Tibetan Royal Year of 2151 | Year of the Wood Dragon

རྒྱ་གཞུང་གིས་ཕྱི་འབྲེལ་ཁྲིམས་གཞི་གསར་པ་ཕྱིར་བསྒྲགས།

Tibetan News Headlines

  • US religious freedom watchdog warns of sinicization and assimilation of Tibetan religious and cultural identities
  • US sanctions 31 China-based companies over Russia
  • Xi Jinping to meet French President Macron and EU Chief in Paris next week
  • CTA begins house allocation programmes for Tibetans not facilitated in the refugee settlements
  • Dharamshala hosts conference on promotion and preservation of Tibetan language

རེས་གཟའ་ཕུར་བུ། ༢༠༢༤།༠༥།༠༢

  • རྒྱ་གཞུང་གིས་བོད་བརྒྱུད་ནང་བསྟན་ལ་དམ་དྲག་བྱེད་ཤུགས་ཆེ་རུ་བཏང་ཡོད་པ་མངོན་གསལ་གནང་འདུག
  • ཨ་རིའི་གཞུང་གིས་རྒྱ་ནག་གི་བཟོ་ཚོང་ལས་ཁང་ ༣༡ ལ་སྲིད་དོན་ཉེས་ཆད་བཀལ་བ།
  • ཞི་ཅིང་ཕིང་གིས་ཕ་རན་སིའི་སྲིད་འཛིན་དང་ཡོ་རོབ་མཐུན་ཚོགས་ཀྱི་གཙོ་འཛིན་ཐུག་འཕྲད་བྱ་འཆར།
  • བོད་མི་སྡོད་ཁང་མེད་པ་རྣམས་ལ་རུབ་སྡོད་གཞིས་སྒར་ནང་སྡོད་ཁང་བགོས་འགྲེམས་ཀྱི་ལས་གཞི་དངོས་སུ་དབུ་འཛུགས།
  • བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དང་དར་འཕེལ་སྐོར་བགྲོ་གླེང་དབུ་འཛུགས།

རྒྱ་ནག་གཞུང་གིས་ཕྱི་ཕྱོགས་དང་འབྲེལ་བའི་ཁྲིམས་གཞི་གསར་པ་ཞིག་གསལ་བསྒྲགས་བྱས་འདུག་པ་དེ་ནི་གཙོ་བོ་ནུབ་ཕྱོགས་རྒྱལ་ཁབ་ཚོས་རྒྱ་ནག་ལ་ཁ་གཏད་ཤུགས་ཆེར་གཅོག་བཞིན་པར་གདོང་ལེན་བྱ་ཆེད་དུ་ཡིན་པར་བཤད་འདུག

རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པར་གཞིགས་ན། ཨ་རི་གཞུང་གིས་ཉེ་བའི་ལོ་ཤས་ནས་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་གྱི་གནད་དོན་དང་འབྲེལ་ཏེ་རྒྱ་ནག་ཐོག་བཞེངས་ཕྱོགས་མཁྲེགས་པོ་འཛིན་ནས་རྒྱ་ནག་གི་འགོ་ཁྲིད་ཁག་ལ་སྲིད་དོན་ཉེས་ཆད་དང་ཚོང་ལས་ཁང་ཁག་ལ་ཚོང་འབྲེལ་བཀག་སྡོམ་གྱིས་དཔལ་འབྱོར་ཉེས་ཆད་འདྲ་མིན་བཏང་སྟེ་ཕྱོགས་གཉིས་དབར་གྱི་འབྲེལ་ལམ་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་པའི་སྐབས་འདིར་རེས་གཟའ་ལྷག་པའི་ཉིན་རྒྱ་གཞུང་གིས་ཕྱི་འབྲེལ་ཐད་ཀྱི་ཁྲིམས་གཞི་གསར་པ་ཞིག་གཏན་འབེབས་བྱས་འདུག

ཁྲིམས་གཞི་དེ་ཉིད་རིང་མིན་ཕྱི་ཟླ་༧ ཚེས་ ༡ ནས་དངོས་སུ་ལག་བསྟར་བྱ་རྒྱུ་ཡིན་པར་མ་ཟད། རྒྱ་གཞུང་གིས་ཁྲིམས་གཞི་གསར་པ་བརྒྱུད་རྒྱལ་སྤྱིའི་ཐོག་རྒྱ་ནག་གི་ཐོབ་ཐང་ཁག་སྲུང་སྐྱོབ་དང་རྒྱ་ནག་རྒྱལ་ཁབ་ཀྱི་བདག་དབང་དང་ཁེ་ཕན་ལ་གནོད་འཚེ་བཟོ་མཁན་ཚོར་ཁྲིམས་ཐོག་ནས་གདོང་ལེན་བྱ་རྒྱུ་རེད་འདུག ཁྲིམས་གཞིའི་ནང་དོན་རྣམས་རྒྱ་ནག་གི་བརྒྱུད་ལམ་ཁག་ཏུ་ཕྱིར་བསྒྲགས་བྱས་ཡོད་པ་རེད།

རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ WangYi ཡིས་ཁྲིམས་གཞི་གསར་པ་དེ་ནི་རྒྱ་ནག་དམར་ཤོག་ཚོགས་པའི་དབང་ཆ་གཅིག་སྡུད་རིང་ལུགས་ཀྱི་ནུས་ཤུགས་སྲ་བརྟན་གཏོང་ཐབས་དང་རྒྱ་ནག་གི་ཕྱི་འབྲེལ་ཐད་ཀྱི་ཆབ་སྲིད་ལ་གལ་གནད་ཆེན་པོ་ཆགས་ཡོད་ཅེས་འགྲེལ་བརྗོད་བྱས་པ་དང་ད་ཆ་རྒྱ་ནག་དེ་ཉིད་ཡར་རྒྱས་འགྲོ་བཞིན་སྟབས་ཕྱོགས་གང་ས་ནས་འགོག་རྐྱེན་འཕྲད་བཞིན་པའི་མཚམས་འདིར་རྒྱ་ནག་ནས་རང་གི་ཐོབ་ཐང་དང་ཁེ་ཕན་སྲུང་སྐྱོབ་ལ་དངོས་གསལ་དོད་པོའི་ཐོག་ནས་ནུས་པ་ཐོན་པ་ཞིག་ཡོང་གི་རེད་ཅེས་བཤད་འདུག

ཨ་རིའི་མཐོ་སློབ་ཀྱི་དབྱེ་ཞིབ་པ་ཞིག་གིས་ AFP གསར་ཁང་ལ་འགྲེལ་བརྗོད་གནང་དོན་ལ། རྒྱ་ནག་གཞུང་གིས་གཏན་འབེབས་བྱས་པའི་ཕྱི་འབྲེལ་ཁྲིམས་གཞི་གསར་པ་དེ་ནི་ཞི་ཅིན་ཕིང་གིས་གཙོ་བོ་ཨ་རིར་དམིགས་ཏེ་རྒྱ་ནག་ཐོག་གི་བཀག་འགོག་ཁག་ལ་གདོང་ལེན་བྱེད་ཐབས་ཤེས་ཤིག་ཡིན་པ་དང་ཁྲིམས་གཞི་དེ་ཆབ་སྲིད་ཀྱི་གོ་གནས་སྲུང་སྐྱོབ་སླད་སྤྱོད་སྲིད་ཀྱང་དོན་དངོས་ཐོག་རྒྱ་གཞུང་གི་ངོས་ནས་རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས། དེ་བཞིན་མང་ཚོགས་ཀྱི་ཁེ་ཕན་སྲུང་སྐྱོབ་སླད་རྒྱལ་སྤྱིའི་འབྲུ་དོན་གང་ཡང་ལག་བསྟར་བྱེད་ཀྱི་མེད་པར་ཟུར་ཟ་གནང་འདུག

ཁྲིམས་གཞི་གསར་པ་དེར་རྒྱ་ནག་རྒྱལ་ཡོངས་མི་མང་འཐུས་མི་ཚོགས་ཆེན་གྱི་ངོས་ནས་མུ་མཐུན་ཆོག་མཆན་ཐོབ་པ་ཞིག་ཡིན་ཅིང་། དེ་ནི་རྒྱ་ནག་དམར་ཤོག་གཞུང་བཙུགས་པ་ནས་བཟུང་སྟེ་ཕྱིའི་རྒྱལ་ཁབ་དང་འབྲེལ་བའི་ཁྲིམས་གཞི་ཟེར་བ་གཏན་འབེབས་བྱས་པ་ཆེས་ཐོག་མ་དེ་ཡིན་པ་རེད།

རྩ་བའི་ཨ་རི་དང་ཡོ་རོབ་མཐུན་ཚོགས་གཙོ་བོར་གྱུར་པའི་རྒྱལ་ཁབ་ཁག་ཅིག་གིས་ཧོང་ཀོང་དང་རྒྱ་ནག་གི་དཔོན་རིགས་མང་དག་ལ་སྲིད་དོན་ཉེས་ཆད་རིམ་པར་བཀལ་ཡོད་པའི་གནད་དོན་ཁྲོད། རྒྱ་ནག་གཞུང་ནས་ཀྱང་ Tit-for-tat sanction ཞེས་ཚུར་སྲིད་དོན་ཉེས་ཆད་བཀལ་ན་ཕར་སྲིད་དོན་ཉེས་ཆད་བཀལ་རྒྱུའི་ཁྲིམས་གཞི་ཁག་ཅིག་གཏན་འབེབས་ཀྱིས་ད་བར་ཨ་རི་དང་ཡུ་རོབ་ཀྱི་གནད་ཡོད་མི་སྣ་མང་པོར་དེ་ལྟ་བུའི་ཉེས་ཆད་བཀལ་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།