Tibetan Royal Year of 2151 | Year of the Wood Dragon

བོད་རྒྱལ་ཡོངས་རྐང་སྤོལ་རུ་ཁག་ CONIFA Asia རྐང་སྤོལ་རྩེད་འགྲན་ནས་བུད་འདུག

Tibetan News Headlines

  • US religious freedom watchdog warns of sinicization and assimilation of Tibetan religious and cultural identities
  • US sanctions 31 China-based companies over Russia
  • Xi Jinping to meet French President Macron and EU Chief in Paris next week
  • CTA begins house allocation programmes for Tibetans not facilitated in the refugee settlements
  • Dharamshala hosts conference on promotion and preservation of Tibetan language

རེས་གཟའ་ཕུར་བུ། ༢༠༢༤།༠༥།༠༢

  • རྒྱ་གཞུང་གིས་བོད་བརྒྱུད་ནང་བསྟན་ལ་དམ་དྲག་བྱེད་ཤུགས་ཆེ་རུ་བཏང་ཡོད་པ་མངོན་གསལ་གནང་འདུག
  • ཨ་རིའི་གཞུང་གིས་རྒྱ་ནག་གི་བཟོ་ཚོང་ལས་ཁང་ ༣༡ ལ་སྲིད་དོན་ཉེས་ཆད་བཀལ་བ།
  • ཞི་ཅིང་ཕིང་གིས་ཕ་རན་སིའི་སྲིད་འཛིན་དང་ཡོ་རོབ་མཐུན་ཚོགས་ཀྱི་གཙོ་འཛིན་ཐུག་འཕྲད་བྱ་འཆར།
  • བོད་མི་སྡོད་ཁང་མེད་པ་རྣམས་ལ་རུབ་སྡོད་གཞིས་སྒར་ནང་སྡོད་ཁང་བགོས་འགྲེམས་ཀྱི་ལས་གཞི་དངོས་སུ་དབུ་འཛུགས།
  • བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དང་དར་འཕེལ་སྐོར་བགྲོ་གླེང་དབུ་འཛུགས།

བོད་རྒྱལ་ཡོངས་རྐང་རྩེད་སྤོ་ལོའི་རུ་ཁག་ཟླ་ ༨ ཚེས་ ༣ ནས་ཚེས་ ༨ བར་ཉིན་དྲུག་རིང་ཡོ་རོབ་ Portugal རྒྱལ་ཁབ་ནང་འཚོགས་བཞིན་པའི་ཕྱི་ལོ་ ༢༠༢༣ ལོའི་ CONIFA རྐང་སྤོལ་རྩེད་འགྲན་ནང་མཉམ་ཞུགས་གནང་ཡོད་པ་དང་། འདས་པའི་རྩེད་འགྲན་རིམ་པ་དང་པོ་སྟེ་སྡེ་ཚན་སོ་སོ་ནང་གི་རྩེད་འགྲན་ནང་ཕམ་ཉེས་བྱུང་ནས་འདི་ལོའི་ CONIFA འཛམ་གླིང་རྐང་རྩེད་སྤོ་ལོའི་གཟེངས་རྟགས་ཀྱི་འགྲན་བསྡུར་ནས་བུད་འདུག

བོད་རྒྱལ་ཡོངས་རྐང་རྩེད་སྤོ་ལོའི་རུ་ཁག་ནས་རྩེད་འགྲན་དང་པོ་དེ་ཕྱི་ཚེས་ ༥ ཉིན་  Hmong FF རུ་ཁག་དང་རྩེད་འགྲན་གནང་རྗེས་བོད་ཀྱི་རུ་ཁག་ལ་སྤོ་ལོ་བཞི་དང་ Hmong FF རུ་ཁག་ལ་སྤོ་ལོ་ལྔ་བཅས་ཀྱི་ཐོག་ནས་ཤོར་ཡོད་པ་དང་། རྩེད་འགྲན་གཉིས་པ་ཁ་སང་ Tamil Eelam རུ་ཁག་དང་གནང་རྗེས་བོད་ཀྱི་རུ་ཁག་ལ་སྤོ་ལོ་གཅིག་དང་ Tamil Eelam རུ་ཁག་ལ་སྤོ་ལོ་གསུམ་བཅས་བོད་ཀྱི་རྐང་སྤོལ་རུ་ཁག་རྩེད་འགྲན་ནས་བུད་འདུག  

རླུང་འཕྲིན་ཁང་གིས་བོད་རྒྱལ་ཡོངས་རྐང་སྤོལ་རུ་ཁག་གི་རུ་དཔོན་པད་མ་ལྷུན་གྲུབ་ལགས་སུ་དེ་འབྲེལ་བཅར་འདྲི་ཞུས་པར་ཁོང་གིས་རྩེད་འགྲན་འདིའི་བརྒྱུད་རྒྱལ་སྤྱིའི་ཁྲོད་བོད་ཀྱི་རིག་གཞུང་དང་བོད་མི་རྣམས་རྒྱལ་ཁབ་ཡོད་པའི་མི་རིགས་ཤིག་ཡིན་པ་མངོན་གསལ་གནང་རྒྱུའི་གོ་སྐབས་རག་པ་དེ་ནི་རྒྱལ་ཁ་ཆེན་པོ་ཞིག་ལ་ངོས་འཛིན་ཞུ་བཞིན་ཡོད་ཅེས་གསུངས་སོང་། 

ཐེངས་འདིའི་རྩེད་འགྲན་དང་འབྲེལ་བོད་རྒྱལ་ཡོངས་རྐང་སྤོལ་རུ་ཁག་གི་རྩེད་འགྲན་པ་ཁག་ཅིག་ལ་ Portugal ནང་བསྐྱོད་རྒྱུའི་མཐོང་མཆན་མ་རག་པའི་དཀའ་ངལ་འཕྲད་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།