Tibetan Royal Year of 2151 | Year of the Wood Dragon

སྲིད་སྐྱོང་མཆོག་གི་བཞུགས་སྒར་དུ་ཉིན་གྲངས་བཞིའི་འཚམས་གཟིགས་དབུ་འཛུགས།

Tibetan News Headlines

  • India elections and Tibet : Discussion

རེས་གཟའ་ཉི་མ། ༢༠༢༤།༠༥།༡༩

  • རྒྱ་གར་གྱི་འོས་བསྡུ་ཆེན་མོའི་ཁ་ཕྱོགས་དང་བོད་ཀྱི་གནས་བབ་སྐོར་གླེང་མོལ།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་དེ་རིང་ཕྱི་ཟླ་ ༩ ཚེས་ ༤  ནས་ཚེས་ ༧  བར་བཞུགས་སྒར་དྷ་ས་ཁུལ་གྱི་དགེན་སྡེ་ཁག་དང་ཚོགས་སྡེ་ཁག་བཅས་སུ་གཞུང་འབྲེལ་འཚམས་གཟིགས་དབུ་འཛུགས་དང་འབྲེལ། དེ་རིང་འཚམས་གཟིགས་ཀྱི་ཐོག་མར་དྷ་སྟེང་བོད་ཁྱིམ་དང་བོད་ཀྱི་ཟློས་གར་ཚོགས་པ། དེ་བཞིན་དྷ་ས་རྒས་གསོ་ཁང་དུ་ཆེད་ཕེབས་ཀྱིས་གསུང་བཤད་གནང་ཡོད།

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་བོད་ཀྱི་ཟློས་གར་ཚོགས་པར་འཚམས་གཟིགས་གནང་སྐབས་གསར་འགོད་པས་ཐེངས་འདིའི་འཚམས་གཟིགས་དང་འབྲེལ་བཀའ་འདྲི་ཞུས་སྐབས་སྲིད་སྐྱོང་མཆོག་གིས་བཞུགས་སྒར་ཁུལ་གྱི་བོད་མིའི་འདུ་སྡོད་ཚོགས་སྐྱིད་ཁག་དང་དགོན་སྡེ་ཁག་ཏུ་གཞུང་འབྲེལ་འཚམས་གཟིགས་གནང་རྒྱུ་དེ་འདས་པའི་ལོ་ངོ་གཉིས་ནང་ལ་དྭགས་ནས་འཚམས་གཟིགས་ཆེས་ཐོག་མར་དབུ་འཛུགས་གནང་ནས་རྒྱལ་གར་ནང་གི་བོད་མིའི་འདུ་སྡོད་ས་གནས་ཁག་གཙོས་ཕྱི་རྒྱལ་ཡུལ་གྲུ་འཚམས་གཟིགས་ཐེངས་དང་པོ་གནང་བའི་ཁྲོད་ཀྱི་ཆེས་མཐའ་མའི་ས་ཚིགས་ཤིག་ཆགས་ཡོད་པ་དང་། གཞུང་འབྲེལ་འཚམས་གཟིགས་དེ་དག་གི་ཁྲོད་ནས་མི་མང་གི་དགོས་མཁོ་དང་དཀའ་ངལ་ཁག་དངོས་སུ་ཤེས་རྟོགས་ཐུབ་རྒྱུ་དང་། མང་ཚོགས་དང་བོད་མིའི་སྒྲིག་འཛུགས་དབར་གྱི་འབྲེལ་ལམ་དམ་ཟབ་གནང་རྒྱུ། མ་འོངས་ལས་གཞི་བཀོད་སྒྲིག་གནང་སྟངས་སོགས་ལ་ཕན་ཐོགས་ཆེན་པོ་ཡོད་སྐོར་གསུངས་པ་དང་འབྲེལ། འདི་ལོའི་ཕྱི་ཟླ་ ༡༢ ནས་བཙན་བྱོལ་བོད་མིའི་འདུ་སྡོད་ཁག་ཏུ་གཞུང་འབྲེལ་འཚམས་གཟིགས་ཐེངས་གཉིས་པ་དེ་གནང་འཆར་ཡོད་པར་གསུངས་སོང་། 

སྲིད་སྐྱོང་མཆོག་གི་ཐེངས་འདིའི་ཉིན་གྲངས་བཞིའི་བཞུགས་སྒར་ཁུལ་གྱི་འཚམས་གཟིགས་ཁྲོད་སང་ཉིན་མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ་དང་དྷ་ཤོད་བོད་ཁྱིམ། ཤེས་རབ་དགའ་ཚལ་སློབ་གླིང་བཅས་སུ་འཚམས་གཟིགས་གནང་རྒྱུ་དང་། དེ་བཞིན་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གཙོས་བཙུན་དགོན་སྒྲོལ་མ་གླིང་དང་འཆི་མེད་དགའ་ཚལ་གླིང། ཇོ་ནང་དགོན་པ། སྙིང་སྟོབས་གླིང་བཅས་སུ་འཚམས་གཟིགས་གནང་གི་ཡོད་པ་རེད།

དེ་བཞིན་ཕྱི་ཚེས་ ༦ ཉིན་གྷོ་པུར་བོད་ཁྱིམ་དང་ས་རཱ་མཐོ་སློབ། རྒྱུད་སྟོད་དགོན་པ་དང་ཅ་མུན་ཌ་ས་གནས་བོད་རིགས་ཚོང་པ་དང་མཇལ་འཕྲད་ཀྱི་འཚམས་གཟིགས་གནང་རྒྱུ་དང་། ཚེས་ ༧ ཉིན་གྱི་ཞོགས་པ་དབུས་སྨན་རྩིས་ཁང་དང་ཞྭ་ལུ་དགོན་པ། ཤུག་གསེབ་དགོན་པ། འཇམ་དབྱངས་ཆོས་གླིང་། ཀརྨ་སྒྲུབ་བརྒྱུད་དར་རྒྱས་གླིང་བཅས་སུ་འཚམས་གཟིགས་གནང་རྗེས་ཉིན་རྒྱབ་ཏུ་དྷ་ས་ས་གནས་མང་ཚོགས་གསུང་བཤད་གནང་གཏན་ཁེལ་ཡོད་པ་རེད།

རྩ་བའི་དེ་རིང་ཕྱི་ཟླ་ ༩ ཚེས་ ༤ སྟེ་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་གི་མཛད་ཁུར་དང་གསང་རྒྱའི་དམ་འབུལ་བཞེས་ཏེ་ལོ་གཉིས་དང་ཟླ་བ་གསུམ་ལྷག་འཁོར་གྱི་ཡོད་པ་དང་། སྲིད་སྐྱོང་མཆོག་གིས་དབུ་ཁྲིད་པའི་བཀའ་ཤག་སྐབས་ ༡༦ ནང་དུས་ད་ལྟའང་བློན་ཆེན་ཆ་ཚང་བ་ཞིག་བསྐོ་གཞག་གནང་མ་ཐུབ་པ་དེ་མུར་ལུས་ཡོད་པ་རེད། པར་ཁག་གི་བདག་དབང་བོད་མིའི་སྒྲིག་འཛུགས་ནོར་ཝེ་རླུང་འཕྲིན་ཁང་།

འབྲེལ་ཡོད་གསར་གནས།

Sunday 19/05/2024

Saturday 18/05/2024

Friday 17/05/2024

གསར་གནས།