Tibetan Royal Year of 2151 | Year of the Wood Dragon

རྒྱ་གཞུང་གིས་དམར་གསོད་བཏང་བའི་བོད་མིའི་གནད་དོན་ལ་ཞིབ་དཔྱོད་གནང་དགོས།

Tibetan News Headlines

  • US religious freedom watchdog warns of sinicization and assimilation of Tibetan religious and cultural identities
  • US sanctions 31 China-based companies over Russia
  • Xi Jinping to meet French President Macron and EU Chief in Paris next week
  • CTA begins house allocation programmes for Tibetans not facilitated in the refugee settlements
  • Dharamshala hosts conference on promotion and preservation of Tibetan language

རེས་གཟའ་ཕུར་བུ། ༢༠༢༤།༠༥།༠༢

  • རྒྱ་གཞུང་གིས་བོད་བརྒྱུད་ནང་བསྟན་ལ་དམ་དྲག་བྱེད་ཤུགས་ཆེ་རུ་བཏང་ཡོད་པ་མངོན་གསལ་གནང་འདུག
  • ཨ་རིའི་གཞུང་གིས་རྒྱ་ནག་གི་བཟོ་ཚོང་ལས་ཁང་ ༣༡ ལ་སྲིད་དོན་ཉེས་ཆད་བཀལ་བ།
  • ཞི་ཅིང་ཕིང་གིས་ཕ་རན་སིའི་སྲིད་འཛིན་དང་ཡོ་རོབ་མཐུན་ཚོགས་ཀྱི་གཙོ་འཛིན་ཐུག་འཕྲད་བྱ་འཆར།
  • བོད་མི་སྡོད་ཁང་མེད་པ་རྣམས་ལ་རུབ་སྡོད་གཞིས་སྒར་ནང་སྡོད་ཁང་བགོས་འགྲེམས་ཀྱི་ལས་གཞི་དངོས་སུ་དབུ་འཛུགས།
  • བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དང་དར་འཕེལ་སྐོར་བགྲོ་གླེང་དབུ་འཛུགས།

ཇི་ནི་ཝར་འཚོགས་བཞིན་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་འདུ་ཐོག་བོད་མིའི་སྐུ་ཚབ་ཀྱིས་རྒྱ་ནག་གཞུང་གི་མནར་གཅོད་འོག་འདས་གྲོངས་སུ་ཕྱིན་པའི་བོད་མི་དཀོན་མཆོག་སྦྱིན་པ་ལགས་དང་དགེ་འདུན་པ་བསྟན་འཛིན་ཉི་མ་ལགས་ཀྱི་གནད་དོན་ཐོག་རྒྱལ་ཚོགས་ཀྱིས་ཞིབ་འཇུག་མཐིལ་ཕྱིན་པ་ཞིག་གནང་དགོས་ཞེས་གསུངས་འདུགསྐབས་དེའི་རྒྱལ་ཚོགས་ཀྱི་མནར་གཅོད་འགོག་ཐབས་དང་འབྲེལ་བའི་ཚོགས་འདུ་ཐོག་སུད་སི་སྐུ་ཚབ་དོན་གཅོད་ཁང་གི་འབྲེལ་ཡོད་ལས་བྱེད་འཕྲིན་ལས་ཆོས་སྐྱིད་ལགས་ཀྱིས་ Society for threaten People ཞེས་པའི་གཞུང་འབྲེལ་མིན་པའི་ཚོགས་པའི་མིང་ཐོག་ནས་རྒྱལ་ཚོགས་ལ་ཉེ་སྔོན་བོད་ནང་རྒྱ་གཞུང་གིས་མནར་གཅོད་འོག་འདས་གྲོངས་སུ་ཕྱིན་པའི་བོད་མི་དཀོན་མཆོག་སྦྱིན་པ་ལགས་དང་དགེ་འདུན་པ་བསྟན་འཛིན་ཉི་མ་ལགས་ཀྱི་གནད་དོན་སྔ་རྗེས་སུ་ཇི་ལྟར་བྱུང་ཚུལ་དང་བཅས་པ་རྒྱལ་ཚོགས་ཀྱི་ཚོགས་འདུར་སྙན་སེང་ཞུས་པ་དང་འབྲེལ། རྒྱ་གཞུང་གིས་བོད་མིའི་ཐོག་གདུག་རྩུབ་ཀྱི་མནར་གཅོད་གཏོང་བཞིན་པ་ནི་རྒྱ་ནག་གི་རྒྱུན་ལྡན་བྱ་སྤྱོད་ཞིག་ཆགས་ཡོད་པ་དང། རྒྱལ་ཚོགས་ཀྱི་འབྲེལ་ཡོད་དམིགས་བསལ་ཁྱད་ལས་རྟོག་ཞིབ་ལས་དོན་ཚོགས་ཆུང་དང་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱིས་རྒྱ་གཞུང་གིས་བོད་མིའི་ཐོག་མནར་གཅོད་གཏོང་བཞིན་པའི་བྱ་སྤྱོད་དག་འཕྲལ་མར་མཚམས་འཇོག་བྱེད་དགོས་པ་དང། ལྷག་པར་དུ་ རྒྱ་གཞུང་གིས་མནར་གཅོད་གཏོང་བཞིའི་འོོག་འདས་གྲོངས་སུ་ཕྱིན་པའི་གོང་སྨོས་བོད་མི་གཉིས་ཀྱི་གནད་དོན་ཐོག་ཕྱི་གསལ་ནང་གསལ་གྱི་ཞིབ་དཔྱོད་མཐིལ་ཕྱིན་པ་ཞིག་གནང་སྟེ་རྒྱ་གཞུང་ནས་འབྲེལ་ཡོད་ནང་མིར་གུན་གསབ་དང་རྒྱ་ནག་གཞུང་གི་བྱ་སྤྱོད་ལ་འགན་འཁྱེར་འཇུག་པ་བཟོ་དགོས་པའི་འབོད་སྐུལ་གནང་འདུགཁོང་གིས་ད་དུང་རྒྱལ་ཚོགས་ཀྱི་སྤྱི་ཚོགས་དང་དཔལ་འབྱོར། རིག་གཞུང་སྲུང་སྐྱོབ་དང་གོང་འཕེལ་ཀྱི་བགྲོ་གླེང་ལས་རིམ་ཐོག་བོད་ནང་རྒྱ་ནག་གཞུང་གིས་འཆར་གཞི་ལྡན་པའི་ངང་བོད་མིའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་གནང་མཁན་ཚོ་བཙན་དབང་གིས་འཛིིན་བཟུང་བཀག་ཉར་དང། གར་སོང་ཆ་མེད་དུ་བཏང་བ། དེ་བཞིན་རྒྱ་གཞུང་གིས་དབུལ་བྲལ་འགག་སྒྲོལ་གྱི་མིང་ཐོག་ནས་བོད་ནང་གི་ཆོས་ཕྱོགས་ཀྱི་གནང་སྒོར་དམ་དྲག་དང། འབྲོག་པ་རྣམས་བཙན་དབང་གིས་གཞི་སྤོས་བཅུག་པ། བཙན་དབང་ཐོག་ནས་དམག་སྦྱོང་རང་བཞིན་གྱི་ངལ་རྩོལ་སྦྱོང་བརྡར་སྤྲོད་བཞིན་པའི་གནས་སྟངས་ཁག་སྙན་སེང་ཞུས་ཡོད་པ་རེད།
ཁོང་གིས་དེང་སྐབས་རྒྱ་གཞུང་གིས་བོད་ཀྱི་ས་ཁུལ་དུ་ཚད་མཐོའི་འཕྲུལ་རིགས་ལག་རྩལ་བེད་སྤྱོད་བརྒྱུད་བོད་ས་ཁྱོན་ཡོངས་ཀྱི་གནས་ཚུལ་ཆ་ཚང་བ་ཞིག་ཤེས་རྟོགས་དཀའ་བ་ཆགས་ཡོད་པ་དང། རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱིས་རྒྱ་ནག་ཐོག་རང་དབང་ཅན་གྱི་ཚོགས་ཆུང་ཞིག་ཆེད་འཛུགས་གནང་སྟེ་རྒྱ་ནག་སྤྱི་དང་སྒོས་བོད་དང་ཤར་ཏུར་ཀིས་ཐན། དེ་བཞིན་ཧོང་ཀོང་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་ཞིབ་འཇུག་གནང་བའི་སྙན་ཐོ་ཞིག་འདོན་སྤེལ་གནང་སྐྱོང་ཡོང་བའི་འབོད་སྐུལ་ཡང་བསྐྱར་ནན་ཞུས་ཡོད།

 

འབྲེལ་ཡོད་གསར་གནས།

གསར་གནས།