- Advertisement -spot_img

TAG

བོད་ཀྱི་བེུད་རིག་པའི་དུས་དེབ་གཡུ་མཚོ་ཞེས་པ་བསྐྱར་གསོ་གནང་འཆར།

བོད་ཀྱི་བེུད་རིག་པའི་དུས་དེབ་གཡུ་མཚོ་ཞེས་པ་བསྐྱར་གསོ་གནང་འཆར།

དེ་རིང་ཕྱི་ཟླ་ ༨ ཚེས་ ༡༥ ཉིན་གྱི་སྔ་དྲོ་ཆུ་ཚོད་དགུ་དང་ཕྱེད་ཀ་ཙམ་ལ་དྷ་ས་ནོར་གླིང་ཁུལ་དུ་ཆགས་པའི་ Buddha House གསོལ་མགྲོན་ཁང་གི་ཚོགས་ཁང་དུ་ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་གི་མ་འོངས་ལས་དོན་དང་འབྲེལ་བའི་གསར་འགོད་ལྷན་ཚོགས་ཚོགས་པ་དང་སྦྲགས། མ་འོངས་པར་མུ་མཐུད་བོད་ཀྱི་རྒྱལ་རབས་ལོ་རྒྱུས་དང་འབྲེལ་བའི་ལས་དོན་ཁག་རྒྱུན་འཁྱོངས་དང་། བོད་ཀྱི་བེུད་མེད་ཁོ་ན་དང་འབྲེལ་བའི་གཡུ་མཚོ་ཞེས་པའི་དུས་དེབ་བསྐྱར་གསོ་གནང་རྒྱུ་ཡིན་པ་སོགས་གསུངས་སོང་། ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་གི་འགན་འཛིན་ཟུར་པ་ཇོ་སྲས་བཀྲ་ཤིས་ཚེ་རིང་ལགས་ཀྱིས་ཞིབ་འཇུག་ཁང་འདི་ཉེ་ཆར་ཕྱི་ཟླ་ ༧ ཚེས་ ༢༦ ཉིན་ད་ལྟའི་འགན་འཛིན་ལས་ཐོག་མཁན་པོ་འཇུ་བསྟན་སྐྱོང་ལགས་ལ་རྩིས་སྤྲོད་གནང་ཟིན་སྐོར་ངོ་སྤྲོད་གནང་བ་དང་འབྲེལ་ཏེ། ད་ནས་བཟུང་སྟེ་ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་འདི་ཉིད་མི་རབས་གཞོན་པས་འཛིན་སྐྱོང་བྱེད་ཀྱི་ཡོད་སྟབས་འབྲེལ་ཡོད་ཚང་མས་མཐུན་འགྱུར་གནང་རོགས་ཞེས་གསུངས་ཡོད། དེ་བཞིན་མཁན་པོ་འཇུ་བསྟན་སྐྱོང་ལགས་ནས་ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་གི་མ་འོངས་ལས་དོན་གནང་འཆར་དང་འབྲེལ། ད་བར་འདས་པའི་ལོ་ངོ་སུམ་ཅུ་ལྷག་གི་རིང་མི་རབས་རྒན་པ་ཚོས་རིམ་བཞིན་ཐུགས་འགན་བཞེས་ཏེ་བོད་ཀྱི་རྒྱལ་རབས་ལོ་རྒྱུས་དང་། རིག་གཞུང་སོགས་ལ་ཉམས་ཞིབ། དཔེ་དེབ་དཔར་བསྐྲུན་གནང་བ་སོགས་ཀྱི་ལས་དོན་ཁག་མུ་མཐུན་རྒྱུན་འཁྱོངས་ཞུ་རྒྱུ་དང་། ལྷག་དོན་ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་ནས་འདས་པའི་ལོ་དུས་ཁྲོད་དུ་དུས་དེབ་སྣ་མང་ཞིག་འདོན་སྤེལ་གནང་ཡོད་པའི་ཁོངས་ནས་བོད་ཀྱི་བེུད་རིག་པའི་དུས་དེབ་གཡུ་མཚོ་མཚོ་ཞེས་པ་དེ་བསྐྱར་གསོ་གནང་འཆར་ཡོད་པ་གསུངས་སོང་། གཞི་རྩའི་བཞུགས་སྒར་དུ་ཡོད་པའི་ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་ནི་ ༡༩༩༢ ལོར་བོད་ཀྱི་རྒྱལ་རབས་ལོ་རྒྱུས་དང་རིག་གཞུང་གཙོ་བོར་གྱུར་པའི་བོད་རིག་པའི་ཐོག་ཉམས་ཞི་དང་།...

Latest news

- Advertisement -spot_img