Tibetan Royal Year of 2151 | Year of the Wood Dragon

ཞི་ཅིན་ཕིང་གིས་རྒྱ་ནག་གི་སྲིད་འཛིན་ལས་ཡུན་གསུམ་པ་མགོ་འཛུགས། 

Tibetan News Headlines

  • French president urged to put human rights, Tibet at heart of Xi Jinping talks
  • Tibetan media marks World Press Freedom Day with call for access to Tibet
  • Dalai Lama grants audience to devotees from Nepal’s Tsum and Nubri 
  • A Tibetan monks mission to help the blind see lights in a remote Himalayan village: Feature
  • Tibet to provide financial aid to Nepal’s northern border districts for five years

རེས་གཟའ་པ་སངས། ༢༠༢༤།༠༥།༠༣

  • ཧྥ་རན་སི་དང་རྒྱ་ནག་གི་སྲིད་འཛིན་གྲོས་མོལ་སྐབས་བོད་ཀྱི་གནད་དོན་གཙོ་གྲས་སུ་གླེང་དགོས་པའི་ནན་སྐུལ།
  • འཛམ་གླིང་གསར་འགོད་རང་དབང་གི་ཉིན་མོ་སྲུང་བརྩི།
  • ༸གོང་ས་མཆོག་གིས་བཙུམ་དང་ནུབ་རིའི་དད་ལྡན་པ་ཁག་གཅིག་ལ་མཇལ་ཁ་བསྩལ་བ།
  • བོད་རང་སྐྱོང་ལྗོངས་ཟེར་བས་ལོ་ལྔའི་རིང་བྱང་བལ་ཡུལ་ས་མཚམས་ཁུལ་དུ་དཔལ་འབྱོར་རོགས་རམ་སྤྲོད་འཆར།

དེ་རིང་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་རྒྱ་ནག་གི་འཚོགས་ཆེན་གཉིས་པོ་མཇུག་སྒྲིལ་དང་སྦྲགས། སྲིད་འཛིན་གྱི་ལས་ཡུན་གསུམ་པ་མགོ་འཛུགས་ཀྱིས་ཚོགས་ཆེན་མཇུག་བསྡོམས་གཏམ་བཤད་སྤེལ་བར་ཐེ་ཝན་རང་བཙན་རྩོད་ལེན་པ་རྣམས་ལ་གདོང་ལེན་ནན་པོ་བྱ་རྒྱུ་ཡིན་པ་དང་རྒྱལ་ཁབ་ཀྱི་བདེ་འཇགས་དང་བརྟན་ལྷིང་སྲུང་སྐྱོབ་ནན་པོ་བྱ་རྒྱུ་ཡིན་པ་སོགས་བཤད་འདུག

ཕྱི་ཟླ་ ༣ ཚེས་ ༤ དང་ ༥ བཅས་སོ་སོར་རྒྱ་ནག་གི་ལོ་འཁོར་ཚོགས་འདུ་ཆེན་མོ་གཉིས་འགོ་འཛུགས་བྱས་ཡོད་པ་དང་། ཐེངས་འདིའི་ཚོགས་ཆེན་ཐོག་གཟའ་འཁོར་སྔོན་མའི་ཚེས་ ༡༠ རེས་གཟའ་པ་སངས་ཉིན་ཞི་ཅིན་ཕིང་སྲིད་འཛིན་གྱི་སྲིད་འཛིན་གྱི་ལས་ཡུན་གསུམ་པར་རྒྱུན་སྐྱོང་བྱས་ཏེ་མའོ་རྗེས་སུ་བྱུང་མྱོང་མེད་པའི་ཆབ་སྲིད་ཀྱི་ལམ་ལུགས་གསར་པ་ཞིག་ལག་བསྟར་བྱས་ཡོད་པ་རེད། དེ་རྗེས་ཚེས་ ༡༡ ཉིན་ཞི་ཅིན་ཕིང་གིས་རང་གི་ཕྱོགས་གཏོགས་ Shanghai གྲོང་ཁྱེར་གྱི་དམར་ཤོག་ཚོགས་པའི་དྲུང་ཆེ་ Li Qiang ཟེར་བ་རྒྱ་ནག་གི་སྲིད་བློན་དུ་བསྐོ་གཞག་བྱས་འདུག  

རྒྱ་ནག་དང་རྒྱལ་སྤྱིའི་བརྒྱུད་ལམ་ཁག་གིས་གནས་ཚུལ་སྤེལ་བར་དེ་རིང་ཚོགས་འདུ་མཇུག་སྒྲིལ་ཐོག་འཛམ་གླིང་ཁྱོན་ཡོངས་ནས་དོ་སྣང་ཆེན་པོ་གནང་ཡུལ་དུ་གྱུར་བའི་ཞི་ཅིན་ཕིང་གིས་མཇུག་བསྡོམས་གཏམ་བཤད་ནང་དམག་ཤོག་ཚོགས་པའི་ལས་དོན་གཙོ་བོ་གཅིག་ནི་རྒྱ་ནག་དེ་ཉིད་དེང་དུས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་རླབས་ཆེན་ཞིག་ཏུ་བཟོ་རྒྱུ་དེ་ཡིན་པ་དང་ཕྱོགས་ཡོངས་ནས་རྒྱལ་ཁབ་སླར་གསོ་དང་འཛུགས་བསྐྲུན་ཡར་རྒྱས་ཀྱི་ལམ་བུར་མདུན་བསྐྱོད་བྱ་རྒྱུར་ ཤུགས་རྒྱག་གི་ཡིན་ཞེས་བཤད་ཡོད་པ་རེད།

ཧོང་ཀོང་དང་མེ་ཀའོ་གཉིས་ཀྱི་ནང་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་བྱུས་ལག་བསྟར་དོན་འཁྱོལ་བྱས་ཏེ་རྒྱ་ནག་གཅིག་གི་སྲིད་བྱུས་ལ་བརྩི་སྲུང་ནན་པོ་ཞུས་པའི་ཐོག་ནས་ཐེ་ཝན་རང་བཙན་རྩོད་ལེན་པ་རྣམས་ལ་གདོང་ལེན་ནན་པོ་བྱ་རྒྱུ་ཡིན་པ་དང་རྒྱལ་ཁབ་ཀྱི་བདེ་འཇགས་དང་བརྟན་ལྷིང་སྲུང་སྐྱོབ་ནན་པོ་བྱ་རྒྱུ་གཙོས་ཐེ་ཝན་དང་འབྲེལ་ལམ་ཡར་རྒྱས་གཏང་རྒྱུའི་ཐོག་ཤུགས་སྣོན་རྒྱག་རྒྱུ་ཡིན་པ་སོགས་བཤད་འདུག

དེ་བཞིན་ཁོ་པས་ཡར་རྒྱས་ཀྱི་གཞི་རྟེན་བདེ་སྲུང་ཡིན་པ་དང་ཡར་རྒྱས་ཡོང་བར་རྒྱལ་ཁབ་བརྟན་ལྷིང་དགོས་སྐོར་བཤད་པ་དང་འབྲེལ། རྒྱལ་ཁབ་སྲུང་སྐྱོབ་སླད་དམག་གི་སྟོབས་ཤུགས་རྒྱ་སྐྱེད་བཏང་ནས་ལྕགས་ཀྱི་རྒྱལ་སྒོ་ལྟ་བུ་མཁྲེགས་པོ་བཟོས་ཏེ་རྒྱལ་ཁབ་ཀྱི་གནས་བབ་དང་རྩ་དོན་སྲུང་སྐྱོབ་བྱེད་ཀྱི་ཡིན་ཅེས་བཤད་འདུག

དེ་བཞིན་སྲིད་བློན་དུ་བསྐོ་གཞག་བྱུང་བའི་རྗེས་སུ་རྒྱ་ནག་གི་སྲིད་བློན་གསར་པ་ Li Qiang གིས་གཏམ་བཤད་ཐོག་མར་ ཁོ་པའི་ལས་ཡུན་ཁྲོད་རྒྱལ་ཁབ་ཀྱི་དཔལ་འབྱོར་སྟོབས་ཤུགས་ཆེ་རུ་གཏང་རྒྱུའི་ཐོག་ཤུགས་རྒྱག་རྒྱུ་ཡིན་སྐོར་དང་འབྲེལ། གཞུང་གི་བཏང་འཛིན་འོག་མེད་པའི་ཚོང་ལས་ཁང་དང་སྒྲིག་འཛུགས་རྣམས་ལ་ཁྲིམས་ཀྱི་དབང་བསྒྱུར་འོག་ནས་གོ་སྐབས་གང་ཐུབ་སྤྲད་རྒྱུ་ཡིན་པར་བཤད་འདུག  དེ་བཞིན་ཨ་རི་དང་རྒྱ་ནག་གཉིས་མཉམ་ལས་བྱེད་དགོས་ངེས་ཡིན་པ་དང་། རྒྱལ་ཁབ་ཕྱོགས་གཉིས་དབར་མཉམ་ལས་བྱས་ནས་གྲུབ་འབྲས་ཆེན་པོ་གསོན་ཐུབ་རྒྱུ་ཡིན་སྐོར་ཡང་ནན་བརྗོད་བྱས་འདུག

སྔ་ལོའི་ཕྱི་ཟླ་ ༡༠ པའི་ནང་ལས་ཡུན་གསུམ་པ་རྒྱུན་འཤིན་བྱས་ཏེ་གཞུང་འཛིན་གསར་པ་མགོ་བཙུགས་ཡོད་པ་དང་སྦྲགས། ཞི་ཅིན་ཕིང་གིས་དམར་ཤོག་ཚོགས་པའི་ལས་གནས་གཙོ་གྲས་ཁག་གི་ཐོག་རང་དང་བློ་ཉེ་བའི་མི་སྣ་ཤ་སྟག་བསྐོ་གཞག་བྱས་ཡོད་པ་དེ་ལྟར་ཡང་། ཐེངས་འདིའི་ཚོགས་ཆེན་གཉིས་པོའི་ཐོག་ཁོ་པས་རྒྱ་ནག་མི་དམངས་དངུལ་ཁང་གི་གཙོ་འཛིན་ Yi Gang ཟེར་བ་དེ་རང་སོར་བཞག་ཡོད་པ་དང་།  Liu Kun  ཟེར་བ་དེ་རྒྱ་ནག་གི་དཔལ་འབྱོར་བློན་ཆེན་དུ་བསྐོ་གཞག་བྱས་ འདུག

རྩ་བའི་ཕྱི་ཟླ་ ༣ ཚེས་ ༤ དང་ ༥ བཅས་སོ་སོར་འགོ་འཛུགས་བྱས་པའི་རྒྱ་ནག་གི་ལོ་འཁོར་ཚོགས་འདུ་ཆེན་མོ་གཉིས་ཀྱི་ཐོག་རྒྱ་ནག་གི་རྒྱལ་སྲུང་འགྲོ་གྲོན་སྔར་ལས་བརྒྱ་ཆ་ ༧་༢ མང་དུ་བཏང་བ་དང་དཔལ་འབྱོར་ཡར་རྒྱས་ཀྱི་དམིགས་ཚད་བརྒྱ་ཆ་ ༥ ལས་མེད་པར་ཚོད་དཔག་གནང་བ་ལས་ཉུང་བ་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།