དེ་རིང་ཕྱི་ཟླ་ ༨ ཚེས་ ༡༥ ཉིན་གྱི་སྔ་དྲོ་ཆུ་ཚོད་དགུ་དང་ཕྱེད་ཀ་ཙམ་ལ་དྷ་ས་ནོར་གླིང་ཁུལ་དུ་ཆགས་པའི་ Buddha House གསོལ་མགྲོན་ཁང་གི་ཚོགས་ཁང་དུ་ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་གི་མ་འོངས་ལས་དོན་དང་འབྲེལ་བའི་གསར་འགོད་ལྷན་ཚོགས་ཚོགས་པ་དང་སྦྲགས། མ་འོངས་པར་མུ་མཐུད་བོད་ཀྱི་རྒྱལ་རབས་ལོ་རྒྱུས་དང་འབྲེལ་བའི་ལས་དོན་ཁག་རྒྱུན་འཁྱོངས་དང་། བོད་ཀྱི་བེུད་མེད་ཁོ་ན་དང་འབྲེལ་བའི་གཡུ་མཚོ་ཞེས་པའི་དུས་དེབ་བསྐྱར་གསོ་གནང་རྒྱུ་ཡིན་པ་སོགས་གསུངས་སོང་།
ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་གི་འགན་འཛིན་ཟུར་པ་ཇོ་སྲས་བཀྲ་ཤིས་ཚེ་རིང་ལགས་ཀྱིས་ཞིབ་འཇུག་ཁང་འདི་ཉེ་ཆར་ཕྱི་ཟླ་ ༧ ཚེས་ ༢༦ ཉིན་ད་ལྟའི་འགན་འཛིན་ལས་ཐོག་མཁན་པོ་འཇུ་བསྟན་སྐྱོང་ལགས་ལ་རྩིས་སྤྲོད་གནང་ཟིན་སྐོར་ངོ་སྤྲོད་གནང་བ་དང་འབྲེལ་ཏེ། ད་ནས་བཟུང་སྟེ་ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་འདི་ཉིད་མི་རབས་གཞོན་པས་འཛིན་སྐྱོང་བྱེད་ཀྱི་ཡོད་སྟབས་འབྲེལ་ཡོད་ཚང་མས་མཐུན་འགྱུར་གནང་རོགས་ཞེས་གསུངས་ཡོད།
དེ་བཞིན་མཁན་པོ་འཇུ་བསྟན་སྐྱོང་ལགས་ནས་ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་གི་མ་འོངས་ལས་དོན་གནང་འཆར་དང་འབྲེལ། ད་བར་འདས་པའི་ལོ་ངོ་སུམ་ཅུ་ལྷག་གི་རིང་མི་རབས་རྒན་པ་ཚོས་རིམ་བཞིན་ཐུགས་འགན་བཞེས་ཏེ་བོད་ཀྱི་རྒྱལ་རབས་ལོ་རྒྱུས་དང་། རིག་གཞུང་སོགས་ལ་ཉམས་ཞིབ། དཔེ་དེབ་དཔར་བསྐྲུན་གནང་བ་སོགས་ཀྱི་ལས་དོན་ཁག་མུ་མཐུན་རྒྱུན་འཁྱོངས་ཞུ་རྒྱུ་དང་། ལྷག་དོན་ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་ནས་འདས་པའི་ལོ་དུས་ཁྲོད་དུ་དུས་དེབ་སྣ་མང་ཞིག་འདོན་སྤེལ་གནང་ཡོད་པའི་ཁོངས་ནས་བོད་ཀྱི་བེུད་རིག་པའི་དུས་དེབ་གཡུ་མཚོ་མཚོ་ཞེས་པ་དེ་བསྐྱར་གསོ་གནང་འཆར་ཡོད་པ་གསུངས་སོང་།
གཞི་རྩའི་བཞུགས་སྒར་དུ་ཡོད་པའི་ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་ནི་ ༡༩༩༢ ལོར་བོད་ཀྱི་རྒྱལ་རབས་ལོ་རྒྱུས་དང་རིག་གཞུང་གཙོ་བོར་གྱུར་པའི་བོད་རིག་པའི་ཐོག་ཉམས་ཞི་དང་། དཔེ་དེབ་དཔར་བསྐྲུན་གནང་རྒྱུ་སོགས་དམིགས་ཡུལ་ཁག་གཅིག་གཙོ་བཟུང་ཐོག་ཆེད་འཛུགས་གནང་བ་ཞིག་ཡིན་པ་དང་། འདས་པའི་ལོ་དུས་དེ་དག་ཁྲོད་དུ་རྩོམ་པ་པོ་འཇམ་དབྱངས་ནོར་བུ་ལགས་དང་ལྷ་བཟང་ཚེ་རིང་ལགས། དེ་བཞིན་ཇོ་སྲས་བཀྲ་ཤིས་ཚེ་རིང་ལགས་བཅས་ནས་འགན་འཛིན་གྱི་ཐུགས་འགན་བཞེས་ཡོད།
དེ་རིང་ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་གི་མ་འོངས་ལས་དོན་སྐོར་གྱི་གསར་འགོད་ལྷན་ཚོགས་ཐོག་ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་གི་འགན་འཛིན་མཁན་པོ་འཇུ་བསྟན་སྐྱོང་ལགས་གཙོས་འབྲེལ་ཡོད་ལས་བྱེད་དང་། འགན་འཛིན་ཟུར་པ་ཇོ་སྲས་བཀྲ་ཤིས་ཚེ་རིང་ལགས། དེ་བཞིན་བཞུགས་སྒར་ཁུལ་དུ་གནས་བཞུགས་བོད་པའི་རྩོམ་པ་པོ་དང་དོན་གཉེར་ཅན་གྱི་མི་མང་ཁག་གཅིག་མཉམ་ཞུགས་གནང་འདུག
བོད་ཀྱི་བེུད་རིག་པའི་དུས་དེབ་གཡུ་མཚོ་ཞེས་པ་བསྐྱར་གསོ་གནང་འཆར།
Tibetan News Headlines
- China Forum 2026 Highlights Challenges Facing Tibet’s Future, Including Succession and Repression
- Dalai Lama Institute Hosts Third Annual Conference on Tibetan Studies
- Tibet House US Honours Michael Douglas and the Thurmans with Art of Freedom Awards
- Macao Ex-Lawmaker Receives 12.5 Year Prison Sentence in Unfair Trial
- Taiwan-Malaysia Trade Talks Halted After Anwar Reaffirms ‘One China’ Policy
- TIO Liaison Officer Addresses China’s Tibet Policy at Chinese Democracy Conference
ཪེས་གཟའ་མིག་དམར། ༢༠༢༦།༡༡།༡༠
- རྒྱ་ནག་གི་གླེང་སྟེགས་ ༢༠༢༦ ཐོག་བོད་ཀྱི་མ་འོངས་གནས་བབ་དང་། སྐུའི་ཡང་སྲིད། རྒྱ་ནག་གི་དྲག་གནོན་སྐོར་དཔྱད་ཞིབ་བགྲོ་གླེང་གནང་འདུག
- སྦེང་ལོར་ནང་ Stub Kaiser སེའི་ཌབཀེ་སར་ལོ་འཁོར་བོད་རིག་པའི་ཚོགས་འདུ་དབུ་འཛུགས།
- ཨ་རིའི་གློག་བརྙན་ཁྲབ་སྟོན་པ་ Michael Douglas ལགས་དང་ Robert Thurman བཟའ་ཚང་ལ་བོད་དོན་རྒྱབ་སྐྱོར་དང་འབྲེལ་བའི་རང་དབང་གི་སྒྱུ་རྩལ་གཟེངས་རྟགས་ཐོབ་པ།
- Macau མང་གཙོ་དོན་གཉེར་བ་ཞིག་ལ་ལོ་ ༡༢ དང་ཕྱེད་ཀའི་བཙོན་འཇུག་ཁྲིམས་ཐག་བཅད་འདུག
- ཐེ་ཝན་རྒྱ་ནག་གི་ཆ་ཤས་ཡིན་ཚུལ་བརྗོད་པར་ཐེ་ཝན་གྱིས་མ་ལེ་ཤི་ཡ་དང་ཚོང་འབྲེལ་གྲོས་མོལ་མཚམས་འཇོག་བྱས་པ།
- རྒྱ་རིགས་མང་གཙོ་དོན་གཉེར་བ་ཚོར་རྒྱ་ནག་གིས་བོད་ལ་འཛིན་པའི་སྲིད་བྱུས་སྐོར་གོ་རྟོགས་སྤེལ་འདུག




