Tibetan Royal Year of 2151 | Year of the Wood Dragon

དམག་མི་དང་སྐོར་སྲུང་བ་དབར་བྱུང་བའི་གནད་དོན་དེ་སྤྱི་ཚོགས་ཁྱོན་གྱི་གནད་དོན་ཞིག་མིན་པར་གསུངས་སོང་།

Tibetan News Headlines

  • Tibetan delegation embark on an official visit to Taiwan
  • Sikyong Penpa Tsering begins final leg of his Europe visit to France
  • Chinese undercover agent breaks silence on espionage operations, including information gathering on Tibetans
  • UK Religious Freedom Envoy hears testimonies about threat to freedom of religion and belief from Tibetans and other minorities
  • Tibetan student topper dedicates accomplishment to the Dalai Lama as he reaches 90
  • 29th Gyalyum Chenmo in begins in Hunsur with the host beating Odisha Phuntsokling 2-0

རེས་གཟའ་ཕུར་བུ། ༢༠༢༤།༠༥།༡༦

  • བོད་མིའི་སྐུ་ཚབ་ཁག་གཅིག་ཐེ་ཝན་ནང་གཞུང་འབྲེལ་ཕྱོགས་བསྐྱོད་གནང་བཞིན་པ།
  • སྲིད་སྐྱོང་མཆོག་ཧྥ་རན་སིར་ཉིན་གསུམ་རིང་ཕྱོགས་ཕེབས་གནང་བཞིན་པ།
  • རྒྱ་རིགས་སོ་མྱུལ་བ་ཞིག་གིས་རྒྱ་ནག་གཞུང་གིས་ཨོ་གླིང་གཙོས་རྒྱལ་སྤྱིའི་ཁྲོད་སྤེལ་བཞིན་པའི་བྱ་སྤྱོད་ཐེར་འདོན།
  • དབྱིན་ཡུལ་ནང་དུ་ཆོས་དད་རང་དབང་ཐོག་གྲོས་བསྡུར་ལས་རིམ་ཞིག་འཚོགས་གནང་འདུག
  • རྒྱལ་ཡོངས་ཡིག་རྒྱུགས་ནང་བརྒྱ་ཆ་ ༩༥.༢ སོན་པ་དེ་འདི་ལོར་༸གོང་ས་མཆོག་དགུང་གྲངས་ ༩༠ བདག་གིས་བཞེས་པར་ཕྱག་རྟགས་ཡིན།
  • རྒྱལ་ཡུམ་ཆེན་མོའི་དྲན་རྟེན་རྐང་རྩེད་སྤོ་ལོའི་རྕེད་འགྲན་ཐེངས་ ༢༩  དབུ་འཛུགས།

རྒྱ་གར་རང་བཙན་གྱི་ཉིན་མོ་ཐེངས་ ༧༥ པ་དང་འབྲེལ་ཁ་སྔོན་ཕྱི་ཚེས་ ༡༣ ཉིན་རྒྱ་གར་བྱང་ཤར་ཁུལ་དུ་ཡོད་པའི་འབྲས་ལྗོངས་མངའ་སྡེའི་ར་ཝང་ལ་ཁུལ་དུ་ Special Frontier Force བོད་མིའི་དྭང་ཞབས་ཀྱི་རུ་ཤོག་ ༦ པ་དང་ IRBN Jawans ཞེས་མངའ་སྡེའི་སྐོར་སྲུང་བ་དབར་རྐང་སྤོལ་རྩེད་འགྲན་སྐབས་ཕན་ཚུན་མི་མཐུན་པ་བྱུང་བའི་རྐྱེན་གྱིས་འཁྲུག་འཛིང་ཤོར་བའི་བརྙན་ཐུང་ཞིག་སྤྱི་ཚོགས་དྲ་ལམ་དུ་ཁྱབ་གདལ་ཕྱིན་པ་དང་དེ་འབྲེལ་ས་གནས་ཡུལ་མི་ཁག་གཅིག་གིས་བོད་མིར་ངོ་རྒོལ་བྱས་པའི་གནས་ཚུལ་བྱུང་ཡོད་པ་རེད། གསར་འགོད་པས་དེ་རིང་ར་ཝང་ལའི་ས་གནས་འགོ་འཛིན་རྡོ་རྗེ་ཚེ་རིང་ལགས་སུ་གནད་དོན་དེའི་སྐོར་ལ་བཀའ་འདྲི་ཞུས་པར་ཁོང་གིས་རྩ་བའི་ཁ་སྔོན་རྒྱ་གར་རང་བཙན་གྱི་ཉིན་མོའི་དུས་ཚིགས་དང་བསྟུན་རྩེད་འགྲན་མཐའ་མའི་འགྲན་བསྡུར་རིམ་པ་གཉིས་པ་ Semi-Finals ནང་རུ་ཤོག་ ༦ པའི་དམག་མི་དང་ས་གནས་ཀྱི་སྐོར་སྲུང་བ་དབར་ཕན་ཚུན་འབུད་རྒྱག་ཐེབས་རྐྱེན་འཁྲུག་རྩོད་ཤོར་སྐོར་དང་། ད་ལྟའི་ཆར་གནས་སྟངས་ལྷིང་འཇགས་ཆགས་ཡོད་ཅེས་གསུངས་སོང་ལ། སྤྱིར་གནད་དོན་དེ་ནི་རྩེད་འགྲན་ཁྲོད་བྱུང་བའི་རྙོག་ཟིང་ཞིག་ལས་སྤྱི་ཚོགས་ཕན་ཚུན་གཉིས་ཀྱི་གནད་དོན་ཞིག་མིན་པ་དང་།  ཡང་སྒོས་དེའི་ཐོག་ས་གནས་བོད་མིའི་གཞིས་མི་ནས་མཉམ་བཞུགས་སོགས་རྩ་བ་ནས་མེད་སྐོར་འགྲེལ་བརྗོད་དང་འབྲེལ་སྤྱི་ཚོགས་དྲ་ལམ་ཐོག་སོ་སོའི་སྒེར་གྱི་ཁེ་ཕན་ཆེད་དུ་ཡིན་རུང་གང་ལྟར་གནས་ཚུལ་འདྲ་མིན་སྤེལ་ཏེ་ཁྱབ་བསྒྲགས་མ་གནང་རོགས་ཞེས་འབོད་སྐུལ་ཞུས་སོང་།

སྒང་ཏོག་ས་གནས་སུ་གནས་བཞུགས་བོད་མི་མང་སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན་ལགས་སུ་བཀའ་འདྲི་ཞུས་སྐབས་ཁོང་གིས་རྐང་སྤོལ་འགྲན་བསྡུར་སྐབས་དེ་ལྟ་བུའི་གནས་ཚུལ་བྱུང་བ་ནི་སྟབས་མ་ལེགས་པ་ཞིག་དང་ལྷག་པར་མང་ཚོགས་ནས་གནད་དོན་དེའི་རིགས་སྤྱི་ཚོགས་སྤྱི་ཡོངས་ཀྱི་གནད་དོན་ཞིག་ལ་འགྲེལ་བཤད་རྒྱག་རྒྱུ་མེད་པར་མ་ཟད། མང་ཚོགས་ནས་ཐུགས་ལྷོད་ལྷོད་དང་ཟིང་འཁྲུག་ཆེ་རུ་མི་འགྲོ་བར་འབད་དགོས་པའི་རེ་སྐུལ་གནང་ཡོད།

སྤྱིར་ས་གནས་འགོ་འཛིན་གྱིས་གསུངས་པ་བཞིན་ད་ལྟའི་ཆར་འབྲས་ལྗོངས་ཀྱི་ཉེན་རྟོག་པས་རྩེད་འགྲན་སྐབས་ཀྱི་རྙོག་ཟིང་དང་འབྲེལ་མི་སྣ་ལྔ་དོ་དམ་བྱས་ཡོད་པ་དང་། འབྲས་ལྗོངས་ཀྱི་ཉེན་རྟོག་པའི་སྤྱི་ཁྱབ་སྐུ་ཞབས་བཀྲིས་དབང་རྒྱལ་བྷོཊ་ཡ་ལགས་ཀྱིས་གསར་འགོད་ལྷན་ཚོགས་ཐོག་དམག་མི་དང་སྐོར་སྲུང་བ་དབར་གྱི་གནད་དོན་དེ་ནི་རྩེད་མོའི་ཁྲོད་ནས་བྱུང་བའི་གནད་དོན་ཞིག་ཡིན་པ་དང་སྒོས་སུ་གནད་དོན་དེ་སྤྱི་ཚོགས་ཀྱི་དཀའ་རྙོག་ཞིག་ལ་ངོས་འཛིན་གནང་ན་འགྲིག་གི་མེད་པར་གསུངས་པ་དང་འབྲེལ། ཚང་མས་སྤྲོ་སེམས་འཁོལ་བོའི་ངང་ནས་རྒྱ་གར་གྱི་རང་བཙན་ཉིན་མོ་སྲུང་བརྩི་ཞུ་བཞིན་པ་ལྟར་མངའ་སྡེའི་མང་ཚོགས་ནས་ཀྱང་ཐུགས་ལྷོད་ལྷོད་གནང་སྐྱོང་ཡོང་བའི་འབོད་སྐུལ་གནང་འདུག

འབྲེལ་ཡོད་གསར་གནས།

གསར་གནས།