Tibetan Royal Year of 2151 | Year of the Wood Dragon

འབྲས་ནད་བརྟག་དཔྱད་བརྒྱུད་རྒྱལ་སྤྱིའི་འབྲས་ནད་ཉིན་མོ་སྲུང་བརྩི།

Tibetan News Headlines

  • EU-China relations and significance of Xi Jinping’s Europe visit: Discussion

རེས་གཟའ་པ་སངས། ༢༠༢༤།༠༥།༡༡

  • ཞི་ཅིན་ཕིང་གི་ཐེངས་འདིའི་ཡོ་རོབ་སྐོར་བསྐྱོད་ཀྱི་གནད་འགག་དང་། རྒྱ་ནག་དང་ཡོ་རོབ་དབར་གྱི་འབྲེལ་ལམ་སྐོར་གླེང་མོལ་གྱི་ལས་རིམ།

དེ་རིང་ཕྱི་ཟླ་ ༢ ཚེས་ ༤ སྟེ། རྒྱལ་སྤྱིའི་འབྲས་ནད་ཉིན་མོ་དང་བསྟུན། བོད་ཀྱི་འབྲས་ནད་ཚོགས་པའི་གོ་སྒྲིག་འོག་རྒྱ་གར་གྱི་སྨན་ཁང་གསུམ་དང་མཉམ་ལས་ཀྱིས་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཁ་སང་དང་དེ་རིང་བཅས་ཉིན་གྲངས་གཉིས་རིང་འབྲས་ནད་དང་འབྲེལ་བའི་རིན་མེད་སྨན་བཅོས་ལྟ་སྐྱོང་ལས་གཞི་སྤེལ་བཞིན་ཡོད་པ་དང་། ལྷག་པར་དེ་རིང་གོ་རྟོགས་ཀྱི་ལས་འགུལ་ལ་རྒྱབ་སྐྱོར་ཡོད་པའི་མཚན་རྟགས་བསྡུ་རུབ་ཀྱིས་གོ་རྟོགས་ལས་འགུལ་ཞིག་སྤེལ་སོང་།

རྩ་བའི་ཐེངས་འདིའི་རྒྱལ་སྤྱིའི་འབྲས་ནད་ཉིན་མོའི་འབོད་ཚིག་ནི། སྔ་ལོ་ལྟར་ Close the Care Gap ཞེས་འབྲས་ནད་ནད་པར་ལྟ་སྐྱོང་གི་གོ་སྐབས་འདྲ་མཉམ་མེད་པའི་དཀའ་ངལ་སེལ་ཆེད་ཞེས་པ་འདི་ཡིན་པ་དང་འབྲེལ། དམིགས་ཡུལ་ནི་སྤྱི་ཚོགས་དང་དཔལ་འབྱོར་གྱི་གནས་བབ་རྒྱབ་ལྗོངས་ཇི་འདྲ་ཡིན་མིན་ལ་མ་ལྟོས་པར། མི་སུ་འདྲ་ཞིག་ཡིན་རུང་། འབྲས་ནད་སྔོན་འགོག་དང་། དབྱེ་ཞིབ། བཅོས་ཐབས། ཛ་དྲག་ལྟ་སྐྱོང་བཅས་ཀྱི་གོ་སྐབས་འདྲ་མཉམ་ཡོང་ཐུབ་པར་བྱ་རྒྱུ་དེ་ཡིན་པ་རེད་འདུག

ཐེངས་འདིའི་ལས་གཞིའི་ནང་བོད་ཀྱི་འབྲས་ནད་ཚོགས་པ་དང་། Fortis Hospital Kangra སྨན་ཁང་། པཱ་ལམ་པུར་ Rotary Hospital Maranda སྨན་ཁང་། དེ་བཞིན་ལྡི་ལི་ Rajiv Gandhi Cancer Institute and Research Center བཅས་ནས་སྨན་པ་ ༡༧ ཙམ་དང་དེ་བཞིན་དང་བླངས་སྨན་ཞབས་བཅས་ཁྱོན་མི་གྲངས་ ༦༠ ཙམ་ཡོད་པ་མ་ཟད། སྨན་བཅོས་ལྟ་སྐྱོང་ཁྲོད། ཁྲག་ཤེད་དང་། ཟ་ཁུ་གཅིན་སྙི། ཟུངས་ཁྲག སྙིང་གི་གློག་པར། ནུ་མའི་འབྲད་ནད། བུ་སྣོད་དམ་མངལ་གྱི་འབྲས་ནད། ཁའི་འབྲས་ནད། ཕོ་བའི་འབྲས་ནད། (H-Pylori) མིག དྲི་ཆུའམ་ཆབ་གཅིན། བཤང་བ་སོགས་ཀྱི་བརྟག་དཔྱད་གནང་གི་ཡོད་པ་རེད།

དེ་རིང་ཞོགས་པ་ཕྱག་ཚོད་ ༡༠ པ་ཡོལ་ཙམ་ལ་ལོ་ལྟར་རྒྱལ་སྤྱིའི་འབྲས་ནད་ཉིན་མོར་མཚན་རྟགས་བསྡུ་རུབ་ཀྱི་ལས་གཞི་ཞིག་གོ་སྒྲིག་ཞུ་སྲོལ་ཡོད་པ་ལྟར། དེའི་ཐོག་བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་དང་། ༸སྐུའི་བླ་སྨན་པ་ས་འདུ་ཚང་ཚེ་བརྟན་རྡོ་རྗེ་ལགས། དེ་བཞིན་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་ཟུང་དྲུང་ཚེ་རིང་གཡུ་སྒྲོན་ལགས་གཙོས་པའི་མི་མང་བཅས་ནས་ལྷན་ཞུགས་གནང་ཡོད་པ་རེད།

འདི་ག་རླུང་འཕྲིན་ཁང་གིས་བོད་ཀྱི་འབྲས་ནད་ཚོགས་པའི་འགན་འཛིན་ཚུལ་ཁྲིམས་རྡོ་རྗེ་ལགས་སུ་བཀའ་འདྲི་ཞུས་སྐབས་ཁོང་གིས། ལས་གཞི་འདིའི་དམིགས་ཡུལ་གཙོ་བོ་ནི་འབྲས་ནད་ཐོག་གོ་རྟོགས་ཡོང་ཆེད་ཡིན་པ་དང་། ལྷག་པར་བོད་པའི་སྤྱི་ཚོགས་ནང་ཕོ་བའི་འབྲས་ནད་མང་པོ་ཡོད་སྟབས། དེ་འབྲེལ་སྔོན་འགོག་ཐུབ་ཐབས་ཙམ་མ་ཟད། འབྲས་ནད་བརྟག་དཔྱད་སླད་རྒྱང་ཐག་རིང་པོརའགྲོ་མ་དགོས་པར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བོད་མི་མང་པོ་ཆོས་མཇལ་སླད་དུ་ཕེབས་ཞོར་ལ་རིན་མེད་ཐོག་སྨན་བཅོས་ལྟ་སྐྱོང་གནང་གི་ཡོད་པ་སོགས་གསུངས་སོང་། ཞིབ་ཕྲ་གོང་གི་སྒྲ་སྒམ་ནས་གསན་ཐུབ།

གཞི་རྩའི་དེ་རིང་བོད་ཀྱི་འབྲས་ནད་ཚོགས་པའི་ལས་འཆར་དེ་ནི་སུད་སི་ནང་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་འབྲས་ནད་སྲུང་སྐྱོབ་མཐུན་ཚོགས་ཀྱི་འགོ་ཁྲིད་འོག་ནས་གནང་བ་ཞིག་ཡིན་པ་དང་། བོད་ཀྱི་འབྲས་ནད་ཚོགས་པ་ནི་ཕྱི་ལོ་ ༢༠༡༤ ལོར་བོད་ཀྱི་ཐེབས་རྩ་ཁང་གི་རོགས་དངུལ་གྱི་ཐོག་ནས་ཐོག་མར་གསར་འཛུགས་གནང་བ་ཞིག་ཆགས་ཀྱི་ཡོད།

འབྲེལ་ཡོད་གསར་གནས།

གསར་གནས།