Tibetan Royal Year of 2151 | Year of the Wood Dragon

འཛུགས་སྐྲུན་གྱི་གཡོ་ཇུས་འོག་བོད་ནང་དུ་ཆབ་སྲིད་ཀྱི་དམིགས་ཡུལ་སྒྲུབ་བཞིན་པ།

Tibetan News Headlines

  • Sikyong Penpa Tsering meets President Macron, gifts autographed photo of the Dalai Lama with French leader
  • Tibetans inside and outside Tibet mark Calligraphy Day
  • Derge protests put dams back on the agenda: Rights group calls for transparency of Dam construction plans in Tibet
  • Mexico legislators and friends of Tibet gather to strategize and reaffirm commitment to Tibet’s rights
  • Sarah College for Higher Tibetan Studies holds 23rd graduation ceremony

རེས་གཟའ་ལྷག་པ། ༢༠༢༤།༠༥།༠༡

  • སྲིད་སྐྱོང་མཆོག་གིས་ཕ་རན་སིའི་སྲིད་འཛིན་ལྷན་དུ་མཇལ་འཕྲད་གནང་འདུག
  • བོད་གཞིས་བྱེས་གཉིས་སུ་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་ཉིན་མོ་སྲུང་བརྩི་ཟབ་རྒྱས་ཞུས་པ།
  • རྒྱ་གཞུང་གི་ཆུ་མཛོད་གསར་རྒྱག་གི་ལས་གཞི་ཐད་ཕྱི་གསལ་ནང་གསལ་དགོས་པའི་འབོད་སྐུལ།
  • Mexico ནང་དུ་མ་འོངས་བོད་དོན་རྒྱབ་སྐྱོར་གྱི་ལས་དོན་སྤེལ་ཕྱོགས་སྐོར་ཚོགས་འདུ་ཚོགས་པ།
  • རྡ་ས་རིགས་སློབ་མ་ལག་གཉིས་ཀྱི་སློབ་ཐོན་མཛད་སྒོ་ཚོགས་པ།

ཉེ་ཆར་རྒྱ་ནག་རྒྱལ་ས་པེ་ཅིང་དུ་ཚོགས་པའི་སྐབས་ ༡༩ པའི་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་འདུ་ཐེངས་ ༥ པའི་ཐོག ཕྱི་ལོ་ ༢༠༢༡ ནས་ ༢༠༢༥ བར་གྱི་ལོ་ལྔ་ཚན་གྱི་འཆར་གཞི་ཐེངས་ ༡༤ པ་དེ་གཏན་འབེབས་ཐོག་གྲོས་བསྡུར་བྱེད་བཞིན་ཡོད་པ་དང་བསྟུན། ཨ་རིའི་ནང་དུ་རྟེན་གཞི་བྱས་པའི་རྒྱལ་སྤྱི་བོད་དོན་ལས་འགུལ་ཁང་གིས་རྒྱ་ནག་གི་ལོ་ལྔ་ཚན་གྱི་འཆར་གཞི་ཐེངས་ ༡༣ པ་སྟེ། ཕྱི་ལོ་ ༢༠༡༦ ནས་ ༢༠༢༠ བར་གྱི་ལོ་ལྔ་ཚན་གྱི་འཆར་གཞི་ལག་བསྟར་ཐོག་ལ་དཔྱད་ཞིབ་གནང་བའི་སྙན་ཐོ་ཞིག་འདོན་སྤེལ་གནང་བའི་ནང་དུ། རྒྱ་ནག་གཞུང་གིས་འདས་པའི་ལོ་ལྔའི་ནང་དུ་བོད་ནང་འཛུགས་སྐྲུན་ཡར་རྒྱས་སོགས་ལ་ཁ་གཡར་ཏེ། ཏཱ་ལའི་ཁ་བྲལ་རུ་ཚོགས་ལ་གདོང་ལེན། དབུལ་ཐར་འཁྲེགས་གཏོར། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་བསྒྱུར་བ། བོད་མི་ཞིང་འབྲོག་མང་ཚོགས་གྲོང་ཁྱེར་ནང་དུ་གནས་སྤོར་སོགས་འཛུགས་སྐྲུན་ཡར་རྒྱས་སོགས་ལས་དམར་ཤོག་ཚོགས་པའི་ཆབ་སྲིད་ཀྱི་དམིགས་ཡུལ་ཤུགས་ཆེ་བ་བསྒྲུབས་ཡོད་པ་མངོན་གསལ་གནང་འདུགདེ་ཡང་ཉེ་ཆར་རྒྱལ་སྤྱི་བོད་དོན་ལས་འགུལ་ཁང་གི་དྲ་གནས་ཐོག་རྒྱ་ནག་གི་ལོ་ལྔ་ཚན་གྱི་འཆར་གཞི་ ༡༣ པའི་ཐོག་ལ་དཔྱད་ཞིབ་ཀྱི་སྙན་མཐོ་དེ་འདོན་སྤེལ་གནང་འདུག་པ་དང་། དེའི་ནང་དུ་དེ་སྔ་ ༢༠༡༦ ལོར་རྒྱ་ནག་དམར་ཤོག་ཚོགས་པའི་ལོ་ལྔ་ཚན་གྱི་འཆར་གཞི་ ༡༣ པ་དེ་ཐོག་མར་འདོན་སྤེལ་བྱས་པའི་ནང་དུ། བོད་ཀྱི་ནང་དུ་སྐྱེལ་འདྲེན་གྱི་རྒྱ་ལམ་འཛུགས་སྐྲུན་བྱ་རྒྱུ་དང་། གྲངས་ཉུང་མི་རིགས་ཀྱི་གནས་བབ་ཡར་རྒྱས་གཏང་རྒྱུ་དང་། བོད་ཀྱི་ས་མཚམས་ས་ཁུལ་སྐོར་དང་འབྲེལ། བོད་དེ་ལྷོ་ཨེ་ཤི་ཡ་ས་ཁུལ་ནང་དུ་ཚོང་འབྲེལ་གྱི་བརྒྱུད་ལམ་གཙོ་བོ་ཞིག་ཏུ་བསྒྱུར་རྒྱུ། དེ་བཞིན་རྒྱ་གཞུང་གི་དབྱེ་བའི་བོད་རང་སྐྱོང་ལྗོངས་ཟེར་བ་ཙམ་མ་ཟད། རྒྱ་གཞུང་གི་དབྱེས་བའི་བོད་ཀྱི་ཞིང་ཆེན་ས་ཁུལ་གཞན་ཁག་གི་ནང་དུའང་འཛུགས་སྐྲུན་ཡར་རྒྱས་ལ་རྒྱབ་སྐྱོར་ཤུགས་ཆེ་ཙམ་བྱེད་རྒྱུ། ལྷག་པར་དུ་མཚོ་སྔོན་ཞིང་ཆེན་གྱི་ཁོར་ཡུག་གནད་འགག་ལ་གཞིག་པའི་ཁོར་ཡུག་བདེ་འཇགས་དང་འབྲེལ་བའི་ལས་གཞི་སྤེལ་རྒྱུ་སོགས། འཆར་གཞི་ཐེངས་ ༡༣ པའི་ནང་དུ་དཔལ་འབྱོར་ཡར་རྒྱས་གཏོང་རྒྱུ་དེ་གཙོ་བོར་བཟུང་ཡོད་ཀྱང་། དོན་དངོས་ཐོག་བོད་ནང་འཆར་གཞི་ལག་བསྟར་ཁྲོད་རྒྱ་ནག་གཞུང་གི་ཆབ་སྲིད་ཀྱི་དམིགས་ཡུལ་སྒྲུབ་རྒྱུ་གཙོ་བོ་བཟུང་ཡོད་པ་མངོན་གསལ་གནང་འདུགདེ་ཡང་རྒྱ་གཞུང་གིས་༸གོང་ས་མཆོག་གི་སྐུའི་ཡང་སྲིད་གདམ་རྒྱུའི་བདག་དབང་རྩོད་རྒྱུར་དམིགས་པ་དང་འབྲེལ་ནས་བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་ཡང་སྲིད་འདེམས་ཕྱོགས་ཐོག་དམ་དྲག་བྱས་པ་དང་། ༸གོང་ས་མཆོག་ལ་དད་གུས་ཞུ་རྒྱུ་མེད་པ་དང་། དམར་ཤོག་ཚོགས་པར་ཡིད་ཆེས་དགོས་པའི་ལས་འགུལ་འོག་བོད་དང་བོད་མི་རིགས་ཀྱི་ངོ་བོར་ཉེན་ཁ་བཟོས་པ་དང་། དེ་བཞིན་འཐབ་ཕྱོགས་གཅིག་གྱུར་ལས་ཁུངས་ཀྱི་དབང་ཚད་ཤུགས་ཆེ་རུ་བཏང་སྟེ་དམར་ཤོག་ཚོགས་པའི་ཤུགས་རྐྱེན་ཆེ་རུ་གཏོང་ཐབས་བྱས་བ། དེ་བཞིན་བོད་པའི་དགོན་སྡེ་ཁག་གི་ནང་དུ། གྲྭ་བཙུན་རྣམས་ཀྱི་ཉིན་རེའི་བྱེད་སྒོ་དང་འགྲུལ་སྐྱོད་སོགས་གང་ཅིའི་ཐད་ནས་ལྟ་སྲུང་ནན་པོ་བྱས་པ་དང་། གྲྭ་བཙུན་རྣམས་ཀྱི་ཤེས་ཡོན་གྱི་གནས་ཚད་ལས་རྒྱལ་ཁབ་ལ་དགའ་ཞེན་བྱེད་ཕྱོགས་ཀྱི་ཐོག་ནས་དབྱེ་འབྱེད་བྱས་པ། དེ་བཞིན་ཕྱི་ལོ་ ༢༠༡༦ ལོར་གསེར་རྟ་བླ་རུང་སྒར་གྱི་གྲྭ་བཙུན་གྱི་གྲངས་འབོར་ཚད་འཛིན་དང་གྲྭ་ཤག་གཏོར་བཤིག་བཏང་བ། དེ་བཞིན་དགོན་སྡེའི་འཛིན་སྐྱོང་ནང་དུ་གུང་ཁྲན་ཏང་ཡོན་སྐོ་བཞག་བྱས་པ་སོགས་བརྒྱུད་ནས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་བོད་རྒྱུ་ནང་བསྟན་ཞིག་སྐྲུན་ཐབས་བྱས་པ། དེ་བཞིན་གཞི་རིམ་མང་ཚོགས་ཁྲོད་དམར་ཤོགས་ཚོགས་པའི་ལྟ་གྲུབ་སྐོར་ཟབ་སྦྱོང་སྤྲད་པ་དང་འཇིགས་སྐུལ་གྱི་གནད་དོན་གང་ཡང་མེད་པའི་བོད་ཀྱི་ས་ཁུལ་ནང་དུ། འཇིགས་སྐུལ་རིང་ལུགས་ལ་གདོང་ལེན་གྱི་ཁྲིམས་གཞི་བཟོས་པའི་འོག མང་ཚོགས་ནང་གཞུང་ལ་མི་དགའ་བའི་རྣམ་འགྱུར་ཕྲན་བུ་བསྟན་པར་རྒྱལ་ཁབ་ཁ་བྲལ་སོགས་ཀྱི་ཉེས་འཛུགས་འོག་འཛིན་བཟུང་བཙོན་འཇུག་བྱས་པ་སོགས་ཆབ་སྲིད་ཀྱི་དམིགས་ཡུལ་སྒྲུབ་ཐབས་ལ་ཤུགས་སྣོན་བྱས་ཡོད་པ་མངོན་གསལ་གནང་འདུག

མ་ཟད་འཆར་གཞི་ཐེངས་ ༡༣ པའི་ནང་དུ་ཁོར་ཡུག་སྲུང་སྐྱོབ་ལ་ཤུགས་སྣོན་རྒྱག་རྒྱུ་ཡིན་ཟེར་བའི་འོག བོད་ཀྱི་ས་ཁུལ་ཕོན་ཆེན་པོ་ཞིག་སྤྱི་གླིང་དུ་བསྒྱུར་རྒྱུ་ཡིན་སྐོར་སོགས་བརྗོད་ཡོད་པ་དེ་ལྟར་ཡང་། དོན་དངོས་སུ་ཁོར་ཡུག་སྲུང་སྐྱོབ་ཀྱི་མིང་བྱང་འོག བོད་ཀྱི་ཚོར་རྣོ་བའི་ཁོར་ཡུག་གནས་སྟངས་ལ་མ་ལྟོས་པར་བོད་ནང་ཆུ་མཛོད་གསར་རྒྱག་སོགས་ཀྱི་འཆར་གཞི་ལག་བསྟར་བྱས་བ། དེ་བཞིན་བོད་ཀྱི་ས་མཚམས་ས་ཁུལ་དང་འབྲེལ་བའི་ལས་འཆར་འོག བོད་ཀྱི་སྐྱིད་གྲོང་ས་ཁུལ་དེ་བཞིན་རྒྱ་གར་དང་བལ་ཡུལ་གཙོ་བོར་གྱུར་བའི་ལྷོ་ཨེ་ཤི་ཡའི་ས་ཁུལ་དུ་ཚོང་འབྲེལ་ཆེད་བེད་སྤྱོད་གཏོང་རྒྱུ་དང་། བལ་ཡུལ་ནང་དུ་རྒྱ་ནག་གི་ཤུགས་རྐྱེན་ཇེ་ཆར་གཏོང་རྒྱུ་བཅས་ལ་བེད་སྤྱོད་བཏང་ཡོད་པ་མངོན་གསལ་གནང་འདུགརྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་སྙན་ཐོ་འདོན་སྤེལ་དང་འབྲེལ། འདི་ལོ་བོད་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ ༧ འི་ཐོག་སྲིད་འཛིན་ཞི་ཅིན་ཕིང་གིས་བོད་ཐོག་དམ་དྲག་དང་བོད་ཀྲུང་གོ་ཅན་དུ་བསྒྱུར་རྒྱུའི་སྲིད་བྱུས་ལག་བསྟར་བྱེད་རྒྱུའི་རྣམ་པ་བསྟན་པ་ལུང་འདྲེན་དང་སྦྲགས། དེ་སྔ་བོད་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ ༦ པའི་གྲུབ་དོན་རྣམས་ལོ་ལྔ་ཚན་གྱི་འཆར་གཞི་ཐེངས་ ༡༣ པར་གཏན་འབེབས་ཀྱིས།  འདི་ལོ་ཚོགས་པའི་བོད་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ ༧ པའི་གྲུབ་དོན་རྣམས་ཀྱང་རྒྱ་ནག་གི་ལོ་ལྔ་ཚན་གྱི་འཆར་གཞི་ཐེངས་ ༡༤ པའི་རྨང་གཞི་ལྟ་བུ་ཆགས་ཉེན་ཡོད་པར་གསུངས་འདུག

རྩ་བའི་འདི་ལོའི་ཏོག་དབྱིབས་གཉན་རིམས་གྱི་གནད་དོན་དང་། ཨ་རྒྱ་གཉིས་ཀྱི་ཕྱི་འབྲེལ་ཇེ་སྡུག་ཏུ་ཕྱིན་པ། ལྷག་པར་དུ་དེ་སྔའི་འགྲོ་ལུགས་ལྟར་བྱས་ན། ཚོགས་འདུ་འདིའི་ཐོག་མ་འོངས་པར་ཞི་ཅིན་ཕིང་གི་རྗེས་འཇུག་སུ་ཡིན་མིན་གྱི་རྣམ་པ་ཐོན་སྲིད་པ་བཅས་ལ་གཞིགས་ཏེ། རྒྱ་ནག་དབྱེ་ཞིབ་པ་རྣམས་ཀྱིས་སྐབས་ ༡༩ པའི་རྒྱ་ནག་དམར་ཤོགས་ཚོགས་པའི་ཚོགས་འདུ་ཐེངས་ ༥ པ་དེར་དོ་སྣང་ཆེན་པོ་གནང་ཡོད་པ་དེ་ལྟར་ཡང་། ཐེངས་འདིའི་ཚོགས་འདུའི་ཐོག་མ་འོངས་པར་ཞི་ཅིན་ཕིང་གི་མཇུག་སྐྱོང་གི་སྐོར་ལ་གླེང་སློང་སོགས་གང་ཡང་བྱུང་མེད་སྟབས། ཁག་ཅིག་གིས་ཞི་ཅིན་ཕིང་གིས་མ་འོངས་པར་དབང་ཆ་མུ་མཐུད་འཛིན་རྒྱུ་ཡིན་པའི་རྐྱེན་གྱིས་རྗེས་འཇུག་མངོན་གསལ་གནང་མེད་པ་དང་། ཁག་ཅིག་གིས་ད་ལྟ་ནས་རྗེས་འཇུག་པ་གདམ་རྒྱུ་ཡིན་པ་བཅས་ཀྱི་ཚོད་དཔག་གནང་བཞིན་འདུག

འབྲེལ་ཡོད་གསར་གནས།

གསར་གནས།