Tibetan Royal Year of 2151 | Year of the Wood Dragon

བོད་མི་གནས་མཇལ་བ་རྣམས་ལྷ་སར་བསྐྱོད་རྒྱུ་དམ་བསྒྲགས་ཤུགས་ཆེ་བྱེད་བཞིན་པ།

Tibetan News Headlines

  • ༸གོང་ས་མཆོག་གིས་ཧིན་དྷུའི་བླ་ཆེན་དགོངས་པ་རྗོགས་པར་ཐུགས་གསོའི་གསུང་འཕྲིན་སྩལ་འདུག
  • མགོན་པོ་སྐྱིད་ལགས་ཀྱིས་ཉེན་རྟོག་པས་ཁོང་ལ་སྡུག་སྦྱོང་བཏང་བའི་སྐོར་ཁྲིམས་ཁང་ལ་ཞུ་གཏུག་བྱས་འདུག
  • དྭང་བླངས་དཔྱ་དངུལ་ལག་དེབ་ཆག་ཡང་དང་འབུལ་ཚེའི་དུས་བཀག་ཕར་འགྱང་གནང་སོང་།
  • ནང་སྲིད་ལས་ཁུངས་དང་སྦྲགས་ལྷན་ཁང་ཁག་གི་སྔོན་རྩིས་གཏན་འབེབས་དང་བགྲོ་གླེང་ལས་རིམ་གྲུབ་སོང་།
  • ཁྲིམས་ཞིབ་པའི་འོས་ཆོས་ལྡན་པའི་མི་འགྲོ་འཚོལ་རྒྱུ་ཁག་པོ་མ་གཏོགས་གཞན་དཀའ་ངལ་མེད་པ་གསུངས་སོང་།
  • དབྱིན་ཡུལ་གྱི་གྲོང་སྡེ་གཉིས་ལ་ Hikvision བརྙན་མིག་སྤྱོད་རྒྱུ་མཚམས་འཇོག་དགོས་པའི་ཞུ་སྐུལ་གནང་འདུག

Thursday 28/03/2024

  • Dalai Lama expresses ‘sadness’ and offers ‘condolences’ on the passing away of Swami Smaranananda Maharaj
  • Gonmo Kyi sues China’s police over ‘repressive censorship and vigilant supervision’
  • Parliament extends Chatrel exemption period by six months
  • House discusses budget allocation for DoH for the fiscal year 2024-25
  • MPs express concern over challenges in finding nominees for Justice Commissioners
  • Review into Harborough and Lutterworth CCTV cameras after concerns made by company with links to Chinese government Now

Tibetwatch འམ་བོད་གནས་ལྟ་ཞིབ་ཚོགས་པས་ཟླ་འདི་ཕྱི་ཚེས་ ༡༩ ཉིན་ཉེ་ལམ་བོད་ཁམས་ཕྱོགས་ནས་བཙན་བྱོལ་ལ་འབྱོར་བའི་བོད་མི་ཞིག་ལ་དམིགས་བསལ་བཅར་འདྲི་ཞུས་པའི་ཁྲོད། བོད་རང་སྐྱོང་ལྗོངས་ཟེར་བའི་ནང་ཕྱི་ཕྱོགས་ཀྱི་བོད་མི་རྣམས་བོད་ཀྱི་རྒྱལ་ས་ལྷ་སར་བསྐྱོད་རྒྱུར་དམ་བསྒྲགས་ཤུགས་ཆེ་བྱེད་བཞིན་ཡོད་པ་དང་། ཁོང་དང་ཁོང་གི་ཨ་མར་རྒྱ་གཞུང་གིས་དམ་བསྒྲགས་རྐྱེན་པས་ལྷ་སར་གནས་མཇལ་ལེགས་པོ་ཞིག་གནང་ཐུབ་མེད་པ་འགྲེལ་བརྗོད་གནང་འདུག

མཚན་མངོན་མེད་པའི་བོད་མི་དེ་ནི་བོད་ནང་རྒྱུན་དུ་མ་བྱན་གྱི་ཚོར་བ་སྐྱེལ་མཁན་ཞིག་དང་ད་ཆ་རང་ལོ་ ༢༠ ནང་ཡིན་འདུག་པ་མ་ཟད། དེ་སྔོན་ཁ་པར་ནང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་ཉར་འཇོག་བྱས་རྐྱེན་རྒྱ་ནག་གིས་དོ་དམ་འོག་མནར་གཅོད་མྱངས་ཡོད་པ་རེད་འདུག

ཁོང་གིས་གསུང་དོན་ལྟར་ན། ཕྱི་ལོ་ ༢༠༢༡ ལོར་ཁོང་གིས་ཨ་མ་ལགས་ཁྲིད་ནས་ལྷ་སར་མཆོད་མཇལ་ཆེད་བསྐྱོད་སྐབས་རྒྱ་གཞུང་གིས་དམ་དྲག་ཆེ་རྐྱེན་མཆོད་མཇལ་དེ་ཉིད་ལེགས་པོ་ཞིག་བྱུང་མེད་པ་འགྲེལ་བརྗོད་གནང་འདུག དེ་བཞིན་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་ཕྱི་ཕྱོགས་ཀྱི་བོད་མི་རྣམས་ལྷ་སར་བསྐྱོད་སྐབས་རང་ཉིད་ཀྱི་ངོ་སྤྲོད་ཕྱག་འཁྱེར་དང་རྒྱ་གཞུང་གི་བཀའ་འཁྲོལ་ཡིག་ཆའི་ཐོག་ལྷ་སར་གཏན་སྡོད་ནས་འགན་ལན་གནང་དགོས་པ་སོགས་སྔར་ལྷག་དམ་བསྒྲགས་ཆེས་ཆེར་བྱེད་བཞིན་ཡོད་སྐོར་གསུངས་པ་དང་འབྲེལ། ད་དུང་རྒྱ་རིགས་ཡུལ་སྐོར་སྤྲོ་འཆམ་པ་རྣམས་ལ་ལྷ་སར་བསྐྱོད་རྒྱུར་དམ་བསྒྲགས་རྩ་བ་ནས་མེད་པ་མ་ཟད། བོད་མི་གནས་མཇལ་བ་རྣམས་ལ་དེ་ལྟ་བུའི་དམ་བསྒྲགས་བྱ་དགོས་དོན་གང་ཡིན་ཞེས་སྐྱོན་བརྗོད་ནན་པོ་གནང་འདུག

སྤྱིར་རྒྱ་ནག་གི་སྤྱི་ཚོགས་དྲ་ལམ་ཐོག་དེང་སྐབས་བརྙན་ཐུང་ཞིག་བརྒྱུད་སྤེལ་བྱེད་བཞིན་པ་དེའི་ནང་དུའང། བོད་པའི་བེུད་ཅིག་གིས་རྒྱ་སྐད་ཐོག་བོད་མི་རྣམས་ལྷ་སར་བསྐྱོད་རྒྱུར་དམ་བསྒྲགས་བྱེད་བཞིན་པའི་གནད་དོན་གསལ་འདོན་དང་འབྲེལ། བོད་མི་རྣམས་ལ་དེ་ལྟ་བུའི་མི་རིགས་དབྱེ་འབྱེད་བྱ་དགོས་དོན་གང་ཡིན་ཞེས་སྐྱོན་བརྗོད་གནང་བ་མངོན་རྒྱུ་འདུག

བོད་གནས་ལྟ་ཞིབ་ཚོགས་པས་བཅར་འདྲི་ཞུས་སའི་བོད་པའི་ན་གཞོན་དེས་ད་དུང་། ལྷ་སའི་བར་སྐོར་ཀྱི་ལམ་ཟུར་ཡོད་ཚད་ནང་རྒྱ་གཞུང་གིས་སོ་ལྟའི་བརྙན་མིག་ཆེད་འཛུགས་བརྒྱུད་བོད་མིར་ལྟ་སྲུང་ནན་པོ་བྱེད་ཀྱི་ཡོད་པ་དང་། བར་སྐོར་ཡོངས་རྫོགས་རྒྱ་ཡི་ཉེན་རྟོག་པ་དང་དམག་མི་འབོར་ཆེན་འགྲེམས་འཇོག་གིས་བོད་མི་ཁོ་ནར་དམ་བསྒྲགས་བྱེད་བཞིན་ཡོད་པ་སོགས་དྲག་པོའི་ཁོར་ཡུག་དེ་ཉིད་གསལ་འདོན་གནང་འདུག

མ་ཟད་རྒྱ་གཞུང་གིས་ཕྱི་ལོ་ ༢༠༡༨ ནས་བོད་བརྒྱུད་ནང་བསྟན་ཐོག་དམ་བསྒྲགས་དང་དྲག་གནོན་ཇེ་ཤུགས་ཆེ་རུ་བཏང་ཡོད་པ་འཐེར་བཏོན་དང་སྦྲགས།  བོད་མི་རྣམས་དགོན་སྡེ་ཁག་ཏུ་མཆོད་མཇལ་བཀག་སྡོམ་སོགས་ཆོས་ཕྱོགས་ཀྱི་གནང་སྒོ་ཁག་ལ་ངལ་བ་ཆེན་པོ་འཕྲད་བཞིན་ཡོད་པ་དང་། མཐའ་ན་ལོ་གསར་སྲུང་བརྩི་དང་རང་ཉིད་ཀྱི་ཕ་མ་སྤུན་མཆེད་ཀྱི་འདས་མཆོད་ཚོགས་སྒྲུབ་སོགས་ཆོས་ཕྱོགས་ཀྱི་གནང་སྒོ་ཁག་ལ་ཐོག་མར་རྫོང་ཉེན་རྟོག་ལས་ཁུངས་དང་སྤྱི་བདེ་ལས་ཁང་གི་བཀའ་ཁྲོལ་དགོས་པའི་བཙན་བཀའ་གཏོང་གི་ཡོད་སྐོར་འགྲེལ་བརྗོད་གནང་འདུག

ལྷག་དོན་ཁོང་གི་གྲོང་གསེབ་ལྟ་བུ་མཚོན་ན། ས་གནས་རྒྱ་གཞུང་གིས་ཏོག་དབྱིབས་གཉན་རིམ་དང་། མང་ཚོགས་ཀྱི་བདེ་འཇགས་སྲུང་སྐྱོབ། དེ་བཞིན་ལོ་ན་མ་སོན་པ་རྣམས་ཆོས་ཕྱོགས་ཀྱི་བྱེད་སྒོར་མཉམ་ཞུགས་མི་ཆོག་པ་སོགས་བཤད་དེ། འདས་པའི་ཕྱི་ལོ་ ༢༠༢༠ ནས་ ༢༠༢༢ བར་ལོ་རེའི་ཆོས་ཕྱོགས་ཀྱི་ལས་དོན་ཁག་ཅིག་རྩ་བ་ནས་གོ་སྒྲིག་གནང་ཐུབ་མེད་པ་གསུངས་འདུག

དེ་བཞིན་དེ་སྔ་ཕྱི་ལོ་ ༢༠༢༢ ལོར་རང་ཉིད་ཀྱི་གྲོང་གསེབ་ཀྱི་རི་འགོར་ལྷ་གསོལ་བསང་མཆོད་གྲུབ་རྐྱེན་རྒྱ་གཞུང་གིས་ཉིན་གྲངས་ ༤༠ རིང་ཁོང་དོ་དམ་བཀག་ཉར་དང་འབྲེལ། མི་སྤྱོད་ལས་འདས་པའི་གཅར་རྡུང་ཚད་མེད་བཏང་རྐྱེན་སྨན་ཁང་ནང་ཉིན་བཅུ་ལྷག་གི་རིང་སྨན་བཅོས་བྱ་དགོས་བྱུང་སྐོར་འགྲེལ་བརྗོད་གནང་བ་མ་ཟད། རྗེས་སུ་ཡང་བསྐྱར་ཁ་པར་ནང་༸གོང་ས་མཆོག་གི་༸སྐུ་པར་ཉར་འཇོག་གནང་རྐྱེན་རྒྱ་ཡི་ཉེན་རྟོག་པས་སླར་ཡང་ཁོང་ཉིན་གྲངས་གསུམ་རིང་དོ་དམ་བྱས་ཏེ་གཅར་རྡུང་ཚད་མེད་བཏང་ཡོད་སྐོར་གསུངས་འདུག

འབྲེལ་ཡོད་གསར་གནས།

གསར་གནས།