Tibetan Royal Year of 2151 | Year of the Wood Dragon

འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པའི་བུ་ཕྲུག་ཐོག་མཉམ་བསྡུས་ཀྱི་ཉེས་ཆད་འགེལ་བཞིན་པ་མངོན་གསལ།

Tibetan News Headlines

  • Dalai Lama’s former envoy slams China’s remarks on Tibet talks, says authoritarian rule won’t last long
  • Blinken raises human rights abuses in Tibet and East Turkestan with China
  • Gyari Dorjee Youdon, a Tibetan who revolted against invading Chinese forces, cremated in Mindroling
  • China building new township in Lhokha amidst Tibet-border build-up

རེས་གཟའ་མིག་དམར། ༢༠༢༤།༠༤།༣༠

  • རྒྱ་ནག་གི་མཁྲེགས་འཛིན་སྲིད་བྱུས་རྒྱུན་རིང་པོར་གནས་ཐུབ་ཐབས་མེད་པ་གསུངས་འདུག
  • Blinken གྱིས་རྒྱ་གཞུང་དང་མཉམ་བོད་དང་ཤིན་ཅང་སྐོར་གླེང་སློང་གནང་ཡོད་པ་གསུངས་འདུག
  • བོད་ཀྱི་དཔའ་མོ་རྒྱ་རི་རྡོ་རྗེ་གཡུ་སྒྲོན་ལགས་ཀྱི་སྐུ་ཕུང་སྨིན་སྒྲོལ་གླིང་དགོན་པར་ཞུགས་འབུལ།
  • རྒྱ་ནག་གིས་འཕགས་བོད་མཐའ་མཚམས་ཉེ་འཁྲིས་ལྷོ་ཁའི་ནང་གྲོང་ཚོ་གསར་རྒྱག

རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚོགས་པ་ཆེ་གྲས་ཞིག་གིས་སྙན་ཐོ་འདོན་སྤེལ་བརྒྱུད། རྒྱ་གཞུང་ངོས་ནས་ཡུལ་དེའི་ནང་གི་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་རྣམས་ཀྱི་ཐོག་ལ་གནོན་ཤུགས་ཇེ་ཆེར་གཏང་ཆེད། དེ་དག་གི་ནང་མི་བུ་ཕྲུག་རྣམས་ཀྱི་ཐོག་ལ་ Collective Punishment འམ་མཉམ་བསྡུས་ཀྱི་ཉེས་ཆད་འགེལ་བཞིན་པ་མངོན་གསལ་གནང་འདུག

China Collective Punishment
Credit: Reuters

དེ་ཡང་ཁ་སང་རྒྱ་རིགས་གཙོས་པའི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚོགས་སྡེ་འདྲ་མིན་ལས་གྲུབ་པའི་མཉམ་རུབ་ཀྱི་ཚོགས་པ་ Chinese Human Rights Defenders ཞེས་པས་ཕྱི་ལོ་ ༢༠༢༣ ལོའི་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་འབྲེལ་བའི་སྙན་ཐོ་འདོན་སྤེལ་གནང་བའི་ནང་དུ། རྒྱ་ནག་གཞུང་གིས་མཉམ་བསྡུས་ཀྱི་ཉེས་ཆད་ཕོག་མྱོང་མཁན་མི་སྣ་བཅུ་ཕྲག་ཁ་ཤས་ལ་བཅར་འདྲི་ཞུས་པའི་ནང་དོན་ཕྱིར་བསྒྲགས་གནང་བའི་བརྒྱུད། རྒྱ་གཞུང་གིས་ཡུལ་དེའི་ནང་གི་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་རྣམས་ལ་བཙོན་འཇུག་སོགས་ཀྱི་ཉེས་ཆད་འགེལ་བའི་ཐོག དེ་དག་གི་ནང་མི་རྣམས་ལ་རྒྱལ་ཁབ་ཀྱི་ཕྱི་ཕྱོགས་སུ་བསྐྱོད་མི་ཆོག་པའི་འགྲུལ་བསྐྱོད་དམ་དྲག་དང་། བུ་ཕྲུག་རྣམས་བཙན་དབང་ཐོག་སློབ་གྲྭ་ནས་ཕྱིར་འཐེན་བྱེད་དུ་བཅུག་པ་མ་ཟད། ད་ཕྲུག་ཁང་དང་སེམས་ནད་སྨན་ཁང་ནང་དུ་འཇོག་སྟེ་འཇིགས་སྐུལ་དང་སུན་གརྩེར་བཟོ་བཞིན་པ་མངོན་གསལ་གནང་འདུག

དེའི་ཁོངས་ནས་ནད་གཞི་སྔོན་འགོག་གི་སྨན་ཁབ་རྫུན་མ་རྒྱག་པའི་རྐྱེན་གྱིས་རང་གི་བུ་མོ་དབང་པོ་སྐྱོན་ཅན་དུ་འགྱུར་བར་བརྟེན་དེ་འབྲེལ་སྨན་ཁབ་ཚད་ལྡན་དགོས་པའི་ལས་འགུལ་སྤེོལ་མཁན་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་ He Fengmei ལྟ་བུ་མཚོན་ན། ཕྱི་ལོ་ ༢༠༢༡ ལོར་རྒྱ་གཞུང་གིས་སྐབས་དེར་སྦྲུམ་མ་ཡིན་པའི་ He Fengmei ལགས་སེམས་ནད་སྨན་ཁང་དུ་བཞག་པའི་ཁྲོད་ཕྲུ་གུ་བསྩལ་དགོས་བྱུང་བ་དང་། ཁོང་གི་བཟའ་ཟླར་སྙོན་འཛུགས་འདྲ་མིན་འོག་ལོ་ལྔའི་བཙོན་འཇུག་ཁྲིམས་ཐག་བཅད་པ། དེ་བཞིན་ཁོང་གི་བུ་ཕྲུག་རྣམས་རང་ཉིད་ཀྱི་སྲིང་མོར་གསོ་སྐྱོང་སླད་རྩིས་སྤྲོད་བྱེད་ཐབས་བྱས་ཀྱང་། འདི་ལོའི་ཕྱི་ཟླ་དང་པོའི་ནང་རྒྱ་གཞུང་གིས་ཡི་གེ་བྲིས་ཀློག་མི་ཤེས་པའི་ཁོང་གི་ཨ་མ་ལགས་ལ་བུ་ཕྲུག་རྣམས་ཀྱི་བདག་དབང་གཞུང་ལ་སྤྲད་པའི་ཡི་གེའི་ཐོག་མཚན་རྟགས་རྒྱག་བཅུག་སྟེ། སྐྱེ་མ་ཐག་པའི་བྱིས་པ་དེ་ཉིད་གཙོས་ཁོང་གི་བུ་ཕྲུག་རྣམས་ཀྱང་བཙན་དབང་ཐོག་སེམས་ཁམས་མི་བདེ་བའི་སྨན་ཁང་དུ་འཇོག་པ་མ་ཟད། འདས་པའི་ལོ་གསུམ་ནང་ཁྲིམས་རྩོད་པའི་ལྷན་དུ་ཐེངས་གཅིག་མ་གཏོགས་ཐུགས་འཕྲད་བྱ་རྒྱུར་དམ་དྲག་བྱས་ཡོད་པ་རེད་འདུག

China Collective Punishment
Credit: Wang Quanxiu/AP

ཕྱོགས་མཚུངས་འགྲོ་བ་མིའི་ཐོབ་ཐང་ཁྲིམས་རྩོད་པ་ Wang Quanzhang ལྟ་བུ་ཆ་མཚོན་ན། ཁོང་འཛིན་བཟུང་བྱས་ཏེ་སྡུག་སྦྱོང་མནར་གཅོད་ཚད་མེད་བཏང་བ་མ་ཟད། ཁོང་གི་བུ་སློབ་གྲྭར་བསྐྱོད་རྒྱུར་དམ་དྲག་ཁྲོད་སློབ་གྲྭ་ལྔ་ཙམ་ནས་ཕྱིར་ཕུད་བཏང་ཡོད་པ་དང་། དེ་བཞིན་ཕྱི་ལོ་ ༢༠༢༢ ལོར་པེ་ཅིང་གི་སི་ཐོང་ཟམ་པའི་ཐོག་འཕྲེད་དརཕྱར་ཏེ་རྒྱ་གཞུང་གིས་གཉན་རིམས་ཀླད་སྐོར་གྱི་སྲིད་བྱུས་ལ་ངོ་རྒོལ་གནང་མཁན་ Peng Lifa ལགས་འཛིན་བཟུང་བྱས་པའི་རྗེས་སུ། ཁོང་གི་བཟའ་ཟླ་དང་བུ་མོ་གཉིས་བཟང་བཙོན་འོག་བཞག་པ་དང་། Heilongjiang མངའ་སྡེའི་ནང་ཡོད་པའི་ཁོང་གི་སྲིང་མོ་དང་གཉེན་ཉེ་འབྲེལ་རྣམས་ཉེན་རྟོག་ཁང་དུ་བསྐོངས་སྟེ་གསར་འགོད་པར་འབྲེལ་བ་བྱེད་རྒྱུ་མེད་པའི་སྡིག་ར་སྐུལ་བ། མ་ཟད་ཁོང་འཚོ་བསྡད་སའི་གྲོང་ཚོ་ཡོངས་རྫོགས་སྒོ་རྒྱ་འདམས་སྟེ་རྒྱབ་སྐྱོར་བ་དང་གསར་འགོད་པའི་ལྷན་དུ་ཐུགས་འཕྲད་བྱ་རྒྱུར་བཀག་སྡོམ་བྱས་ཡོད་འདུག

CHRD འམ་རྒྱ་རིགས་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚོགས་པ་དེས་ཐེངས་འདིའི་སྙན་ཐོ་འདོན་སྤེལ་བརྒྱུད། རྒྱ་གཞུང་གིས་ད་བར་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པའི་ཉེས་མེད་ནང་མི་རྣམས་ལ་སུན་གརྩེར་དང་རྡུང་རྡེག་བཏང་བ་སོགས་ཀྱི་བྱ་སྤྱོད་སྤེལ་མཁན་ཉེན་རྟོག་པ་དང་ལས་བྱེད་པ་རྣམས་ལ་ཉེས་ཆད་འགེལ་བ་སོགས་ཀྱི་གནད་དོན་གཅིག་ཀྱང་བྱུང་མེད་པ་ཐེར་འདོན་དང་འབྲེལ། གཉན་རིམས་ཀླད་སྐོར་གྱི་སྲིད་བྱུས་ཕྱིར་འཐེན་རྗེས་སུ་ད་ཆ་རྒྱལ་སྤྱིའི་གཞུང་ཁག་ནས་ Xi Jinping གི་གཞུང་འཛིན་ལྷན་དུ་འབྲེལ་ལམ་བསྐྱར་མཐུད་བྱས་པའི་ཁྲོད་འདིར། ཉེས་མེད་མང་ཚོགས་ཐོག་དྲག་གནོན་བྱེད་མཁན་གྱི་དཔོན་རིགས་ལྷན་དུ་འབྲེལ་བ་བྱ་རྒྱུ་མེད་པ་དང་། ལྷག་པར་རྒྱ་ནག་གི་ཆེས་མཐོའི་དཔོན་རིགས་དང་མཇལ་མོལ་གྱི་དུས་ནམ་བྱུང་སྐབས་ཉེས་མེད་མང་ཚོགས་ཐོག་དེ་ལྟ་བུའི་མཉམ་བསྡུས་ཀྱི་ཉེས་ཆེད་འགེལ་རྒྱུའི་བྱ་སྤྱོད་རིགས་མཚམས་འཇོག་དགོས་གལ་གྱི་གནོན་ཤུགས་སྤྲད་དགོས་སྐོར་གསུངས་པ་མ་ཟད། He Fengmei དང་ཁོང་གི་བཟའ་ཟླ་གཉིས་གློད་བཀྲོལ་དགོས་པ་དང་། དེ་བཞིན་ཁོང་གཉིས་ཀྱི་བུ་ཕྲུག་རྣམས་བྱམས་སྐྱོང་བྱེད་མཁན་ནང་མི་ཉེ་འཁོར་ལ་རྩིས་སྤྲོད་དགོས་པའི་དགོས་འདུན་བཏོན་འདུག

འབྲེལ་ཡོད་གསར་གནས།

གསར་གནས།