Tibetan Royal Year of 2151 | Year of the Wood Dragon

བོད་ཀྱི་བུད་མེད་རྐང་སྤོལ་རུ་ཁག་ CONIFA འཛམ་གླིང་རྐང་སྤོལ་རྩེད་འགྲན་ནང་མཉམ་ཞུགས་གནང་གཏན་ཁེལ་བ།

Tibetan News Headlines

  • US religious freedom watchdog warns of sinicization and assimilation of Tibetan religious and cultural identities
  • US sanctions 31 China-based companies over Russia
  • Xi Jinping to meet French President Macron and EU Chief in Paris next week
  • CTA begins house allocation programmes for Tibetans not facilitated in the refugee settlements
  • Dharamshala hosts conference on promotion and preservation of Tibetan language

རེས་གཟའ་ཕུར་བུ། ༢༠༢༤།༠༥།༠༢

  • རྒྱ་གཞུང་གིས་བོད་བརྒྱུད་ནང་བསྟན་ལ་དམ་དྲག་བྱེད་ཤུགས་ཆེ་རུ་བཏང་ཡོད་པ་མངོན་གསལ་གནང་འདུག
  • ཨ་རིའི་གཞུང་གིས་རྒྱ་ནག་གི་བཟོ་ཚོང་ལས་ཁང་ ༣༡ ལ་སྲིད་དོན་ཉེས་ཆད་བཀལ་བ།
  • ཞི་ཅིང་ཕིང་གིས་ཕ་རན་སིའི་སྲིད་འཛིན་དང་ཡོ་རོབ་མཐུན་ཚོགས་ཀྱི་གཙོ་འཛིན་ཐུག་འཕྲད་བྱ་འཆར།
  • བོད་མི་སྡོད་ཁང་མེད་པ་རྣམས་ལ་རུབ་སྡོད་གཞིས་སྒར་ནང་སྡོད་ཁང་བགོས་འགྲེམས་ཀྱི་ལས་གཞི་དངོས་སུ་དབུ་འཛུགས།
  • བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དང་དར་འཕེལ་སྐོར་བགྲོ་གླེང་དབུ་འཛུགས།

བོད་ཀྱི་བུད་མེད་རྐང་སྤོལ་རུ་ཁག་རིང་མིན་འདི་ལོའི་ཕྱི་ཟླ་ ༦ པའི་ནང་ནོར་ཝེ་ Norway རྒྱལ་ཁབ་ཏུ་འཚོག་གཏན་ཁེལ་བའི་ CONIFA འཛམ་གླིང་བུད་མེད་ཀྱི་རྐང་རྩེད་སྤོ་ལོའི་གཟེངས་རྟགས་ཀྱི་འགྲན་བསྡུར་ནང་མཉམ་ཞུགས་གནང་རྒྱུ་རེད་འདུག

ཁ་སང་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པའི་ངོས་ནས་རྩེད་འགྲན་དེ་དང་འབྲེལ་གསར་འགོད་བསྒྲགས་གཏམ་ཞིག་སྤེལ་ཡོད་པ་དེའི་ནང་། ཕྱི་ཟླ་ ༦ ཚེས་ ༣ ནས་ ༨ བར་ཉིན་གྲངས་དྲུག་རིང་ནོར་ཝེ་ཡི་བོ་དོ་ Bodo ཞེས་པའི་གྲོང་སྡེར་འཚོག་གཏན་ཁེལ་བའི་ CONIFA འཛམ་གླིང་བུད་མེད་ཀྱི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་དེ་གོ་སྒྲིག་གནང་དོན་ལྟར་རྩེད་འགྲན་ནང་བོད་ཀྱི་བུད་མེད་རྐང་སྤོལ་རུ་ཁག་མཉམ་ཞུགས་གནང་གཏན་ཁེལ་བ་དང་འབྲེལ། ཚོགས་ཆུང་ངོས་ནས་དེ་འབྲེལ་བོད་ཀྱི་བེུད་རྐང་སྤོལ་རུ་ཁག་འདེམས་སྒྲུག་གནང་རྒྱུ་ཡིན་པ་བཀོད་འདུག

Tibetan Women Conifa
Image Credit: Phayul

གཞི་རྩའི་ཕྱི་ལོ་ ༢༠༡༣ ནས་བཟུང་ CONIFA ཞེས་པའི་འཛམ་གླིང་རྐང་རྩེད་སྤོ་ལོའི་ལྷན་ཚོགས་ནས་ལོ་གཉིས་རེའི་མཚམས་སུ་ FIFA འཛམ་གླིང་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ནང་མ་ཚུད་པའི་འཛམ་གླིང་ཁྲོད་ཀྱི་གྲངས་ཉུང་མི་རིགས་དང་སྐྱབས་བཅོལ་བ། རང་མི་རིགས་ཀྱི་རིག་གཞུང་དང་རྒྱལ་ཁབ་མཚོན་ཐུབ་པའི་མི་རིགས་ཁག་ལ་ཆེད་དམིགས་ཀྱིས་རྐང་སྤོལ་རྩེད་འགྲན་ཞིག་གོ་སྒྲིག་གནང་བཞིན་ཡོད་པ་དང་། འདི་ལོའི་འཚོག་ལ་ཉེ་བའི་འཛམ་གླིང་བུད་མེད་ཀྱི་རྐང་རྩེད་སྤོ་ལོའི་རྩེད་འགྲན་ཆེས་ཐོག་བོད་ཀྱི་བེུད་རུ་ཁག་གཙོས་གཞན་རྐང་སྤོལ་རུ་ཁག་དྲུག་ནས་མཉམ་ཞུགས་གནང་གི་ཡོད་པ་རེད།

Conifa-Women-1
Image Credit: DW

འདི་ག་རླུང་འཕྲིན་ཁང་གིས་བོད་ཀྱི་བུད་མེད་རྩེད་འགྲན་རུ་ཁག་ལ་རྐང་སྤོལ་སྦྱོང་བརྡར་གནང་མཁན་མགོན་པོ་རྡོ་རྗེ་ལགས་ལ་འདི་ལོའི་བོད་ཀྱི་བེུད་རྐང་སྤོལ་རུ་ཁག་འདེམས་སྒྲུག་གནང་ཕྱོགས་སོགས་དང་འབྲེལ་བཀའ་འདྲི་ཞུས་པར་ཁོང་གིས། ཐེངས་འདིའི་བོད་ཀྱི་བུད་མེད་རྐང་རྩེད་སྤོ་ལོའི་རུ་ཁག་ཆེད་ཁྱོན་བུད་མེད་རྩེད་འགྲན་པ་ ༢༨ གདམ་རྒྱུ་ཡིན་པ་དང་། རྩེད་འགྲན་ཁྲོད་བོད་ཀྱི་བུད་མེད་རྐང་སྤོལ་རུ་ཁག་ནས་རྒྱལ་སྤྱིའི་ཐོག་བོད་ཀྱི་རིག་གཞུང་དང་ངོ་བོ་ཆེད་བཏོན་གནང་ཐུབ་ཀྱི་ཡོད་པར་མ་ཟད། གནད་དོན་དེ་བུད་མེད་ཀྱི་ནུས་སྟོབས་གོང་འཕེལ་ཐད་ལའང་གནད་འགག་ཆེན་པོ་ཆགས་ཀྱི་ཡོད་པ་གསུངས་སོང་།  

དེའི་བར་ན། Conifa འཛམ་གླིང་རྐང་རྩེད་སྤོ་ལོའི་ལྷན་ཚོགས་ཀྱིས་སྤྱི་ཚོགས་དྲ་ལམ་ Twitter ཐོག་གནས་ཚུལ་སྤེལ་བར་གཞིགས་ན། རིང་མིན་ཕྱི་ཟླ་ ༦ པའི་ཚེས་ ༢༥ ནས་ཕྱི་ཟླ་ ༧ ཚེས་ ༦ བར་ཨི་རཀ་སྤྱི་མཐུན་རྒྱལ་ཁབ་ Republic of Iraq ཀྱི་ཁྱབ་ཁོངས་སུ་གཏོགས་པའི་ Kurdistan ནང་དུ་ ༢༠༢༤ ལོའི་ CONIFA རྐང་རྩེད་སྤོ་ལོའི་རྩེད་འགྲན་དེ་བཞིན་འཚོག་གཏན་ཁེལ་ཡོད་པ་དང་འབྲེལ། བོད་རྒྱལ་ཡོངས་རྐང་རྩེད་སྤོ་ལོའི་རུ་ཁག་ཐེངས་འདིའི་ CONIFA རྩེད་འགྲན་གྱི་སྡེ་ཚན་ (ག) པའི་ནང་རྩེད་འགྲན་པའི་རུ་ཁག་གཞན་གསུམ་དང་ལྷན་དུ་བདམས་ཡོད་པ་བཀོད་འདུག

གཞི་རྩའི་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པས་དེ་སྔ་ཕྱི་ལོ་ ༢༠༢༢ ལོའི་ཕྱི་ཟླ་ ༧ ནང་རྒྱ་གར་གྱི་ཧི་མཱ་ཅལ་མངའ་སྡེའི་སྤོན་ཊ་ Poanta ཆོལ་གསུམ་བོད་མིའི་གཞིས་ཆགས་ནང་འཛམ་གླིང་བུད་མེད་ཀྱི་རྐང་སྤོལ་རྩེད་འགྲན་ Conifa ཞེས་པ་དེ་མགྲོན་བདག་གནང་ཡོད་པར་མ་ཟད། སྐབས་དེར་རྩེད་འགྲན་ཆེད་ཨ་ཕི་རི་ཀ་གླིང་ཕྲན་ནས་རྐང་སྤོལ་རུ་ཁག་གཅིག་དང་ཡོ་རོབ་དང་ཨེ་ཤ་ཡ་ནས་རུ་ཁག་གཅིག་རེ། ཡོ་རོབ་སུད་ཌན་ཁུལ་གྱི་ས་གནས་མི་རིགས་ཀྱི་ Sapmi ཪུ་ཁག དེ་བཞིན་ཨ་ཕི་རི་ཀའི་ཛིམ་སྦ་ཝི་ཁུལ་ནས་ཡིན་པའི་རུ་ཁག་བཅས་ཁྱོན་རུ་ཁག་དྲུག་ནས་མཉམ་ཞུགས་གནང་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།