Tibetan Royal Year of 2151 | Year of the Wood Dragon

བཀའ་སྤྱི་གཉིས་ཀྱིས་༸གོང་ས་མཆོག་གི་ནོ་སྦེལ་ཞི་བདེ་གཟེངས་རྟགས་ཀྱི་དུས་དྲན་སྲུང་བརྩི།

Tibetan News Headlines

  • བོད་ཀྱི་བེུད་། བལ་ཡུལ་ལྷ་མོ་ཚོགས་པའི་ཚོགས་མི་དང་གློག་བརྙན་འཁྲབ་སྟོན་པ་འཕྲིན་ལས་ལྷ་མོ་ལགས་དང་ལྷན་ཁོང་གི་སྒྱུ་སྩལ་གྱི་ལམ་བུའི་སྐོར་གླེང་མོལ།

རེས་གཟའ་ཉི་མ། ༢༠༢༤།༠༥།༠༥

  • Women of Tibet: In conversation with Thinley Lhamo, member of Nepal Tibetan opera and star in Nepalese film ‘Shambala’

དེ་རིང་སྔ་དྲོ་ཕྱག་ཚོད་བཅུ་དང་ཕྱེད་ཀའི་སྟེང་། གངས་སྐྱིད་སྲིད་སྐྱོང་ཚོགས་ཁང་དུ་བཀའ་སྤྱི་གཉིས་ཀྱིས་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་སྐྱབས་མགོན་རིན་པོ་ཆེ་མཆོག་ལ་འཛམ་གླིང་སྙན་གྲགས་ཆེ་བའི་ནོ་སྦེལ་ཞི་བདེའི་གཟེངས་འབུལ་བཞེས་ཀྱི་རྗེས་དྲན་དགའ་སྟོན་མཛད་སྒོ་ཐེངས་ ༣༡ པ་སྲུང་བརྩི་ཞུས་སོང་།དེ་རིང་གི་མཛད་སྒོའི་ཐོག  སྲིད་ཚབ་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་གི་གཙོ་བྱས་པའི་ཕྱག་རོགས་བཀའ་བློན་ལྷན་རྒྱས་དང་ཁྲིམས་ཞིབ་ཆེ་བ་དག་པོ་བསོད་ནམས་ནོར་བུ་མཆོག་དང་། དེ་བཞིན་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་ཚོགས་གཞོན་གཉིས་ཀྱི་གཙོ་བྱས་པའི་སྤྱི་འཐུས་རྒྱུན་ལས་རྣམས་དང་ལྷན་ཁང་ཁག་གི་དྲུང་ཆེ་རྣམས། གཞན་ཡང་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཨ་ཇི་ཏ་ཀུ་མར་ལགས་སོགས་ཆེད་ཕེབས་གནང་འདུགསྲིད་ཚབ་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་གིས་སྐབས་དེར་བཀའ་ཤག་གི་གསུངས་འཕྲིན་སྒྲོག་སྦྱོང་གནང་སྟེ། སྤྱི་ནོར་༸གོང་ས་སྐྱབས་མགོན་རིན་པོ་ཆེ་མཆོག་ནི་དུས་དང་རྣམ་པ་ཀུན་ཏུ་ཞི་བར་ཐུགས་མོས་ཆེན་པོ་གནང་མཁན་ཞིག་ཡིན་པ་ལྟར། བོད་ཀྱི་བདེན་པའི་རྩ་དོན་ཡང་འཚེ་མེད་ཞི་བའི་ཐབས་ལམ་ཁོ་ནའི་ཐོག་ནས་སྒྲུབ་ཐབས་གནང་བ་དང་། འཇིག་རྟེན་ཀུན་ཁྱབ་འགན་ཁུར་ཐོག་ཐུགས་བརྩོན་ཆེ་བསྐྱེད་མཛད་པར་ཆེ་བསྟོད་ཞུས་པ་དང་སྦྲགས། དེ་རིང་གི་ཉིན་མོ་འདི་ནི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་ཡིན་པ་བཞིན། འཛམ་གླིང་གི་ཡུལ་གྲུ་ཕལ་མོ་ཆེར་སྨྲ་བརྗོད་དང་ཆོས་དད་རང་དབང་སོགས་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་རྣམས་ལོངས་སུ་སྤྱོད་བཞིན་ཡོད་ནའང་། བོད་ནང་བོད་མི་ཚོས་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་། སྐད་ཡིག ཁོར་ཡུག་སོགས་ཀྱི་ཐོག་ལ་ཉམས་པ་སླར་གསོ་དང་མི་ཉམས་རྒྱུན་འཛིན་གྱི་ལས་དོན་སྤེལ་བ་དང་མངོན་འདོད་ཙམ་བཏོན་པ་ཙམ་གྱིས་རྡུང་རྡེག་བཙོན་འཇུག་སོགས་བྱེད་བཞིན་ཡོད་པ་ལུང་འདྲེན་གྱིས། བྱེད་བབ་དེ་དག་ནི་འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག་བཏང་བ་ཞིག་ཡིན་པ་མ་ཟད། རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་མི་རིགས་ས་ཁུལ་རང་སྐྱོང་གི་བཅའ་ཁྲིམས་དང་འགལ་བ་ཞིག་ཆགས་ཡོད་སྐོར་གསུངས་སོང་།

སྲིད་ཚབ་མཆོག་གིས་ད་དུང་རྒྱ་ནག་གཞུང་གིས་བོད་མིའི་གཞི་རྩའི་ཐོབ་ཐང་དང་བོད་མི་རིགས་ཀྱི་ངོ་བོ་རྩ་མེད་བཏང་དང་གཏོང་བཞིན་ཡོད་ཀྱང་། བོད་ནང་གི་བོད་མི་རྣམས་ཀྱིས་འཚེ་མེད་ཞི་བའི་ལམ་ནས་རྒྱ་ནག་ལ་མུ་མཐུད་གདོང་ལེན་བྱེད་བཞིན་པ་དང་འབྲེལ། ད་སྐབས་བོད་མིའི་དྲང་བདེན་དང་རང་དབང་གི་འཐབ་རྩོད་ལ་རྒྱལ་སྤྱིའི་ཁྱོན་ནས་རྒྱབ་སྐྱོར་ཐོབ་བཞིན་ཡོད་སྐོར་གསུང་བ་མ་ཟད། བོད་མིའི་ངོས་ནས་ཕྱི་ལོ་ ༢༠༠༨ ལོར་རྒྱ་ནག་ལ་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་དང་། ༢༠༡༠ ལོར་་བསམ་འཆར་གྱི་འགྲེལ་བརྗོད་བཅས་ཕུལ་ཟིན་པ་ལྟར། ཡིག་ཆ་དེའི་ནང་གསལ་དབུ་མའི་ལམ་གྱི་སྲིད་བྱུས་རྒྱུན་སྐྱོང་བྱས་དང་བྱེད་བཞིན་པའི་ཐོག་ནས་འབྲེལ་མོལ་ཞུ་རྒྱུར་གྲ་སྒྲིག་ཨང་གསར་ཡོད་ལ། རྒྱ་ནག་གཞུང་ནས་ཀྱང་ཡ་ལན་ངེས་པར་དུ་གནང་དགོས་པའི་བརྡ་ལན་གནང་སོང་།ཡང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས་སྤྱི་འཐུས་ལྷན་ཚོགས་ཀྱི་གསུངས་འཕྲིན་སྒྲོག་སྦྱོང་གནང་བའི་ནང་དུ།  དེ་རིང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོར་སྤྱ་ནོར་༸གོང་ས་སྐྱབས་མགོན་རིན་པོ་ཆེ་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་པར་བོད་འབངས་སྤྱི་དང་། ཁྱད་པར་མང་གཙོ་དང་རང་དབང་། དེ་བཞིན་ཞི་བདེ་བཅས་ལ་དགའ་མཁན་གྱི་འཛམ་གླིང་མི་མང་ཡོངས་ཀྱིས་དགའ་སྐྱིད་ཀྱིས་དུས་ལ་རོལ་དགོས་བའི་དུས་བཟང་ཞིག་ཡིན་སྐོར་འགྲེལ་བརྗོད་གནང་བ་མ་ཟད། ༸གོང་ས་མཆོག་གིས་ ༡༩༨༩ ལོར་ཞི་བདེའི་གཟེངས་རྟགས་དེ་འབུལ་བཞེས་མཛད་སྐབས་སུ་བསྩལ་བའི་བཀའ་སློབ་དྲན་གསོ་དང་འབྲེལ། བོད་མི་རྩམ་གཟན་ཡོངས་ནས་༸གོང་ས་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་ཀྱི་དགོས་དམིགས་འགྲུབ་པའི་བྱ་བར་འབད་ནས་རྟག་ཏུ་འཚེ་བ་མེད་གཞན་ཕན་དང་། བྱམས་པ། སྙིང་རྗེ་སོགས་རྨང་གཞིར་ལྡན་པའི་༸རྒྱལ་བའི་ཐུགས་བསྐྱེད་དམ་བཅའ་བཞིར་སློབ་སྦྱོང་བྱ་རྒྱུ་དང་དེ་དག་ལག་ལེན་དུ་བསྟར་ཐུབ་པ་བྱ་རྒྱུ་ནི་༸རྒྱལ་བའི་བཀའ་དྲིན་རྗེས་དྲན་ངོ་མ་དེ་ཆགས་རྒྱུ་ཡིན་པའི་ལམ་སྟོན་གནང་སོང་།

མ་ཟད་མགོན་པོ་གང་གིས་དུས་རྒྱུན་ནས་རྒྱལ་སྤྱིའི་ཁྱོན་དུ་ཞི་བདེ་དང་རང་དབང་། བདེ་སྐྱིད་བཅས་འབྱུང་ཐབས་སུ་སྐུ་ངལ་བརྒྱ་ཕྲག་ལྷུར་བཞེས་མཛད་དེ་འཛམ་གླིང་ཤར་ནུབ་ཀྱི་ཡུལ་གྲུ་མང་པོར་ཞབས་ཀྱིས་བཀྱགས་ཏེ་བྱམས་སྙིང་རྗེ་དང་། བཟོད་བསྲན། རང་ལས་གཞན་གཅེས། འཚེ་བ་མེད་པ། ཆོས་དང་མ་འབྲེལ་བའི་བཟང་སྤྱོད། ཁྱད་པར་འཛམ་གླིང་གི་ནང་ཆོས་ལུགས་མི་འདྲ་བ་རྣམས་ནང་ཁུལ་དུ་དམ་གཙང་གི་ཆིག་སྒྲིལ་ངང་ཞི་བདེ་མཉམ་གནས་ཡོང་ཐབས་སོགས་ཀྱི་སྐོར་ནས་དོན་ཟབ་ལ་གོ་སླ་བའི་གདུལ་བྱ་རྣམས་ཀྱི་རྒྱུད་ལ་སྨན་ངེས་ཀྱི་བཀའ་སློབ་རབས་དང་རིམ་པ་མང་པོ་ཕེབས་གནང་མཛད་ཡོད་སྐོར་ངོ་སྤྲོད་ཀྱིས།  མགོན་པོ་གང་གི་བྱིན་རླབས་ཀྱི་རྐྱེན་གྱིས་ད་ཆ་བོད་ཀྱི་རྩ་དོན་རྒྱལ་སྤྱིའི་གླེང་སྟེགས་ཐོག་སླེབས་ཐུབ་པ་བྱུང་ཡོད་པར་ལུང་འདྲེན་གྱིས། མགོན་པོ་གང་ཉིད་ཞབས་པད་བསྐལ་བརྒྱར་བརྟན་ཅིང་། ཐུགས་ཀྱི་བཞེད་དོན་མཐའ་དག་ལྷུན་གྱིས་འགྲུབ་པའི་སྨོན་འདུན་ཞུས་སོང་།

དེ་རིང་གི་མཛད་སྒོའི་སྐབས། བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ནས་བོད་མིའི་སྤྱི་ཚོགས་ནང་འཕྲོད་བསྟེན་དང་འབྲེལ་བའི་སྲི་ཞུ་གནང་མཁན་ལས་བྱེད་དྲུག་ལ་ཞབས་ལོ་ ༢༥ ཧྲིལ་པོ་འཁོར་བའི་གཟེངས་བསྟོད་ཀྱི་ལེགས་སྐྱེས་འབུལ་བཞེས་གནང་བ་དང་། དེ་བཞིན་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ནས་རྒྱལ་བའི་བཀའ་དྲིན་རྗེས་དྲན་གྱི་ལོ་དང་འབྲེལ་བའི་ཕྱག་དེབ་གཉིས་དབུ་འབྱེད་དང་། ཆོས་རིག་ལས་ཁུངས་ཀྱིས་ཀྱང་ཕྱོགས་སྡེབས་ཞུས་པའི་དཔེ་དེབ་ལྔ་དབུ་འབྱེད་གནང་སོང་།གཞི་རྩའི་དེ་རིང་གི་ཉིན་མོ་འདི་ནི་བོད་རིགས་འདུས་སྡོད་ཀྱི་ས་ཁུལ་ཁག་གང་སར་གུང་གསེང་གི་རྣམས་པའི་ཐོག་དགའ་དད་སྤྲོ་གསུམ་གྱིས་གླུ་གར་ལ་རོལ་བའི་དུས་ཚིག་གལ་ཆེན་ཞིག་ཆགས་ཡོད་ནའང་། འདི་ལོར་རྒྱ་ནག་གི་ཏོག་་དབྱིབས་གཉན་རིམས་ཀྱི་རྐྱེན་གྱིས་མི་མང་འདུ་འཛོམས་ཀྱིས་དགའ་སྟོན་རྟེན་འབྲེལ་ལ་རོལ་ཐབས་མེད་ནའང་། བོད་མི་རྣམས་ཀྱིས་དྲ་ཐོག་ནས་གླུ་གཞས་ཀྱི་མཆོད་པ་འབུལ་བ་དང་ཤིས་ཚིག་སྤེལ་བ་སོགས་ཀྱིས་མགོན་པོ་གང་ལ་ནོ་སྦེལ་ཞི་བདེ་གཟེགས་རྟགས་འབུན་གནང་མཛད་པའི་དུས་དྲན་ཐེངས་ ༣༡ པར་རོལ་མྱོང་བྱེད་བཞིན་ཡོད་པ་དེ་ལྟར་ཡང་། ཕྱོགས་གཞན་ཞིག་ནས་དེ་རིང་གི་ཉིན་མོ་དེ་ནི་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་ཞིག་ཀྱང་ཆགས་ཀྱི་ཡོད་སྟབས། བོད་མི་གནས་སྡོད་ས་གནས་ཁག་གཅིག་ཏུ་ཟས་བཅད་ངོ་རྒོལ་དང་རྔམ་སྟོན་ཁྲོམ་སྐོར་སོགས་ཀྱི་བརྒྱུད་རྒྱ་ནག་གིས་བོད་ཐོག་འཛིན་པའི་དྲག་པོའི་སྲིད་བྱུས་ལ་ངོ་རྒོལ་གྱི་རྣམ་པའི་ཐོག་ནས་ཉིན་མོ་དེ་སྲུང་བརྩི་ཞུ་བཞིན་འདུག

འབྲེལ་ཡོད་གསར་གནས།

གསར་གནས།