Tibetan Royal Year of 2151 | Year of the Wood Dragon

འདས་པའི་གཟའ་འཁོར་ནང་བོད་མི་བཅིུག་ལ་གཉན་རིམས་གསར་པ་ཕོག་འདུག

Tibetan News Headlines

  • Former political prisoner Namkyi’s brave Journey: From Protest, Imprisonment to Eventual Escape to India

རེས་གཟའ་སྤེན་པ། ༢༠༢༤།༠༥།༠༤

  • རྒྱ་གཞུང་གི་མནར་གཅོད་འོག་༸རྒྱལ་བ་རིན་པོ་ཆེར་དད་གུས་གཡོ་མེད་དུ་གནས་པའི་ཆབ་སྲིད་བཙོན་ཟུར་རྣམ་སྐྱིད་ལགས།

ཁ་སང་བོད་མིའི་སྒྲིག་འཛུགས་ཀྱི་ཏོག་དབྱིབས་ ༡༩ ལས་དོན་ཚོགས་ཆུང་གི་གསར་འགོད་གསལ་བསྒྲགས་ཐེངས་ ༩༠ པ་སྤེལ་བར་ད་ཆ་རྒྱ་གར་ནང་སྤྱི་ཡོངས་ཀྱི་གནས་སྟངས་ཇེ་བཟང་ཕྱིན་པའི་དུས་སྐབས་འདིར་འདས་པའི་གཟའ་འཁོར་ནང་བོད་མི་ ༡༡ ལ་ཏོག་དབྱིབས་ནད་གཞི་གསར་པ་ཕོག་ཡོད་པར་གསུངས་སོང་།གསར་འགོད་གསལ་བསྒྲགས་ཀྱི་ཐོག་མར་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་དྲུང་གཞོན་བསྟན་འཛིན་ཀུན་བཟང་ལགས་ཀྱིས་འདས་པའི་དུས་ཡུན་ནང་ཛ་དྲག་ཚོགས་ཆུང་གི་ངོས་ནས་སྐབས་བབས་གནས་སྟངས་ལ་གཞིགས་པའི་ཚོགས་འདུ་ཚོགས་ཡོད་པ་དང་ལྷག་པར་དུ་ས་གནས་འགོ་འཛིན་རྣམ་པ་དང་སློབ་གྲྭ་ཁག་གི་འགན་འཛིན། སྨན་ཁང་འགན་འཛིན་བཅས་དང་ལྷན་དྲ་ལམ་བརྒྱུད་ཚོགས་འདུ་ཚོགས་ནས་ལོ་ན་ ༡༨ མན་ལ་སྔོན་ཁབ་རྒྱག་རྒྱུའི་སྐོར་དང་དེ་བཞིན་སུད་ཚོང་བ་རྣམས་རང་གནས་སུ་ལོག་ཉེ་ཡོད་པ་བཅས་ཀྱི་གནད་དོན་གཉིས་ཐད་ཚོགས་འདུ་ཚོགས་ཡོད་པར་གསུངས་པ་དང་འབྲེལ། ཕྲུ་གུའི་སྔོན་ཁབ་མ་རྒྱག་གོང་གྲ་སྒྲིག་ཚགས་ཚུད་སླད་ཕྲུ་གུའི་ཐོ་གཞུང་བསྡུ་རུབ་གནང་གལ་མཐོང་བ་དང་ལྷག་དོན་གྲངས་ཐོ་བསྡུ་རུབ་གནང་བ་དེས་སླད་མར་རྒྱ་གར་གཞུང་གི་ངོས་ནས་ཕྲུ་གུའི་སྔོན་ཁབ་རྒྱག་རྒྱུའི་གསལ་བསྒྲགས་གནང་སྐབས་ཐོ་གཞུང་ཏག་ཏག་འབུལ་ལམ་ཞུ་ཐུབ་རྒྱུ་དང་ མ་འོངས་པར་བྱིས་པ་དང་འབྲེལ་བའི་ལས་གཞི་སྤེལ་སྐབས་ཐུགས་ཕན་གསོས་ངེས་ཡིན་སྐོར་གསུངས་པ་མ་ཟད། དེ་བཞིན་སུད་ཚོང་བ་རྣམས་རང་ཁྱིམ་དུ་ཕྱིར་ལོག་གནང་ཚེ་ངེས་པར་དུ་ RTPCR བརྟག་དཔྱད་དང་ཏོག་དབྱིབས་གཉན་རིམས་དང་འབྲེལ་ས་གནས་ས་ཐོག་ཏུ་བཅས་པའི་ཁྲིམས་སྒྲིག་ཁག་དང་ལེན་ཞུ་དགོས་པར་འབོད་སྐུལ་ཞུས་ཡོད།དེ་བཞིན་ཛ་་དྲག་ཚོགས་ཆུང་གི་གསར་འགོད་འབྲེལ་མཐུད་པ་གསོ་རིག་སྨན་པ་ཚེ་རིང་མཚམས་གཅོད་ལགས་ཀྱིས་འདས་པའི་བདུན་ཕྲག་ནང་དྷརྨ་ས་ལ་ཁུལ་དང་སྦེལ་ཀོབ། ལ་དྭགས། ཀོ་ལི་གྷལ། དེ་བཞིན་བདེ་སྐྱིད་གླིང་བཅས་ནས་ཁྱོན་བོད་མི་ ༡༡ ལ་གཉན་རིམས་ནད་གཞི་གསར་པ་ཕོག་ཡོད་པ་དང་དེའི་ཁྲོད་དགུང་ལོ་མཐོ་ཤོས་ ༨༥ དང་ཆུང་ཤོས་ ༢༠ བཅས་ཆགས་ཀྱི་ཡོད་པར་ངོ་སྤྲོད་དང་སྦྲགས་ཏེ་ད་བར་བཙན་བྱོལ་བོད་མིའི་འདུས་སྡོད་བྱ་ཡུལ་རྒྱ་བལ་གཉིས་ཀྱི་ནང་ཏོག་དབྱིབས་གཉན་རིམས་ ༡༩ ནད་གཞི་ཕོག་པའི་གྲངས་ཐོ་འབྱོར་བར་མི་གྲངས་ ༦༩༦༩ དང་དྲག་སྐྱེད་སོང་བ་ ༦༧༩༢ དེ་བཞིན་ནད་ཡམས་རྐྱེན་གྱིས་འདས་གྲོངས་སུ་གྱུར་བ་མི་གྲངས་ ༡༦༢ ད་ལྟ་ནད་ཀྱིས་མནར་བཞིན་པ་མི་གྲངས་ ༡༥ བཅས་ཆགས་ཀྱི་ཡོད་སྐོར་གསུངས་ཡོད།ཁོང་གིས་རྒྱ་གར་ནང་འདས་པའི་ཆུ་ཚོད་ཉེར་བཞི་ནང་ནད་གཞི་གསར་པ་ཕོག་མཁན་མི་གྲངས་ ༧༩༧༤ བྱུང་བ་དང་འདས་གྲོངས་སུ་གྱུར་བ་ ༣༤༣ བཅས་ད་བར་རྒྱ་གར་ནང་ཏོག་དབྱིབས་ནད་གཞི་ཕོག་ནས་འདས་གྲོངས་གྱུར་བའི་བརྒྱ་ཆ་དེ་ ༡།༣༧ དང་དྲག་སྐྱེད་སོང་བ་ ༩༨།༣༨ ཡིན་པ་དང་། དྲག་སྐྱེད་འགྲོ་བའི་བརྒྱ་ཆ་དེ་ཚད་མཐོ་པོ་ཆགས་ཀྱི་ཡོད་པ་དེ་ལྟར་ནའང་། མང་ཚོགས་ཀྱི་ངོས་ནས་གཉན་རིམས་ཀྱི་ནད་གཞིར་སྣང་ཆུང་གནང་རྒྱུ་མེད་པའི་གཞེན་སྐུལ་དང་ནད་རླབས་གཉིས་པའི་ཁྲོད་ཉམས་མྱོང་བྱུང་ཁག་ལ་གཞིགས་ཏེ་འགོག་སྲུང་དང་སྔོན་འགོག་གི་ཐབས་ལམ་ཁག་མུ་མཐུད་བསྟེན་རོགས་ཞེས་དྲན་སྐུལ་གནང་སོང་། དེ་རྗེས་ཕྱི་ལུགས་སྨན་པ་བསྟན་འཛིན་རྣམ་གྲོན་ལགས་ཀྱིས་ཨོ་མི་ཁོ་རོན་ཞེས་ཏོག་དབྱིབས་གཉན་རིམས་ཀྱི་ནད་གཞི་རིགས་གསར་པ་ཐོན་པ་ནས་བཟུང་དུས་ཡུན་ཐུང་ཐུང་ཞིག་གི་རིང་རྒྱལ་ཁབ་མང་དག་ཅིག་ནང་ཁྱབ་གདལ་འགྲོ་ཡོད་པ་དང་། ལྷག་པར་དུ་ཡོ་རོབ་ནང་ནད་པའི་གྲངས་འབོར་ཇེ་འཕར་ཕྱིན་ནས་སྐུ་ངལ་འཕྲད་བཞིན་པས་ང་ཚོས་དེ་ནས་གསལ་པོ་ཤེས་རྟོགས་བྱུང་བར་OMICRON དེའི་ཁྱབ་ཚད་དེ་ཁྱབ་གདལ་མྱུར་བ་ཡོད་པར་ཚོད་དཔག་ཐུབ་པ་དང་སྒོས་གནས་ཚུལ་བཟང་བ་ཞིག་ལ་ཏོག་དབྱིབས་ཀྱི་རྣམ་པ་གསར་པ་ཨོ་མི་ཁོ་རོན་ཕོག་མཁན་མང་ཆེ་བར་དེ་ཙམ་གྱི་ཛ་དྲག་མེད་ཀྱང་། ནད་གཞི་ཕོག་མཁན་ཚང་མར་ནད་རྟགས་གཅིག་མཚུངས་ཡོང་མིན་ཤེས་དཀའ་བས་མི་མང་རྣམས་ནས་ཐུགས་གཟབ་གནང་གལ་ཡིན་པར་གསུངས་ཡོད།

འབྲེལ་ཡོད་གསར་གནས།

གསར་གནས།