Tibetan Royal Year of 2151 | Year of the Wood Dragon

བོད་རྒྱ་ཆེའི་མང་ཚོགས་སླད་སྐུ་ཚེ་ཞབས་པད་ཡུན་རིང་བརྟན་པའི་བཀའ་བཞེས་མཛད་པ།

Tibetan News Headlines

  • བོད་ཀྱི་བེུད་། བལ་ཡུལ་ལྷ་མོ་ཚོགས་པའི་ཚོགས་མི་དང་གློག་བརྙན་འཁྲབ་སྟོན་པ་འཕྲིན་ལས་ལྷ་མོ་ལགས་དང་ལྷན་ཁོང་གི་སྒྱུ་སྩལ་གྱི་ལམ་བུའི་སྐོར་གླེང་མོལ།

རེས་གཟའ་ཉི་མ། ༢༠༢༤།༠༥།༠༥

  • Women of Tibet: In conversation with Thinley Lhamo, member of Nepal Tibetan opera and star in Nepalese film ‘Shambala’

དེ་རིང་བོད་ཟླ་བཅུ་པའི་ཚེས་༢༥ ཕྱི་ཟླ་༡༢་ཚེས་༡༠ སྟེ་དགའ་ལྡན་ལྔ་མཆོད་ཉིན་མོར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དྲ་ལམ་བརྒྱུད་རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་རྟེན་འབྲེལ་བསྟོད་པ་དང་ལམ་རིམ་བསྡུས་དོན་གྱི་བཀའ་ཆོས་བཀའ་དྲིན་སྩལ་བ་དང་འབྲེལ། བོད་ནང་གི་བོད་མི་ཚོས་༸གོང་ས་མཆོག་ལ་ཡིད་ཆེས་དང་དད་མོས་ལ་གཟིགས་པ་ཡིན་ན། མགོན་པོ་གང་ཉིད་ནི་བོད་རྒྱ་ཆེའི་མང་ཚོགས་ཀྱི་བླ་སྲོག་ལྟ་བུ་ཞིག་ཆགས་ཡོད་སྟབས་། གང་ཉིད་ནས་བོད་རྒྱ་ཆེའི་མང་ཚོགས་སླད་སྔར་གྱི་ལུང་བསྟན་བཞིན་དགུང་ལོ་བརྒྱ་དང་བཅུ་གྲངས་ཤིག་གི་བར་སྐུ་འཚོ་བཞུགས་མཛད་རྒྱུའི་ཐུགས་སྨོན་མཛད་བཞིན་ཡོད་ཅེས་བཀའ་གནང་སོང་།

དེའང་དེ་རིང་གི་ཉིན་མོ་དེ་ནི་བོད་གངས་ཅན་ལྗོངས་སུ་དར་བའི་དཔལ་ན་ལེནྜའི་ཆོས་བརྒྱུད་ཆེན་པོ་བཞི་ཞེས་ཡོངས་སུ་གྲགས་པའི་ཡ་གྱལ་རི་བོ་དགེ་ལྡན་པའི་ཆོས་བརྒྱུད་ཀྱི་བསྟན་པའི་སྲོལ་བཏོད་པ་པོ་རྗེ་ཙོང་ཁ་པ་ཆེན་པོ་བློ་བཟང་གྲགས་པ་མཆོག་དགོངས་པ་གཞན་དོན་དུ་གཤེགས་ནས་ལོ་ངོ་ ༦༠༡ ཧྲིལ་པོ་འཁོར་བའི་ཉིན་མོ་ཞིག་ཙམ་མ་ཟད། སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་འཛམ་གླིང་ཁྲོད་ཆེས་སྙན་པར་གྲགས་པའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ནས་ལོ་ངོ་༣༡་འཁོར་བའི་ཉིན་མོ་ཁྱད་པར་ཅན་ཞིག་ཆགས་ཀྱི་ཡོད་པ་རེད།
༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་སྔ་ཐོག་ཕྱག་ཚོད་ ༩ པའི་ཐོག་རྒྱལ་བའི་ཕོ་བྲང་ནས་དྲྭ་ལམ་བརྒྱུད་བོད་མི་གཙོ་བོར་གྱུར་བའི་རྒྱལ་སྤྱིའི་ཁྱོན་དུ་གནས་པའི་ནང་པའི་དད་ལྡན་པ་ཡོངས་ལ་རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་རྟེན་འབྲེལ་བསྟོད་པ་དང་ལམ་རིམ་བསྡུས་དོན་གྱི་བཀའ་ཆོས་བཀའ་དྲིན་སྩལ་བ་མ་ཟད། ཆོས་ཞུ་བ་རྣམས་ལ་དེ་རིང་རྗེ་རིན་པོ་ཆེའི་དགོངས་རྫོགས་སྐབས་ཐོས་དོན་སྒྲུབ་ལ་གཞོལ་ནས་གཙོ་བོ་རྗེ་རིན་པོ་ཆེའི་གསུང་རྣམས་བློ་ལ་ཤར་བའི་ཐོག དེ་དག་ལ་ཉམ་ལེན་གནང་རྒྱུ་གལ་ཆེན་ཡིན་པའི་ལམ་སྟོན་མཛད་སོང་།
མ་ཟད་༸གོང་ས་མཆོག་གིས་སེར་ཤུལ་ལ་སོགས་པའི་བོད་ནང་གི་དགོན་སྡེ་ཁག་ནས་གཞུང་ཆེན་ཁག་ལ་སློབ་གཉེར་ཧུར་ཐག་གནང་བཞིན་པར་བསྔགས་བརྗོད་མཛད་པ་དང་འབྲེལ། བོད་མི་རྣམས་དཔལ་ན་ལེནྜའི་ཆོས་བརྒྱུད་བདག་གཅེས་གནང་མཁན་དེ་ཡིན་པ་བཞིན། བྱེས་ཀྱི་གདན་ས་ཁག་ནས་དེ་སྔ་བཞིན་མུ་མཐུད་གཞུང་ཆེན་ཁག་ལ་སློབ་གཉེར་ཧུར་ཐག་གནང་དགོས་པའི་ལམ་སྟོན་མཛད་ཡོད་པ་རེད།ཆོས་འབྲེལ་གྱི་མཚམས་སུ་དྲ་ཐོག་བརྒྱུད་ཆོས་ཞུར་དབུ་བཞུགས་མཛད་པའི་མཁན་བླ་སྤྲུལ་ཁག་ཅིག་གི་བཀའ་འདྲི་དགོངས་སྐོར་ཞུས་ཏེ་༸གོང་ས་མཆོག་སྐུ་ཚེ་སྐལ་བརྒྱར་བརྟན་ནས་ཟབ་རྒྱས་ཆོས་ཀྱི་འཁོར་ལོ་ཡང་ནས་ཡང་དུ་སྐོར་བའི་གསོལ་འདེབས་སྨོན་ལམ་ཞུས་པ་ལྟར། ༸གོང་ས་མཆོག་གིས་བོད་ནང་གི་རྒྱ་ཆེའི་མང་ཚོགས་ནས་གང་ཉིད་ལ་ཡིད་ཆེས་དང་དད་པ་དེ་ཙམ་བྱེད་བཞིན་པའི་ཁྲོད་གང་ཉིད་ནས་དེ་དག་ཆེད་སྐུ་ཚེ་ཡུན་རིང་བརྟན་རྒྱུའི་བློ་སྟོབས་འཕེལ་བཞིན་ཡོད་སྐོར་བཀའ་སྩལ་བ་དང་འབྲེལ། སྔར་གྱི་ལུང་བསྟན་བཞིན་དགུང་ལོ་བརྒྱ་དང་བཅུ་གྲངས་ཞིག་སྐུ་འཚོ་བཞུགས་མཛད་རྒྱུའི་ཐུགས་སྨོན་མཛད་བཞིན་ཡོད་སྐོར་བཀའ་གནང་སོང་།

འབྲེལ་ཡོད་གསར་གནས།

གསར་གནས།