་བཙོན་བྱོལ་དུ་གྱར་དགོས་བྱུང་ནས་ད་ཆ་ལོ་ངོ་ ༦༥ ཕྱིན་ཡོད་སྟབས། མ་འོངས་པར་འགྱུར་བ་འགྲོ་དགོས་ངེས་ཡིན་པར་བརྟེན། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་རྒྱལ་སྤྱིའི་སྤྱི་ཚོགས་ནང་བོད་དོན་གོ་རྟོགས་དང་རྒྱབ་སྐྱོར་འཚོལ་ནས་བོད་རྒྱའི་དཀའ་རྙོག་སེལ་ཆེད་འབད་བརྩོན་གནང་མུས་ཡིན་ཞིང་། བོད་གཞིས་བྱེས་མཉམ་འཛོམས་ཡོང་ཆེད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བྱིན་རླབས་དང་བོད་པའི་མི་རབས་རྒན་པ་རྣམས་ཀྱི་སྐུ་ལས་སྐྱོན་པ་རྣམས་མུ་མཐུད་དེ་མཉམ་རུབ་ཀྱིས་ལས་དོན་གྲུབ་ཆེད། བོད་ཕྱི་ནང་གཉིས་ཀའི་བོད་མི་རྣམ་པས་རིག་པ་སྒྲིམ་ནས་ཕྱག་ལས་གནང་རོགས་ཞེས་འབོད་སྐུལ་དང་སྦྲགས། གཞིས་བཞུགས་བོད་མི་རྣམས་ལ་རྒྱ་གར་འདི་བཞིན་ལོ་བརྒྱ་ཕྲག་གཉིས་ཙམ་གྱི་རྗེས་སུ་དབྱིན་ཇིའི་འོག་ནས་རང་བཙན་ཐོབ་པའི་ཉམས་མྱོང་རྣམས་ལོ་རྒྱུས་ཀྱི་གནས་བབ་ཡིན་དུས་དེ་དག་ནས་བསླབ་བྱ་བླངས་དགོས་གལ་ཡིན་པར་ང་ཚོ་ནམ་ཡང་སེམས་ཤུགས་མ་ཆགས་པར་མུ་མཐུད་འབད་བརྩོན་བྱ་དགོས་གལ་ཡིན་པའི་སྐུལ་མ་གནང་སོང་།

དེ་རིང་རྒྱལ་ས་ལྡི་ལི་གཙོ་བོར་གྱུར་བའི་རྒྱ་གར་གྱི་ས་ཕྱོགས་གང་སར་གཞུང་འབྲེལ་མཛད་སྒོ་སོགས་དགའ་སྤྲོའི་རྣམ་པའི་ཐོག་རྒྱ་གར་ལ་རང་བཙན་ཐོབ་ནས་མི་ལོ་ ༧༨ འཁོར་བའི་དུས་སྟོན་དེ་སྲུང་བརྩི་གནང་བཞིན་པ་དང་འབྲེལ། དེ་རིང་བོད་མིའི་སྒྲིག་འཛུགས་ཙམ་མིན་པར་རྒྱ་གར་གྱི་ས་ཁུལ་འདྲ་མིན་ནང་དུ་ཡོད་པའི་བོད་པའི་སློབ་གྲྭ་ཁག་དང་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ་སོགས་ཀྱིས་རྒྱ་གར་གཞུང་མང་གཉིས་ལ་འཚམས་འདྲི་དང་བཀའ་དྲིན་རྗེས་དྲན་གྱི་གནང་སྒོ་འདྲ་མིན་བརྒྱུད་དེ་སྲུང་བརྩི་ཞུ་བཞིན་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།