Tibetan Royal Year of 2151 | Year of the Wood Dragon

G20 ལྷན་ཚོགས་ཐོག་ཞི་ཅིན་ཕིང་གི་ཚབ་ཏུ་སྲིད་བློན་ Li Qiang མཉམ་ཞུགས་བྱེད་ཀྱི་ཡོད་པ་རེད།   

Tibetan News Headlines

  • New report highlights risks to Tibet and Asia of rampant construction
  • China announces sanctions on U.S. defence firms
  • US lawmakers request Chinese doping Investigation ahead of Paris Olympics
  • CTA hosts exhibition on biography of self manifested Jowo Wati Sangpo
  • Introduction to Saga Dawa

རེས་གཟའ་ཕུར་བུ། ༢༠༢༤།༠༥།༢༣

  • རྒྱ་གཞུང་གི་ཆུ་མཛོད་ལས་གཞི་བོད་ཙམ་མ་ཟད་ཨེ་ཤེ་ཡ་སྤྱིའི་ཁོར་ཡུག་ལ་དོ་ཕོག་ཤུགས་ཆེ་གཏོང་གི་ཡོད་པ་མངོན་གསལ།
  • རྒྱ་གཞུང་གིས་སླར་ཡང་ཨ་རིའི་ཚོང་ལས་ཁང་དང་གཙོ་འཛིན་ཁག་གཅིག་ལ་སྲིད་དོན་ཉེས་ཆད་བཀལ་འདུག
  • ཡོང་རྒྱུའི་རྒྱལ་སྤྱིའི་དབྱར་དུས་ཨོ་ལོམ་པིག་རྩེད་འགྲན་ནང་རྒྱ་ནག་གིས་རྩེད་འགྲན་པར་རྟོག་ཞིབ་བྱ་དགོས་པ་གསུངས་འདུག
  • རང་བྱོན་འཕགས་མཆོག་ཝ་ཏི་བཟང་པོའི་རྣམ་ཐར་སྐོར་དུས་ཐུང་འགྲེམས་སྟོན་དབུ་འབྱེད།
  • ས་ག་ཟླ་བའི་དུ་ཆེན་ངོ་སྤྲོད།

རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་རིང་མིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་འཚོགས་རྒྱུའི་ G20 ཞེས་འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་ཉི་ཤུའི་དབུ་ཁྲིད་རྣམ་པའི་ཚོགས་ཆེན་ཐོག་མཉམ་ཞུགས་བྱེད་ཀྱི་མེད་པར་ཚོད་དཔག་གནང་བཞིན་པའི་ཁྲོད། དེ་རིང་རྒྱ་གཞུང་གིས་ཡུལ་དེའི་སྲིད་བློན་ Li Qiang རྒྱལ་ས་ལྡི་ལིར་འཚོགས་གཏན་ཁེལ་བའི་ G20 ལྷན་ཚོགས་ཐོག་མཉམ་ཞུགས་བྱ་ཕྱིར་བསྐྱོད་རྒྱུ་ཡིན་པར་བཀོད་འདུག

རྒྱ་གར་གཞུང་གིས་ཕྱི་ལོ་ ༢༠༢༣ ལོ་འཁོར་མོར་ G20 ལྷན་ཚོགས་ཀྱི་ཚོགས་གཙོའི་ཐུགས་འགན་བཞེས་རིང་ལ་རྒྱ་གར་གྱི་མངའ་སྡེ་ཁག་ཅིག་ཏུ་བརྗོད་གཞི་འདྲ་མིན་ཐོག་ G20 དང་འབྲེལ་བའི་ཚོགས་འདུ་རིམ་པ་འཚོགས་བཞིན་ཡོད་པ་ལྟར། ཟླ་ ༩ ཚེས་ ༩ དང་ ༡༠ བཅས་ཉིན་གྲངས་གཉིས་རིང་རྒྱ་གར་གཞུང་གིས་མགྲོན་བདག་གནང་ཐོག་རྒྱལ་ས་ལྡི་ལི་གསར་པའི་ནང་སྟོབས་ཆེན་རྒྱལ་ཁབ་ཉི་ཤུའི་ཚོགས་ཆེན་ཚོགས་ཀྱི་ཡོད་པ་དང་ཚོགས་འདུ་ཐོག་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གི་ཚབ་ཏུ་སྲིད་བློན་ Li Qiang མཉམ་ཞུགས་བྱེད་ཀྱི་ཡོད་པ་རེད།

རྒྱ་ནག་གཞུང་གི་ངོས་ནས་སྲིད་འཛིན་ཞི་ཅིན་ཕིང་ཐེངས་འདིའི་ G20 ལྷན་ཚོགས་ཐོག་མཉམ་ཞུགས་བྱེད་ཀྱི་མེད་པའི་རྒྱུ་མཚན་གང་ཡང་ཁ་གསལ་བྱས་མེད་པ་དང་། ཨིན་ཌོ་ནེ་ཤ་ཡའི་རྒྱལ་ས་ Jakarta ནང་འཚོགས་རྒྱུའི་ཤར་དང་ལྷོ་ཨེ་ཤ་ཡའི་འགོ་ཁྲིད་རྣམ་པའི་ལྷན་ཚོགས་ཐོག་ལའང་མཉམ་ཞུགས་བྱེད་ཀྱི་མེད་པར་བཤད་འདུག

ད་རེས་ G20 ལྷན་ཚོགས་ཐོག་སྲིད་འཛིན་ཞི་ཅིན་ཕིང་གཙོས་ཨུ་རུ་སུའི་སྲིད་འཛིན་ Vladimir Putin ཡང་མཉམ་ཞུགས་བྱེད་ཀྱི་མེད་སྟབས་ཁོ་པའི་ཚབ་ཏུ་ཕྱི་སྲིད་བློན་ཆེན་མཉམ་ཞུགས་བྱ་རྒྱུ་ཡིན་པར་ཐག་ཆོད་བྱུང་ཡོད་སྐོར་རྒྱ་གར་གྱི་སྲིད་བློན་ Narendra Modi མཆོག་ལ་སྙན་སེང་ཞུས་ཟིན་འདུག་པ་དང་། རྒྱལ་ཁབ་ཁག་ཅིག་གི་དབུ་ཁྲིད་རྣམས་ G20 ཚོགས་ཆེན་ཐོག་མཉམ་ཞུགས་བྱ་མི་སྲིད་པར་ཚོད་དཔག་གནང་བཞིན་ཡོད་ཀྱང་། ཚོགས་འདུ་གོ་སྒྲིག་གནང་མཁན་རྒྱ་གར་ལ་དམིགས་བསལ་ཁྱད་པར་གང་ཡང་འགྲོ་ཡི་མེད་པར་གསལ་འདུག

རྒྱལ་ས་ལྡི་ལིར་འཚོགས་རྒྱུའི་འཛམ་གླིང་གི་འབྱོར་ལྡན་རྒྱལ་ཁབ་ཉི་ཤུའི་ཚོགས་ཆེན་ཐོག་ཨ་རིའི་སྲིད་འཛིན་སྐུ་ཞབས་ Joe Biden མཆོག་དང་ཁེ་ན་ཌའི་སྲིད་བློན་ Justin Trudeau མཆོག དབྱིན་ཡུལ་གྱི་སྲིད་བློན་ Rishi Sunak མཆོག་སོགས་རྒྱལ་ཁབ་ ༤༠ ནས་དབུ་ཁྲིད་དང་སྐུ་ཚབ་མི་སྣ་མང་དག་ཅིག་ཆེད་ཕེབས་ཀྱི་ཡོད་པ་དང་། ཨ་རིའི་སྲིད་འཛིན་ Joe Biden མཆོག་གིས་ཞི་ཅིན་ཕིང་ལྡི་ལི་ནང་གི་ G20 ལྷན་ཚོགས་ཐོག་མཉམ་ཞུགས་བྱེད་ཀྱི་མེད་པར་མི་འདོད་པའི་རྣམ་པ་མངོན་གསལ་གནང་ཡོད།

གཞི་རྩའི་འདི་ལོའི་ཕྱི་ཟླ་ ༣ ནང་རྒྱ་གར་བྱང་ཤར་མངའ་སྡེ་ཨ་རུ་ནཱ་ཅལ་གྱི་རྒྱལ་ས་ Itanagar དང་ཕྱི་ཟླ་ ༥ ནང་ཇ་མུ་དང་ཀ་ཤེ་མིར་གྱི་མངའ་ཁུལ་ནང་གོ་སྒྲིག་ཞུས་པའི་རྒྱ་གར་གཞུང་གི་ G20 ལྷན་ཚོགས་གཉིས་ཀའི་ཐོག་རྒྱ་ནག་གི་ངོ་ཚབ་ནས་མཉམ་ཞུགས་བྱས་མེད་པ་རེད། པར་ཁག་སྤྱི་ཚོགས་དྲ་རྒྱ་ལས་བཏུས།

འབྲེལ་ཡོད་གསར་གནས།

གསར་གནས།