Tibetan Royal Year of 2151 | Year of the Wood Dragon

ཛུ་རིག་ནས་ཇི་ནི་ཝ་བར་ཞི་བའི་གོམ་བགྲོད་བརྒྱུད་༸གོང་ས་མཆོག་བོད་དུ་གདན་ཞུ་དགོས་པའི་ཞུ་སྐུལ།

Tibetan News Headlines

  • Sikyong Penpa Tsering meets President Macron, gifts autographed photo of the Dalai Lama with French leader
  • Tibetans inside and outside Tibet mark Calligraphy Day
  • Derge protests put dams back on the agenda: Rights group calls for transparency of Dam construction plans in Tibet
  • Mexico legislators and friends of Tibet gather to strategize and reaffirm commitment to Tibet’s rights
  • Sarah College for Higher Tibetan Studies holds 23rd graduation ceremony

རེས་གཟའ་ལྷག་པ། ༢༠༢༤།༠༥།༠༡

  • སྲིད་སྐྱོང་མཆོག་གིས་ཕ་རན་སིའི་སྲིད་འཛིན་ལྷན་དུ་མཇལ་འཕྲད་གནང་འདུག
  • བོད་གཞིས་བྱེས་གཉིས་སུ་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་ཉིན་མོ་སྲུང་བརྩི་ཟབ་རྒྱས་ཞུས་པ།
  • རྒྱ་གཞུང་གི་ཆུ་མཛོད་གསར་རྒྱག་གི་ལས་གཞི་ཐད་ཕྱི་གསལ་ནང་གསལ་དགོས་པའི་འབོད་སྐུལ།
  • Mexico ནང་དུ་མ་འོངས་བོད་དོན་རྒྱབ་སྐྱོར་གྱི་ལས་དོན་སྤེལ་ཕྱོགས་སྐོར་ཚོགས་འདུ་ཚོགས་པ།
  • རྡ་ས་རིགས་སློབ་མ་ལག་གཉིས་ཀྱི་སློབ་ཐོན་མཛད་སྒོ་ཚོགས་པ།

སུད་སི་ནང་གནས་སྡོད་ཚེ་རིང་དབང་འདུས་ལགས་ཀྱིས་ཟླ་བ་འདིའི་ཚེས་ ༡ ཉིན་ཛུ་རིག་ Zurich གྲོང་ཁྱེར་ནས་བོད་དོན་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་ཞིག་དབུ་འཛུགས་གནང་ཡོད་པ་དང་།  སྤྱི་ལེ་ ༢༨༠ ཙམ་གྱི་ལས་འགུལ་དེ་ཟླ་བ་འདིའི་ཚེས་ ༡༠ སྟེ་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཉིན་ཇི་ནི་ཝ་ Geneva གྲོང་ཁྱེར་དུ་མཇུག་སྒྲིལ་གནང་རྒྱུ་ཡིན་པ་རེད་འདུག

Zurich Rally

རྩ་བའི་བོད་མི་ལས་འགུལ་བ་ཚེ་རིང་དབང་འདུས་ལགས་ཀྱིས་དེ་སྔ་ཕྱི་ལོ་ ༢༠༢༡ ལོའི་ཕྱི་ཟླ་ ༥ པའི་ནང་ཝིན་ཌར་ཐུར་ Winterthur ནས་བོད་དོན་རྐང་འཁོར་སྐོར་བསྐྱོད་ཀྱི་ལས་འགུལ་ཞིག་སྤེལ་བ་དང་འབྲེལ། སྐབས་དེར་ཁོང་གིས་རྒྱ་གཞུང་ངོས་ནས་བོད་མིའི་བླ་ན་མེད་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་དུ་གང་མྱུར་གདན་ཞུ་དགོས་པ་དང་། ༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གང་མྱུར་གློད་བཀྲོལ་དགོས་པ། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་རྒྱུ་མཚམས་འཇོག་དགོས་པ་དང་། ཕྱི་ལོ་ ༢༠༢༢ ལོའི་པེ་ཅིན་ཨོ་ལོམ་པིག་ Beijing Olympic རྩེད་འགྲན་གྱི་མགོན་བདག་རྒྱ་ནག་བྱ་རྒྱུ་ཕྱིར་འཐེན་དགོས་པ་སོགས་དོན་ཚན་གཙོ་བོ་ལྔ་ཆེད་བཏོན་ཡོད་པ་རེད།

Swiss Cycle Rally

ཐེངས་འདིའི་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་དེ་དང་འབྲེལ་འདི་ག་གསར་འགོད་པས་ཚེ་རིང་དབང་འདུས་ལགས་སུ་བཀའ་འདྲི་ཁག་གཅིག་ཞུས་པར་ཁོང་གིས།  ཉིན་གྲངས་བཅུའི་རིང་གི་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་དེ་ནི་བོད་ནང་གི་ཛ་དྲག་གནས་སྟངས་དང་། ཉེ་བའི་ཆར་ཁམས་སྡེ་དགེའི་ནང་གི་ཡིད་སྐྱོ་བའི་གནས་ཚུལ་མང་པོ་ཞིག་ཡོང་བཞིན་པ་དེས་གཙོ་བོ་རྐྱེན་བྱས་ནས་སྤེལ་བ་ཞིག་ཡིན་པ་འགྲེལ་བརྗོད་དང་འབྲེལ།  ཁོང་གིས་ཐེངས་འདིའི་ལས་འགུལ་བརྒྱུད་གཙོ་བོ་རྒྱ་ནག་གཞུང་ལ་༸གོང་ས་མཆོག་གང་མྱུར་བོད་དུ་གདན་འདྲེན་ཞུ་དགོས་པ་གཙོས།  ༸པཎ་ཆེན་རིན་པོ་ཆེ་མཆོག་དང་ཁོང་གི་ནང་མི་སྐུ་འཁོར་ལྷན་རྒྱས་གང་དུ་ཡོད་མེད་གསལ་བཤད་དགོས་པ། དེ་བཞིན་བོད་ནང་གནས་སྡོད་བོད་མིར་འགྲོ་བ་མིའི་ཐོབ་ཐང་དགོས་པ། རྒྱལ་སྤྱིའི་ངོས་ནས་རྒྱ་ནག་དང་ཚོང་འབྲེལ་མཚམས་འཇོག་དགོས་པ། མ་ཟད་དེ་སྔོན་རྒྱལ་སྤྱིའི་ཁྲོད་ཏོག་དབྱིབས་རིམས་ནད་ཁྱབ་གདལ་དུ་སོང་བ་དེ་རྒྱ་གཞུང་གིས་འགན་འཁུར་དགོས་ཤིང་། གཞིས་བཞུགས་བོད་མི་རྣམས་ལ་ངལ་རྩོལ་འགྱུར་བཀོད་མཚམས་འཇོག་དགོས་པ་སོགས་དོན་ཚན་དྲུག་ཆེད་བཏོན་གནང་འདུག

ཁོང་གི་གོམ་བགྲོད་ལས་འགུལ་དེ་བཞིན་ཉིན་བཅུའི་རིང་སྟེ། གསུམ་པའི་ཚེས་བཅུའི་ཉིན་མོར་ཇི་ནི་ཝར་རྟེན་གཞི་བྱས་པའི་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལས་ཁུངས་ཀྱི་མདུན་དུ་མཚམས་འཇོག་བྱ་འཆར་ཡོད་པ་རེད་འདུག

གཞི་རྩའི་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་དང་བསྟུན། བོད་དང་ཐའེ་ཝན་གྱི་འགྲོ་བ་མིའི་ཐོབ་ཐང་འབྲེལ་མཐུད་ཁང་གི་གོ་སྒྲིག་འོག་ཐའེ་ཝན་ Taiwan ནང་དུའང་བོད་དོན་ཆེད་རྐང་འཁོར་སྐོར་བསྐྱོད་ཀྱི་ལས་འགུལ་རིམ་པ་སྤེལ་མུས་ཡིན་པ་དང་། དེའང་ཟླ་བ་སྔོན་མའི་ཚེས་ ༡༤ ཉིན་རྒྱལ་ས་ཐའེ་པེ་ Taipei ཁུལ་གྱི་ ༢༢༨ ཞེས་པའི་ཞི་བདེའི་སྤྱི་གླིང་ནས་དབུ་འཛུགས་ཀྱིས། བོད་ཀྱི་གསུམ་བཅུའི་དུས་དྲན་གྱི་ཉིན་མོའི་བར་རེས་གཟའ་ལྷག་པ་ནམ་ཡིན་ལ་རྒྱ་ནག་སྐམ་ས་ཆེན་མོའི་མི་མང་གནས་ཡུལ་གྱི་ས་ཁུལ་ཁག་དང་གྲོང་ཁྱེར་ཆེ་ཁག་ལ་ཆེད་བསྐྱོད་ཀྱིས་བོད་དོན་དྲིལ་བསྒྲགས་དང་། བོད་ནང་གི་ཛ་དྲག་གནས་སྟངས་སོགས་ཀྱི་གོ་རྟོགས་རིམ་པ་སྤེལ་བཞིན་ཡོད་པ་རེད་འདུག

འབྲེལ་ཡོད་གསར་གནས།

གསར་གནས།