Tibetan Royal Year of 2151 | Year of the Wood Dragon

བྷེལ་ཇམ་ཁུལ་གྱི་གཟའ་མཇུག་སློབ་གྲྭའི་བོད་ཕྲུག་རྣམས་བཞུགས་སྒར་དུ་ཆེས་ཐོག་མའི་སྐོར་སྐྱོད་ཟབ་སྦྱོང་གནང་བཞིན་པ།

Tibetan News Headlines

  • Rice planting with Tashi Tobgyal, Mainpat Tibetan Settlement’s Premier Farm Cultivator
  • Saga Dawa by Yangteng Rinpoche

རེས་གཟའ་ཉི་མ། ༢༠༢༤།༠༥།༡༢

  • མན་སྤར་ཕན་བདེ་གླིང་བོད་མིའི་གཞིས་ཆགས་ཀྱི་ཞིང་པ་བཀྲིས་སྟོབས་རྒྱལ་ལགས་དང་གླེང་མོལ།
  • ས་ག་ཟླ་བ་ངོ་སྤྲོད།

བྷེལ་ཇམ་བོད་ཀྱི་ཆོས་རིག་འཛིན་སྐྱོང་ཁང་གིས་ཡུལ་དེའི་གཟའ་མཇུག་སློབ་གྲྭའི་བོད་ཕྲུག་ཚོར་བོད་མིའི་སྒྲིག་འཛུགས་མ་ལག་དང་བཅས་པའི་བྱུང་རབས་དང་ལས་དོན་གནང་ཕྱོགས་ཀྱི་ཟབ་སྦྱོང་ལས་གཞི་གོ་སྒྲིག་གནང་དོན་ལྟར་དགེ་ལས་སློབ་ཕྲུག་ཁྱོན་ ༢༥ ཙམ་བཞུགས་སྒར་དུ་ཆེད་ཁྲིད་ཀྱིས་ཆེས་ཐོག་མའི་སྐོར་སྐྱོད་ཟབ་སྦྱོང་གནང་བཞིན་འདུག

ཁོང་རྣམས་བཞུགས་སྒར་དུ་ཟླ་བ་འདིའི་ཚེས་ ༡༡ ཉིན་འབྱོར་དོན་ལྟར་ཁ་སང་ཚེས་ ༡༣ ནས་དབུ་འཛུགས་ཀྱིས་ཁྱོན་ཉིན་གྲངས་ཉི་ཤུ་རིང་བོད་མིའི་སྒྲིག་འཛུགས་མ་ལག་དང་བཅས་པའི་བྱུང་རབས་དང་ལས་དོན་གནང་ཕྱོགས་ཤེས་རྟོགས་ཀྱི་ཟབ་སྦྱོང་དང་འབྲེལ་བའི་ཤེས་ཡོན་ལྟ་སྐོར་གནང་བཞིན་པའི་ཁྲོད། དེ་རིང་ཉིན་གཉིས་པར་བཀའ་དྲུང་ཡིག་ཚང་གིས་གཙོས་པའི་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་དང་། དེ་བཞིན་འོས་བསྡུ་ལས་ཁུངས་དང་། འདེམས་ལྷན། རྩིས་ཞིབ། ཁྲིམས་ཞིབ་ཁང་། ཚོགས་དྲུང་ལས་ཁུངས་སོགས་ལ་སྐོར་སྐྱོད་གནང་སོང་།

སྐབས་དེར་གསར་འགོད་པས་དགེ་རྒན་དང་སློབ་ཕྲུག་ཁག་གཅིག་ལ་ཐེངས་འདིའི་ཤེ་རིག་སྐོར་སྐྱོད་ཀྱི་ཟབ་སྦྱོང་དང་འབྲེལ་ཏེ་དམིགས་བསལ་བཅར་འདྲི་ཞུས་པར་བྷེལ་ཇམ་བོད་ཀྱི་ཆོས་རིག་འཛིན་སྐྱོང་ཁང་གི་སྤྱི་ཁྱབ་འགན་འཛིན་འཇིགས་མེད་ལགས་ཀྱིས་བོད་ཕྲུག་དེ་དག་སློབ་མཐར་སོན་རྗེས་བོད་པའི་སྤྱི་ཚོགས་དང་ཐག་རིང་དུ་འགྲོ་ཡི་ཡོད་སྟབས་དེ་ལྟར་མི་ཡོང་བ་སོགས་ལ་ཆེད་དམིགས་གནང་བ་ཞིག་ཡིན་སྐོར་ངོ་སྤྲོད་གནང་སོང་།

རྩ་བའི་ཉིན་གྲངས་ཉི་ཤུ་རིང་གི་ཤེས་ཡོན་སྐོར་སྐྱོད་ཀྱི་ཟབ་སྦྱོང་ཁྲོད་དགེ་ལས་སློབ་ཕྲུག་ཁྱོན་ ༢༥ ཆེད་ཕེབས་གནང་འདུག་པ་ལྟར་ཁོང་རྣམས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གཙོས་བོད་མི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག དེ་བཞིན་ནོར་གླིང་རིག་གཞུང་ལྟེ་གནས་ཁང་། བོད་ཕྲུག་ཁྱིམ་སྡེ། ས་རཱ་མཐོ་སློབ། བོད་པའི་གསར་འགྱུར་ལས་ཁང་སོགས་ལ་ལྟ་སྐོར་གནང་རྒྱུ་མ་ཟད། ཕྱི་ཚེས་ ༢༡ ཉིན་བཞུགས་སྒར་དྷརྨ་སཱ་ལཱ་ནས་རྒྱ་གར་བྱང་ཕྱོགས་ལ་དྭགས་སུ་ཕེབས་ཀྱི་འདུག

འབྲེལ་ཡོད་གསར་གནས།

གསར་གནས།