Tibetan Royal Year of 2151 | Year of the Wood Dragon

རྒྱ་གཞུང་གི་ལྟ་སྤྱོད་དང་མཐུན་པའི་རྒྱལ་ཚོགས་ཀྱི་སྐུ་ཚབ་བོད་ནང་མགྲོན་འབོད་བྱས་པ་ནི་འཁྲབ་སྟོན་འབའ་ཞིག་རེད།   

Tibetan News Headlines

  • In conversation with 3 former bodyguards of the Dalai Lama

རེས་གཟའ་ཉི་མ། ༢༠༢༤།༠༦།༡༦

  • ༸གོང་ས་མཆོག་གི་༸སྐུའི་སྲུང་བྱའི་ཐོག་ཞབས་ཞུ་བསྒྲུབས་མྱོང་མཁན་སྐུ་སྲུང་ཟུར་པ་གསུམ་དང་གླེང་མོལ།

ཉེ་ལམ་རྒྱ་ནག་གཞུང་གིས་རང་ཉིད་དང་འབྲེལ་བ་ཡག་པོ་ཡོད་མཁན་རྒྱ་ཚོགས་ཀྱི་སྐུ་ཚབ་མི་སྣ་ཁག་ཅིག་བོད་དུ་ལྟ་སྐོར་ཆེད་མགྲོན་འབོད་བྱས་པ་དེ་ནི་རྒྱ་ནག་གཞུང་གིས་བོད་ནང་གི་དངོས་ཡོད་སྟངས་སྦས་གསང་དང་། འཚོགས་ལ་ཉེ་བའི་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་རྒྱ་ནག་དང་འབྲེལ་བའི་བསྐྱར་ཞིབ་ཀྱི་ལས་རིམ་ལ་གདོང་ལེན་བྱ་རྒྱུ་སོགས་ཀྱི་འཁྲབ་སྟོན་ཁོ་ན་ཡིན་པར་གསུངས་སོང་།

ཕྱི་ཟླ་ ༨ ཚེས་ ༢༨ ནས་ ༣༠ བར་རྒྱ་ནག་གཞུང་གིས་མགྲོན་འབོད་ཐོག་རྒྱལ་ཚོགས་ཀྱི་སྐུ་ཚབ་མི་སྣ་ཁག་ཅིག་བོད་དུ་ལྟ་སྐོར་ལ་བསྐྱོད་ཡོད་པ་ལྟར་སྐུ་ཚབ་ཚོགས་ཆུང་དེའི་ཁོངས་སུ་གང་ཟག་སུ་དང་སུ་ཡོད་པ་སོགས་རྒྱ་ནག་གི་གཞུང་འབྲེལ་བརྒྱུད་ལམ་ཁག་ཏུ་གསལ་ཁ་གང་ཡང་བྱས་མེད་ཀྱང་། Reuters གསར་ཁང་གིས་གནས་ཚུལ་སྤེལ་བའི་ནང་བོད་ནང་ཕེབས་པའི་རྒྱལ་ཚོགས་ཀྱི་སྐུ་ཚབ་མི་སྣའི་ཁོངས་སུ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་མིའི་ཁོངས་སུ་ཡོད་པ་ Cuba དང་ Venezuela Nicaragua Belarus དེ་བཞིན་པ་ཀིས་ཐན་བཅས་ཀྱི་སྐུ་ཚབ་མི་སྣ་ཡོད་པ་དང་། རྒྱལ་ཚོགས་སུ་ཡོད་པའི་རྒྱ་གཞུང་གི་སྐུ་ཚབ་ Chen Xu ཟེར་བས་སྐུ་ཚབ་རྣམས་བོད་དུ་བསྐྱོད་སྐབས་བོད་ནང་གི་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ངོ་མ་ཤེས་རྟོགས་ཐུབ་ཀྱི་རེད་ཅེས་སོགས་གཏམ་བཤད་བྱས་པར་མ་ཟད། ཁོང་རྣམས་ལ་ཕུལ་བའི་མགྲོན་ཤོག་ནང་ Tibet འམ་བོད་ཅེས་པའི་མིང་སྤྱོད་མེད་པ་དང་དེའི་ཚབ་ཏུ་ XiZang ཞེས་རྒྱ་ནག་གི་ཐ་སྙད་སྤྱོད་ཡོད་པ་གསལ་འདུག

གཞི་རྩའི་ཉེ་བའི་ལོ་ཟླའི་ནང་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ལྷན་ཚོགས་ཁག་ཏུ་ཆེས་མཐོའི་སྐུ་ཚབ་རྣམས་ནས་རྒྱ་ནག་སྤྱི་དང་ལྷག་པར་བོད་ནང་གི་སྐད་ཡིག་དང་རིག་གཞུང་གི་ཐོབ་ཐང་གཙོས་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་བློ་འཚབ་ཀྱི་རྣམ་པ་མངོན་གསལ་དང་སྦྲགས་རྒྱ་གཞུང་གི་ངོ་ཚབ་མི་སྣར་འདྲི་རྩད་ནན་པོ་བྱས་པའི་གནས་སྟངས་བྱུང་ཡོད་པར་མ་ཟད། བོད་མིའི་སྒྲིག་འཛུགས་དང་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་ཚོགས་པ་ཁག་གིས་རང་དབང་ལྡན་པའི་རྒྱལ་ཚོགས་ཀྱི་སྐུ་ཚབ་མི་སྣ་བོད་ནང་གི་དངོས་ཡོད་གནས་སྟངས་ལ་རྟོག་ཞིབ་གནང་ཆེད་ཕེབས་དགོས་པའི་ཞུ་སྐུལ་སོགས་གནང་ཡོད། 

རྒྱལ་ཚོགས་ཀྱི་སྐུ་ཚབ་ཁག་ཅིག་རྒྱ་གཞུང་གི་མགྲོན་འབོད་ཐོག་བོད་ནང་ཕྱིན་པའི་གནས་ཚུལ་དང་འབྲེལ་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་འགྲོ་བ་མའི་ཐོབ་ཐང་ཚན་པའི་འགན་འཛིན་འབྲུག་བསྟན་སྐྱིད་ལགས་སུ་བཅར་འདྲི་ཞུས་པར་ཁོང་གིས་ད་རེས་བོད་ནང་བསྐྱོད་མཁན་གྱི་སྐུ་ཚབ་མི་སྣ་རྣམས་དུས་རྒྱུན་ནས་རྒྱ་ནག་གཞུང་ལ་རྒྱབ་སྐྱོར་བྱེད་མཁན་ཆགས་ཡོད་སྟབས་ལྟ་སྐོར་གྱི་མཇུག་དེར་རྒྱ་ནག་ལ་བསྟོད་བསྔགས་བྱ་རྒྱུ་ཙམ་ལས་དོན་དམ་པའི་བོད་ནང་གི་གནས་སྟངས་ཤེས་རྟོགས་ཐུབ་རྒྱུར་ཕན་ཐོགས་གང་ཡང་མེད་པ་སོགས་འགྲེལ་བརྗོད་དང་ཆབས་ཅིག ཕྱི་ལོ་ ༢༠༢༤ ལོའི་འགོ་སྟོད་དུ་རྒྱ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐོག་རྒྱ་ནག་སྤྱི་དང་སྒོས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་བསྐྱར་ཞིབ་ཀྱི་ལས་རིམ་ཞིག་ཚོགས་ཀྱི་ཡོད་པ་དེར་གདོང་ལེན་བྱ་ཕྱིར་རྒྱ་གཞུང་གིས་འཁྲབ་སྟོན་འབའ་ཞིག་བྱས་པ་རེད་ཅེས་གསུངས་སོང་། 

དེ་བཞིན་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འཛིན་སྐྱོང་འགན་འཛིན་བསྟན་འཛིན་ཟླ་བ་ལགས་ཀྱིས་རྒྱ་གཞུང་གིས་བོད་དུ་རྒྱ་ཚོགས་ཀྱི་སྐུ་ཚབ་ཁག་ཅིག་མགྲོན་འབོད་བྱས་པ་དེ་ནི་རྒྱལ་སྤྱིའི་ཐོག་བོད་དང་རྒྱ་ནག་རྒྱལ་ནང་གི་འགྲོ་བ་མིའི་ཐོབ་ཐང་སྐོར་གླེང་སློང་གནང་མཁན་རྣམས་ཀྱི་ཞལ་བཀག་ཐབས་དང་། འཚོགས་ལ་ཉེ་བའི་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་རྒྱ་ནག་དང་འབྲེལ་བའི་བསྐྱར་ཞིབ་ཀྱི་ལས་རིམ་ལ་རྒྱབ་སྐྱོར་རག་ཐབས་ཤིག་ཡིན་པ་སོགས་འགྲེལ་བརྗོད་དང་སྦྲགས། བོད་ནང་གི་དངོས་ཡོད་གནས་སྟངས་མངོན་གསལ་གནང་འདོད་ཡོད་ཚེ་རྒྱལ་ཚོགས་ཀྱི་དམིགས་བསལ་རྟོག་ཞིབ་ཚོགས་ཆུང་ཞིག་མགྲོན་འབོད་ཞུ་དགོས་ཞེས་གསུངས་སོང་།  

རྒྱ་གཞུང་གིས་གདན་ཞུ་ཕུལ་བའི་རྒྱལ་ཚོགས་ཀྱི་སྐུ་ཚབ་རྣམས་ནས་རྒྱ་ནག་ཕྱི་སྲིད་བློན་ཆེན་པ་ Ma Zhaoxu དང་ཐུག་འཕྲད་བྱས་འདུག ཁོང་རྣམས་བོད་ཀྱི་སློབ་གྲྭ་དང་དགོན་སྡེ། དེ་བཞིན་རིག་གཞུང་གི་ལྟེ་གནས་སོགས་སུ་ལྟ་སྐོར་བྱས་པའི་པར་རིས་ཁག་སྤྱི་ཚོགས་དྲ་ལམ་དུ་ཁྱབ་སྤེལ་འགྲོ་བ་དང་སྦྲགས་རྒྱ་གཞུང་གི་བྱེད་སྟངས་ལ་བསྟོད་བསྔགས་ཀྱི་མཆན་སྣ་ཚོགས་འགོད་བཞིན་འདུག པར་ཁག་སྤྱི་ཚོགས་དྲ་རྒྱ་ལས་བཏུས།

འབྲེལ་ཡོད་གསར་གནས།

Sunday 16/06/2024

Saturday 15/06/2024

Friday 14/06/2024

གསར་གནས།