Tibetan Royal Year of 2151 | Year of the Wood Dragon

རྒྱ་གར་གཞུང་ནས་༸གོང་ས་མཆོག་དང་བོད་མི་སྐྱབས་བཅོལ་བར་མཐུན་འགྱུར་གནང་བར་ཐུགས་རྗེ་ཆེ་ཞེས་གསུངས་འདུག

Tibetan News Headlines

  • Gongma Rinpoche at 80: An in-depth interview with Sakya Gongma Trichen Rinpoche uncovering his life journey and biography

རེས་གཟའ་སྤེན་པ། ༢༠༢༤།༠༤།༢༧

  • དམིགས་བསལ་ལས་རིམ། ས་སྐྱ་གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གི་༧སྐུ་ཚེའི་མཛད་རྣམ་སྙིང་བསྡུས།

ཟླ་བ་འདིའི་ཕྱི་ཚེས་ ༡༡ ཉིན་རྒྱ་གར་ Hindustan Times གྱི་བཅར་འདྲི་ལས་རིམ་ཞིག་གི་ཐོག་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་སྐུ་ཨ་ཛི་རཱ་ཛེ་ཡ་མཆོག་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་གླེང་སློང་དང་འབྲེལ། རྒྱ་གར་གཞུང་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གཙོས་པའི་བོད་མིའི་སྐྱབས་བཅོལ་བ་རྣམས་ལ་སྣེ་ལེན་མཐུན་འགྱུར་རོགས་རམ་གནང་བཞིན་པར་ཐུགས་རྗེ་ཆེ་ཞེས་གསུངས་འདུག

རྩ་བའི་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་སྤྱི་དམངས་བདེ་འཇགས་དང་མང་གཙོ། འགྲོ་བ་མིའི་ཐོབ་ཐང་ཚན་པའི་དྲུང་ལས་དང་། ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་གཅིག་ལྕོགས་ལྕམ་སྐུ་ཨ་ཛི་རཱ་ཛེ་ཡ་མཆོག་དབུ་ཁྲིད་པའི་ཨ་རིའི་ཆེས་མཐོའི་སྐུ་ཚབ་ཚོགས་ཆུང་ཞིག་ཉེ་སྔོན་རྒྱ་གར་དུ་གཞུང་འབྲེལ་ཕྱོགས་བསྐྱོད་ལ་ཕེབས་པ་བསྟུན། འདི་ཚེས་ ༩ ཉིན་རྒྱལ་ས་ལྡི་ལིར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་མོལ་ཞུས་ཡོད་པ་དང་། སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་གིས་གཙོས་གནད་ཡོད་མི་སྣ་ཁག་གཅིག་ལྷན་ཞུགས་གནང་ཡོད་པ་རེད།

ལྕམ་སྐུ་མཆོག་གིས་དབུ་ཁྲིད་པའི་ཨ་རིའི་ཆེས་མཐོའི་སྐུ་ཚབ་ཚོགས་ཆུང་ནས་ཕྱོགས་བསྐྱོད་དེའི་ཁྲོད་རྒྱ་གར་ཕྱི་སྲིད་དྲུང་ཆེ་མཆོག་གིས་གཙོས་པའི་གནད་ཡོད་མི་སྣ་ཁག་ཅིག་དང་ལྷན་ཐུགས་འཕྲད་གནང་ཡོད་པ་དང་། སྐབས་དེར་ཨ་རི་དང་རྒྱ་གར་བར་གྱི་འབྲེལ་ལམ་གོང་མཐོར་དང་འབྲེལ། རྒྱལ་སྤྱི་དང་ཡུལ་ལུང་སོ་སོས་དཀའ་ངལ་ཁག་ལ་གདོང་ལེན་གནང་ཕྱོགས། ལྷག་པར་དུ་རྒྱ་གར་ཞི་བདེའི་རྒྱ་མཚོ་ཁུལ་དུ་རང་དབང་དང་བདེ་འཇགས། དེ་བཞིན་ཞི་བདེ་བརྟན་ལྷིང་སོགས་དང་འབྲེལ་བཀའ་མོལ་གནང་ཡོད་པ་རེད་འདུག

ཁ་ཉིན་ཕྱི་ཚེས་ ༡༢ ཉིན་རྒྱ་གར་གྱི་ Hindustan Times གསར་ཁང་གིས་གནས་ཚུལ་ནང་གསལ་ལྟར་ལྕམ་སྐུ་མཆོག་ལ་རྒྱ་གར་དང་ཨ་རི་བར་གྱི་འབྲེལ་ལམ་དང་། ལྷག་པར་དུ་ཉེ་ལམ་ལྕམ་སྐུ་མཆོག་ནས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་མོལ་ཞུས་ཡོད་པའི་གནད་དོན་ཐད་རྒྱ་ནག་གིས་སྐྱོན་བརྗོད་ཙམ་མ་ཟད། རྒྱ་གཞུང་གིས་བོད་དབང་སྒྱུར་ཁྲོད་ཨ་རི་དང་རྒྱ་གར་ལ་བློ་འཚབ་ཅན་གྱི་གནད་དོན་ཞིག་ནི་༸རྒྱལ་བའི་ཡང་སྲིད་ཀྱི་གནད་དོན་དེ་ཡིན་སོགས་ཀྱི་བཀའ་འདྲི་ཞུས་པར་ལྕམ་སྐུ་མཆོག་གིས། ཁོང་རང་ཉིད་ཨ་རིའི་གཞུང་གི་བོད་དོན་དམིགས་བསལ་འབྲེལ་མཐུད་པའི་ལས་དོན་བློ་རྩེ་གཅིག་ཏུ་སྒྲིལ་ནས་སྒྲུབ་བཞིན་ཡོད་པས་ཧ་ཅང་དགའ་སྤོབས་ཡོད་ཅེས་གསུངས་པ་དང་འབྲེལ། བོད་ནང་མཚོན་ན་རྒྱ་གཞུང་གི་དྲག་གནོན་ཚབས་ཆེན་འོག་ཆོས་དད་དང་། སྨྲ་བརྗོད། དེ་བཞིན་འདུ་འཛོམས་སོགས་ཀྱི་གཞི་རྩའི་རང་དབང་མེད་པར་བརྟེན། ལྕམ་སྐུ་མཆོག་གོ་གནས་དེའི་ཐོག་ནས་གྲུབ་དོན་གཙོ་བོ་དེ་ཨ་རིའི་གཞུང་གི་སྲིད་བྱུས་ལྟར་བོད་མི་རྣམས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་གོང་མཐོར་གཏང་རྒྱུ་དེ་ཡིན་པ་འགྲེལ་བརྗོད་གནང་འདུག

དེ་བཞིན་ལྕམ་སྐུ་མཆོག་གིས་ཨ་རི་གཞུང་གི་ངོས་ནས་བོད་མི་རྣམས་ཀྱིས་བོད་བརྒྱུད་ནང་བསྟན་རིག་གཞུང་ལ་དད་པ་དང་གུས་བསྐུར། སློབ་སྦྱོང་། ལྷག་པར་དུ་སོ་སོའི་ཆོས་ཕྱོགས་ཀྱི་དབུ་ཁྲིད་འདེམས་སྒྲུག་བྱ་རྒྱུའི་གནད་དོན་ལ་རྒྱབ་སྐྱོར་གཙང་མ་ཡོད་པའི་ཐོག་སྲིད་གཞུང་སུས་ཀྱང་གནད་དོན་དེར་ཐེ་བྱུས་བྱེད་དབང་མེད་སྐོར་གསུངས་པ་མ་ཟད། རྒྱ་གར་ནས་བློ་ཁོག་ཡངས་པོས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གཙོས་པའི་བོད་མིའི་སྐྱབས་བཅོལ་བ་དུ་མར་མཐུན་འགྱུར་རོགས་རམ་གནང་བཞིན་པར་ཐུགས་རྗེ་ཆེ་ཞེས་གསུངས་འདུག

གཞི་རྩའི་ཁ་སང་ཕྱི་ཚེས་ ༡༣  ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་ཨ་རིའི་གཞུང་གི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་སྐུ་ཨ་ཛ་ར་ཛེ་ཡ་མཆོག་གི་སློབ་སྟོན་པ་རྒན་པ་སྐུ་ཞབས་ར་ཡན་ཧྥིའོ་རེ་སི་ Ryan Fioresi ལགས་ཀྱིས་སྣེ་ཁྲིད་པའི་ཨ་རིའི་སྐུ་ཚབ་ཚོགས་ཆུང་ཞིག་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་ཡོད་པ་དང་། སྐབས་དེར་བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་གིས་གཙོས་པའི་སྤྱི་འཐུས་རྒྱུན་ལས་རྣམ་པས་སྣེ་ལེན་དང་། གྲོས་ཚོགས་ཀྱི་ཚོགས་ཁང་ནང་གཟིགས་སྐོར། དེ་བཞིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐོར་ངོ་སྤྲོད་དང་། བོད་ནང་གི་ད་ལྟའི་གནས་སྟངས་ཐོག་བཀའ་མོལ་གནང་རྗེས། ཚོགས་གཞོན་མཆོག་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དྲན་རྟེན་ཕྱག་རྟགས་ཕུལ་འདུག

གཞན་ཡང་མཇལ་འཕྲད་སྐབས་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་རྣམ་རྒྱལ་མཆོག་གྲུབ་ལགས་དང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་སྤྱི་ཟུར་བསྟན་ཆོས་རྒྱ་མཚོ་ལགས་མཉམ་བཅར་ཞུས་འདུག

འབྲེལ་ཡོད་གསར་གནས།

གསར་གནས།